ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ་དང་། ཁོང་དུ་ཡང་དག་ཆུད་པ། དམིགས་སར་འཁྱོལ་ཐུབ་པ་བཅས་བྱ་ཆེད། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་རགས་གླེང》ཞེས་པའི་དེབ་དེ་སྒྲིག་འཛུགས་རྩོམ་སྒྲིག་བྱས་པ་དང་། ཏང་འཛུགས་ཀློག་དེབ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་དེ་རིང་ནས་བཟུང་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱས་ཡོད་པ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྱོང་བྱེད་དགོས་པ་དང་། ཡུན་རིང་སྲིད་སྐྱོང་བའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་ཇི་ལྟར་འཛུགས་སྐྱོང་བྱེད་དགོས་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་ལ་དམིགས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བརྗོད་དོན་གཙོ་བོའི་གཙོ་ཐིག་འབུར་དུ་ཐོན་པར་བྱས་ཏེ། ཏང་དོ་དམ་དང་ཏང་བཅོས་སྐྱོང་། ཏང་དར་སྤེལ་དང་ཏང་སྟོབས་ཆེར་གཏོང་བའི་འདུ་ཤེས་གསར་པ་དང་དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་གྲུབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ་དང་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་དང་། གསར་གཏོད་རང་བཞིན་གྱི་གྲུབ་འབྲས་རབ་དང་རིམ་པར་བརྟེན་ནས་མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་སྐྱོང་གཞུང་ལུགས་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་ཆེན་པོ་བཏང་ཡོད་ཅིང་། དེའི་ཐོག་ནས་རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་སྲིད་འཛིན་ཏང་གི་འཛུགས་སྐྱོང་ཆོས་ཉིད་ལ་ངོས་འཛིན་བྱེད་ཚད་མཐོ་ཚད་གསར་པ་ཞིག་ཏུ་སླེབས་པ་མཚོན་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གྲུབ་པའི“ཏང་འཛུགས་སྐྱོང་སྐོར་གྱི་ནང་དོན”དེས། དུས་རབས་གསར་པར་ཏང་འཛུགས་སྐྱོང་གི་རླབས་ཆེན་ལས་གྲྭ་གསར་པར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་རྩ་འཛུགས་ལས་དོན་ལེགས་པར་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
《རགས་གླེང》ནི་གླེང་གཞི་དང་། གཙོ་དོན། མཇུག་བྱང་བཅས་གསུམ་ལས་གྲུབ་ཡོད། དེབ་དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་གྱི་དོན་སྙིང་གཙོ་བོ་དང་། དགོངས་དོན་གྱི་སྙིང་པོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ལ་གོ་རིམ་ལྡན་པའི་སྒོ་ནས་གསལ་འགྲེལ་བྱས་ཡོད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་འཛུགས་སྐྱོང་ཁྱབ་ཁོངས་སུ་ཐོན་པའི་གསར་གཏོད་རང་བཞིན་གྱི་ནུས་པ་ཕྱོགས་ཡོངས་ནས་མཚོན་ཡོད་པས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་བྱེད་པ་དང་གོ་བ་གཏིང་ཟབ་ལེན་པའི་ཁུངས་བཙན་གྱི་རམ་འདེགས་ཀློག་དེབ་ཅིག་ཡིན།