མཚོ་སྔོན(པེ་ཅིན)ཚན་རྩལ་གསར་གཏོད་རྟེན་གཞིས་བཅའ་སྡོད་ཁེ་ལས་སྐོར་དང་པོ་བསུས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

 ཟླ11པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་དང་ཀྲུང་ཀོན་སྡེ་བའི་ཚན་རྩལ་གླིང་གི་ཧྥེང་ཐའེ་གླིང་དོ་དམ་ཨུ་ལྷན། པེ་ཅིན་ཧྥེང་ཐའེ་གྲོང་ཁྱེར་གྲངས་འཛིན་ཚན་རྩལ་ཚོགས་སྒྲིལ་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་བདེན་དཔང་བྱས་འོག  མཚོ་སྔོན(པེ་ཅིན)ཚན་རྩལ་གསར་གཏོད་རྟེན་གཞིའི་བཅའ་སྡོད་ཁེ་ལས་སྐོར་དང་པོའི་མིང་རྟགས་འགོད་པའི་མཛད་སྒོ་དེ་པེ་ཅིན་གྲོང་ཁྱེར་ཀྲུང་ཀོན་སྡེ་བའི་ཚན་རྩལ་གླིང་གི་ཧྥེང་ཐའེ་གླིང་དུ་འཚོགས་ཤིང་། དེས་མཚོ་སྔོན(པེ་ཅིན)ཚན་རྩལ་གསར་གཏོད་རྟེན་གཞི་འཛུགས་སྐྲུན་བྱེད་པ་དེ་དོན་དངོས་རང་བཞིན་གྱི་འཕེལ་རྒྱས་དུས་མཚམས་སུ་སླེབས་པ་མཚོན་ཡོད། 

པེ་ཅིན་ཀྲེན་ཞང་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་དང་པེ་ཅིན་ཀྲུང་ཧུང་ལན་ཧའེ་ཕྱུགས་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་དེ་བཅའ་སྡོད་ཁེ་ལས་སྐོར་དང་པོ་ཡིན་པའི་ཆ་ནས། མཚོ་སྔོན(པེ་ཅིན)ཚན་རྩལ་གསར་གཏོད་རྟེན་གཞིའི་ཞབས་ཞུའི་སྒྲིག་གཞི་སྟེ་མཚོ་སྔོན་ཞིང་ཆེན་ཐོན་སྐྱེད་ནུས་ཤུགས་སྐུལ་འདེད་ལྟེ་གནས་ཚད་ཡོད་ཀུང་སི་དང་བཅའ་སྡོད་གྲོས་མཐུན་བཞག་པ་རེད། དེའི་ཁྲོད། པེ་ཅིན་ཀྲེན་ཞང་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི་ཆིང་ཧྭ་སློབ་ཆེན་གྱི་ཆིང་ཁུང་ཚོགས་སྒྲིལ་དང་ཧྲེན་ཀྲེན་གྲོང་ཁྱེར་ཧྥང་ཀྲི་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིས་མཉམ་དུ་མ་དངུལ་བཏང་བའི་པེ་ཅིན་གྲོང་ཁྱེར་གྱི་ཆེད་ལས་དམིགས་བསལ་ཁེ་ལས་གསར་པ་དང་།པེ་ཅིན་གྲོང་ཁྱེར་གྱི་འཕེལ་ཚད་མགྱོགས་པའི་ཁེ་ལས།རྒྱལ་ཁབ་ཀྱི་མཐོ་གསར་ལག་རྩལ་ཁེ་ལས།ཀྲུང་ཀོན་སྡེ་བའི་མཐོ་གསར་ལག་རྩལ་ཁེ་ལས་བཅས་ཡིན་པ་དང་།ཆེད་དོན་ཁེ་དབང་དང་རྩོམ་གྱི་བདག་དཔང45བདག་ཏུ་བཟུང་ཡོད་པས། བློ་རིག་སློབ་གསོའི་ཁྱབ་ཁོངས་སུ་འགྲན་རྩོད་ནུས་པ་དང་འཚར་འབྱུང་གི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་རེད། པེ་ཅིན་ཀྲུང་ཧུང་ལན་ཧའེ་ཕྱུགས་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི་ཀྲུང་གོ་ཧྭ་ནེང་ཚོགས་སྒྲིལ་ལྗང་མདོག་སོལ་གློག་ཚད་ཡོད་ཀུང་སིའི་ཁོངས་གཏོགས་ཀྱི་རྒྱལ་དབང་ཚན་རྩལ་ཁེ་ལས་ཤིག་ཡིན་པ་དང་།མཚོ་སྔོན་གྱི་རྒྱལ་ཁབ་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་སྐྱེ་དངོས་ཐོན་ལས་གླིང་ཁུལ་གྱིས2024ལོར“མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི”སྟེང་གན་རྒྱ་བཞག་ནས་ནང་འདྲེན་བྱེད་པའི་ཁེ་ལས་ཤིག་ཡིན་པས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ལས་དང་དྭངས་གཙང་ནུས་ཁུངས་སོགས་ཁྱབ་ཁོངས་སུ་འཚར་འབྱུང་གི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་པ་རེད།

མཚོ་སྔོན(པེ་ཅིན)ཚན་རྩལ་གསར་གཏོད་རྟེན་གཞི་ནི་མཚོ་སྔོན་གྱིས་ཞིང་ཆེན་ཕྱི་ནས་བསྐྲུན་པའི་ཚན་རྩལ་གསར་གཏོད་དང་པོ་དེ་ཡིན་ལ། མཚོ་སྔོན་གྱིས་པེ་ཅིན་གྲོང་ཁྱེར་དང་ཚན་རྩལ་གསར་གཏོད་སྒོ་འབྱེད་དང་མཉམ་ལས་སྤེལ་རེས་སྔར་བས་ཟབ་ཏུ་གཏོང་བའི་ཞིབ་ཕྲའི་དམ་འཛིན་བྱ་གཞི་ཞིག་ཀྱང་རེད། བཅའ་སྡོད་ཁེ་ལས་གཉིས་ཀྱི་འགན་འཁུར་པས་མཚོ་སྔོན(པེ་ཅིན)ཚན་རྩལ་གསར་གཏོད་རྟེན་གཞིས་མཁོ་འདོན་བྱས་པའི་གཟིགས་སྐྱོང་སྲིད་ཇུས་དང་། འཐུས་སྒོ་ཚང་བའི་སྒྲིག་བཀོད་ཆ་ཚང་། དེ་མིན་འཕེལ་རྒྱས་ཀྱི་མདུན་ལྗོངས་ཆེན་མོ་བཅས་ཀྱིས་ཁེ་ལས་ལ་འགུག་ཤུགས་ཆེན་པོ་ལྡན་པར་བྱས་ཡོད། ཁེ་ལས་བཅའ་སྡོད་བྱས་རྗེས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། མིའི་ཐབས་ཀྱི་རིག་ནུས་སློབ་གསོ་གཏོང་བ་དང་། ནུས་ཁུངས་གཙང་མ་དང་ཆ་འཕྲིན་ཅན་གྱི་འཕེལ་རྒྱས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་སོགས་ཀྱི་ཕྱོགས་ལ་དམིགས་ནས། སྔོན་ཐོན་ལག་རྩལ་ཞིབ་སྤེལ་དང་གསར་གཏོད་འཇོན་མི་གསོ་སྐྱོང་། སྔོན་ཐོན་གྲུབ་འབྲས་གཞན་སྒྱུར་བཅས་བྱས་ཏེ། མཚོ་སྔོན་གྱི་ཐོན་ཁུངས་ལེགས་ཆ་དང་པེ་ཅིན་གྱི་ཚན་རྩལ་ལེགས་ཆ་ཟུང་འབྲེལ་གྱིས་མཚོ་སྔོན་གྱི་ཐོན་ལས་རིམ་སྤོར་དང་གསར་གཏོད་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་ཞབས་འདེགས་ཞུ་རྒྱུ་ཡིན་ཞེས་བཤད། ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།