ཟླ11པའི་ཚེས28ཉིན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཞི་རིམ་སུའོ་ཡིས་ཟི་ལིང་གྲོང་ཁྱེར་དུ་ནུབ་རྒྱུད་ས་ཁུལ་ཁྱིམ་ཚང་སྨན་པའི་ཆིངས་འཇོག་ཞབས་ཞུ་ལས་དོན་ཡུལ་དངོས་སྐུལ་འདེད་ཚོགས་འདུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་དང་ཀྲའེ་ཅང་ཞིང་ཆེན། ཅང་ཞི་ཞིང་ཆེན། ཀན་སུའུ་ཞིང་ཆེན་སོགས་འབྲེལ་ཡོད་ས་གནས་ཀྱི་ཁྱིམ་ཚང་སྨན་པའི་ཆིངས་འཇོག་ཞབས་ཞུ་ལས་དོན་ཉམས་མྱོང་བརྗེ་རེས་ཁྱབ་གདལ་བཏང་སྟེ། ཁྱིམ་ཚང་སྨན་པའི་ཞབས་ཞུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་བྱེད་ཐབས་ལ་བགྲོ་གླེང་སྐུལ་འདེད་བཏང་།
2017ལོའི་ཟླ7པར། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ཁྱིམ་ཚང་སྨན་པའི་ཆིངས་འཇོག་ཞབས་ཞུ་ལས་དོན་ཁྱབ་གདལ་བཏང་། 2023ལོ་ནས་བཟུང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་རྒྱ་སྐྱེད་དྲུག་གི་སྤྱིའི་བླང་བྱར་དམིགས་པ་དང་། མཚོ་སྔོན་གྱིས་མཐོང་ཆེན་དྲུག་འབད་པས་དངོས་སྒྲུབ་བྱས་པ། ནད་གསོ་ལྟེ་བ་ཡིན་པ་ནས་མི་དམངས་ཀྱི་བདེ་ཐང་ལྟེ་བ་ཡིན་པར་འགྱུར་བར་སྐུལ་འདེད་བཏང་སྟེ། རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་བདེ་ཐངས་དགོས་མཁོ་ཕན་ནུས་ལྡན་པར་བསྐངས། མིག་སྔར་བར་དུ། ཞིང་ཆེན་ཡོངས་སུ་ཁྱིམ་ཚང་སྨན་པའི་ཞབས་ཞུ་དཔུང་ཁག2308སྒྲིག་འཛུགས་བྱས་པ་དང་། ཆིངས་འཇོག་བྱས་པའི་སྤྱིའི་མི་གྲངས་ཁྲི415.63ཡོད་པ་དང་། ཆིངས་འཇོག་ཁེབས་ཚད69.85%ལ་སླེབས། གཙོ་གནད་མི་ཚོགས་ཆིངས་འཇོག་བྱས་པ་མི་ཁྲི176.25ཡོད་པ་དང་། ཆིངས་འཇོག་ཁེབས་ཚད86.84%ལ་སླེབས། ལོ65ཡན་གྱི་རྒྱུན་སྡོད་སྡོད་དམངས་ཆིངས་འཇོག་བྱས་པ་མི་ཁྲི48.82ཡོད་པ་དང་། ཆིངས་འཇོག་ཁེབས་ཚད82.92%ལ་སླེབས། ཞེས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་པས་ཚོགས་ཐོག་ནས་དེ་ལྟར་ངོ་སྤྲོད་བྱས།
ཉེ་བའི་ལོ་འགའི་རིང་ལ། མཚོ་སྔོན་གྱིས་ཞབས་ཞུ་མཁོ་སྤྲོད་རྒྱ་སྐྱེད་ལ་མཐོང་ཆེན་བྱས་ཏེ། ལག་རྩལ་དགེ་མཚན་བཏོན། གཞི་རིམ་སྨང་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་ཡུལ་ཁོངས་ཀྱི་རིམ་པ་གཉིས་པ་དང་གསུམ་པའི་སྨན་ཁང་ལ་འགུལ་རྣམ་མཉམ་ལས་མཐུན་སྦྱོར་གྱི་འབྲེལ་བ་བཙུགས་པ་དང་། ཆེད་ལས་ཚན་ཁག་གི་སྨན་པ་དུས་གཏན་འཁེལ་གྱིས་གཞི་རིམ་དུ་གདེན་དྲངས་ཏེ། སྒོ་བསྟེན་ལ་མཉམ་འབྲེལ་དང་སློབ་ཁྲིད་བྱེད་པ། ཆིངས་འཇོག་བཅས་ཀྱི་ཞབས་ཞུ་སྤེལ། ཆེད་ལས་ཚན་ཁག་འཛུགས་པར་ཤུགས་སྣོན་རྒྱུར་མཐོང་ཆེན་བྱས་ཏེ། ཞབས་ཞུའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་། སྨན་ཁང་གཅིག་ལ་སྲིད་ཇུས་གཅིག་བསྟར་བར་ཤུགས་འདོན་པ་དང་། རྒྱ་བོད་གསོ་རིག་སྨན་རྫད་དང་ནད་གསོ། བདེ་འཇམ་བཅོས་སྐྱོང་སོགས་ཁྱད་ལྡན་ཚན་ཁག་འཛུགས་པར་ཤུགས་བསྣན་ནས། སྒེར་གཤིས་ཅན་གྱི་ཆིངས་འཇོག་ཞབས་ཞུའི་ནང་དོན་ཁ་གསབ་བྱས་པ། སྡེ་ཁག་བར་གྱི་མཉམ་ལས་མཐུན་སྦྱོར་ལ་མཐོང་ཆེན་བྱས་ཏེ། འགན་ལེན་ལམ་སྲོལ་འཐུས་ཚང་བཙུགས་པ། ནོར་སྲིད་དང་མི་དོན་སྤྱི་ཚོགས། སྨན་བཅོས་འགན་ལེན་སྡེ་ཁག་བཅས་དང་མཐུན་སྦྱོར་སྒོས་ལས་དོན་ལམ་སྲོལ་འཐུས་ཚང་དུ་བཏང་བ་དང་། ཆིངས་འགོད་ཞབས་ཞུའི་རིན་སྡུད་ཚད་གཞི་གཏད་འབེབས་གསལ་པོར་བྱས་པ། རྨང་གཞིའི་ཞབས་ཞུ་ཁུག་མ་སྤྱོད་པའི་ཞོར་ལ་རིན་འཕར་ཞབས་ཞུར་ལག་རྩལ་གྱི་རིན་ཐང་མངོན་པར་བྱས་པ། སྨན་བཅོས་འགན་ལེན་ཐེབས་རྩའི་འགན་ལེན་ཆེ་ཤོས་སུ་གཏོང་བར་སྐུལ་འདེད་བཏང་སྟེ། ཁྱིམ་ཚང་སྨན་པའི་ལས་དོན་གྱི་ཡར་བརྩོན་རང་བཞིན་ཆེས་ཆེར་བསྐྱེད།
ཡུལ་ཁོངས་ཁྱད་ཆོས་དང་དགོས་མཁོ་མཐོང་ཆེན་བྱས་ཏེ། རང་སྟེང་གི་དགེ་མཚན་འདོན་རྒྱུ། རྒྱ་བོད་གསོ་རིག་གི་བེད་སྤྱོད་འོས་པའི་ལག་རྩལ་དེ་ཁྱིམ་ཚང་སྨན་པའི་ཆིངས་འཇོག་ཞབས་ཞུའི་ནང་དོན་གལ་ཆེན་གྲས་ཤིག་ཏུ་འཇོག་རྒྱུ་ཡིན་པ་དང་། རིམ་དབྱེ་ནད་བརྟག་སྨན་བཅོས་ལམ་ལུགས་འཛུགས་སྐྲུན་ལ་རོགས་སྐུལ་བྱ་རྒྱུ་རེད། ཞིང་ཆེན་ཡོངས་ཀྱི་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ལ་རྒྱ་བོད་གསོ་རིག་སྨན་བཅོས་ཁང་གིས་ཡོངས་སུ་ཁེབས་པར་བྱ་རྒྱུ་དང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་དང་ཤང་གྲོང་འཕྲོད་བསྟེན་གླིང་དུ་རྒྱ་བོད་གསོ་རིག་སྨན་རྫས་ཞབས་ཞུ100%ཡིས་འདོན་སྤྲོད་བྱ་རྒྱུ་རེད། མཇུག་འབྲས་བེད་སྤྱོད་དཔྱད་འཇོག་ལ་མཐོང་ཆེན་བྱས་ཏེ། ཚད་ཤིང་ཕན་ཕྱོད་འབུར་དུ་དོད་རྒྱུ། ཁྱིམ་ཚང་སྨན་པའི་བྱས་འབྲས་དཔྱད་ཞིབ་དེ་ཕྱོགས་བསྡུས་སྨན་བཅོས་བཅོས་སྒྱུར་གྱི་གཙོ་གནད་ལས་དོན་ལས་འགན་དུ་བསྡུ་རྒྱུ་དང་། བྱས་འབྲས་དཔྱད་ཞིབ་ཕྱོགས་སྟོན་ནུས་པར་བརྟེན་ནས། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཡིས་བསྟུད་མར་ཆིངས་འཇོག་ཞབས་ཞུའི་ནུས་པ་མཐོར་འདེགས་པ་དང་ཞབས་ཞུའི་སྤུས་ཚད་ལེགས་སྒྱུར་བྱེད་པར་སྐུལ་འདེད་གཏང་རྒྱུ་རེད། མང་ཚོགས་ཀྱི་ཡིད་ཚིམ་ཚད་ལ་མཐོང་ཆེན་བྱས་ཏེ། ཞབས་ཞུའི་ཁེབས་རྒྱ་བསྐྱེད་རྒྱུ། སྨན་ཁང་ནང་ཁུལ་གྱི་སྨན་བཟོ་སྨན་སྡེབ་ཁྱབ་ཁོངས་རྒྱ་སྐྱེད་པ་དང་སྒོ་བསྟེན་ཁང་ལ་མཉམ་འབྲེལ་སྒོས་ས་གཞན་ནས་སྨན་བླངས་ཆོག་པ། ཞག་སྡོད་ནད་པས་རྩིས་སྤྲོད་ཕྲེང་བ་མུ་མཐུད་དུ་རྩིས་ཆོག་པ་སོགས་བྱེད་ཐབས་སྣ་མང་གིས་སྡོད་དམངས་ཀྱི་ཆིངས་འཇོག་རེ་འདུན་ཇེ་དྲག་ཏུ་བཏང་སྟེ། མང་ཚོགས་ལ་རྒྱུད་ཁོངས་མཐུད་འབྲེལ་དང་སྤུས་ལེགས་ཕྱོད་མཐོའི་བདེ་ཐང་ཞབས་ཞུ་སྟོབས་ཤུགས་ཡོད་རྒུས་འདོད་སྤྲོད་བྱ་རྒྱུ་རེད། །