ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་དགོངས་པའི་སྐོར་གྱི་དེབ་འདི་བཀྲམ།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

     ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱ་ཆེད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་འབྱུང་ཁམས་ཁོར་ཡུག་པུའུ་ཡིས་སྒྲིག་འཛུགས་རྩོམ་འབྲི་བྱས་པའི《ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》ཞེས་པའི་དེབ་འདི་སློབ་སྦྱོང་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་འབྲེལ་ཐོག་དཔེ་སྐྲུན་བྱས་པ་དང་། དེ་ཉིན་ནས་བཟུང་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་ཡོད་པ་རེད།

    《ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་གི་དྲི་བ་དྲིས་ལན》ཞེས་པའི་དེབ་འདིས་དུས་རབས་གསར་པའི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལག་ལེན་གྱི་གོང་འཕེལ་གོམ་སྟབས་རྗེས་སུ་དམ་པོར་བསྙེགས་པ་དང་། རིགས་པའི་གཞུང་ལུགས་ཀྱི་གླེང་གནད་དང་དཀའ་གནད་ཐོག་གཅིག་སྡུད་བྱས་པ། སྤྱི་ཚོགས་ཀྱིས་དོ་ཁུར་དང་སེམས་ཁུར་བྱེད་པར་ལན་ཆ་བྱས་ཡོད་ཅིང་། དྲི་བ་དྲིས་ལན་གྱི་རྣམ་པའི་ཐོག་ནས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་དགོངས་པའི་དོན་སྙིང་གལ་ཆེན་དང་། ཚན་རིག་དང་མཐུན་པའི་མ་ལག ལྟེ་བའི་དོན་གནད། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ཁྱོན་ཡོངས་དང་རྒྱུད་རིམ་ལྡན་པ། གཏིང་ཟབ་པ་དང་གོ་བདེ་བ་བཅས་ཀྱི་སྒོ་ནས་མངོན་པར་བྱས་ཡོད་པས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་གོ་བ་སྔར་ལས་གཏིང་ཟབ་བླངས་ནས། དེ་བས་རང་འགུལ་ངང་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་སྣེ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ལ་རོགས་རམ་ཐུབ་རྒྱུ་རེད།《དྲི་བ་དྲིས་ལན》དེ་ནི་ཁྱོན་རྣམ་དབྱེ་10ལ་དབྱེ་ཡོད་པ་དང་། དྲི་བ་50ཡོད་ཅིང་། ནང་དོན་ཕུན་སུམ་ཚོགས་པ་དང་རྣམ་པ་གསར་རྐྱང་། ཡིག་རིས་གཉིས་འཛོམས། གོ་བདེ་ཤེས་སླ་བས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། མང་ཚོགས་བཅས་ཀྱིས་ཞི་ཅིན་ཕིང་གི་འབྱུང་ཁམས་ཤེས་དཔལ་དགོངས་པ་སློབ་སྦྱོང་དང་ལག་ལེན་བསྟར་བའི་རམ་འདེགས་ཀློག་དེབ་ཅིག་ཡིན།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།