མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་གཙོ་སྒྲུབ་བྱས་པའི“མཚོ་སྔོན་པོ་དྲ་བ”རྟགས་མའི་དྲ་ལམ་སྒྱུར་རྩོམ་འགྲན་བསྡུར་སྐབས་དང་པོའི་མཇུག་འབྲས་སྤྱི་ཟླ11པའི་ཚེས28ཉིན་དངོས་སུ་ཁྱབ་བསྒྲགས་བྱས།
འགྲན་བསྡུར་འདི་འདྲ་ཞིག་གཉེར་བའི་ཐོག་མའི་དམིགས་ཡུལ་ནི“ལོ་ཙཱའི་སྟོབས•ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པ”བརྗོད་གཞིར་བཟུང་སྟེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར༧༥ལོན་པར་རྟེན་འབྲེལ་ཞུ་བ་དང་ལོ་ཙཱའི་འབྲེལ་ཟམ་འདི་བརྒྱུད་ནས་ལོ་རྒྱུས་དང་དེང་རབས་ཟུང་འབྲེལ་བྱས་ཏེ། རིག་གནས་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ། ཀྲུང་ཧྭ་མི་རིགས་ཀྱི་རྒྱུ་མང་གཞི་གཅིག་གི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱ་རྒྱུ་དེ་ཡིན།
དཔྱད་འདེམས་ཚོགས་པས་དྲང་བདེན་རང་བཞིན་དང་ཁྲིད་ཕྱོགས་རང་བཞིན། དབང་གྲགས་རང་བཞིན་བཅས་ལ་བརྩི་སྲུང་དམ་པོ་བྱས་ནས་ཐེངས་འདིའི་སྒྱུར་རྩོམ་དཔྱད་འདེམས་ཀྱི་གོ་རིམ་ཁྲོད“མཐུན་བདེ་སྙན”གསུམ་གྱི་ལོ་ཙཱའི་རྩ་དོན་གཞིར་བཟུང་སྟེ། འགྱུར་ཡིག་གི་སྐད་ཆའི་ཚད་ལྡན་རང་བཞིན་དང་མ་ཡིག་ལས་མངོན་པའི་རིག་གནས་རྒྱབ་ལྗོངས་སྔོག་འདོན། རྩོམ་ཉམས་བསྐྱར་མཚོན། རིག་གནས་འཕྲོད་མཐུན་རང་བཞིན་སོགས་ཕྱིར་མངོན་ཡོད་མེད་གཙིགས་སུ་བཟུང་ནས་ཕུལ་བྱུང་བརྩམས་ཆོས་དཔྱད་འདེམ་བྱས་པ་རེད།
ཐེངས་འདིའི་དྲ་ལམ་སྒྱུར་རྩོམ་འགྲན་བསྡུར་ནི2024ལོའི་ཟླ8ཚེས20ཉིན་ནས་ཟླ10ཚེས30ཉིན་བར་ཏེ་བསྡོམས་པས་ཟླ་ངོ་གཉིས་དང་ཉིན་བཅུ་ཡིན། འདིའི་རིང་པེ་ཅིང་དང་བོད་ལྗོངས། མཚོ་སྔོན། སི་ཁྲོན། ཀན་སུའུ་སོགས་ཡུལ་གྲུ་སོ་སོ་ནས་འགྱུར་རྩོམ182སྐུར་འབྱོར་བྱུང་། སྤྱི་ཟླ11པའི་ཚེས11ཉིན་ཐོག་མའི་དཔྱད་འདེམས་ཀྱི་གྲོས་ཚོགས་བསྡུས་པ་དང་། འགྲན་སྡུར་དྲང་བོ་དྲག་གཞག་ཡོང་རྒྱུར་འགན་ལེན་བྱ་ཆེད་ཆེད་ལས་ལོ་ཙཱའི་མི་སྣ་དཔྱད་འདེམས་པར་གདན་ཞུ་བྱས་པ་དང་། སྐུར་འབྱོར་བྱུང་བའི་འགྱུར་རྩོམ་དག་ལས་སྒྱུར་མཁན་གྱི་མིང་ཡིག་སོགས་ཆ་འཕྲིན་གང་ཡང་མི་གསལ་བར་བྱས་རྗེས་རེ་རེ་བཞིན་དཔྱད་འདེམས་པ་དག་ལ་སྤྲད་དེ་ཐོག་མའི་དཔྱད་འདེམས་བྱས། དཔྱད་འདེམས་པ་དག་གིས་ཀྱང་གཟའ་འཁོར་གཉིས་ལྷག་རིང་གཟབ་ནན་ཞིབ་ཚགས་ཀྱིས་འགྱུར་རྩོམ་དག་བཀླགས་པ་བརྒྱུད་བསྐྱར་འདེམས་ཁྲོད་རྩོམ་ཡིག18བདམས། སྤྱི་ཟླ11པའི་ཚེས26ཉིན་དཔྱད་འདེམས་པའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཏེ་མཐའ་མའི་དཔྱད་འདེམས་བྱས་མཐར་ཨང་དང་པོ་གཅིག་དང་ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ། ཕུལ་བྱུང་བྱ་དགའ་ལྔ་བཅས་རྩོམ་ཡིག11ཐེངས་འདིའི་དྲ་ལམ་སྒྱུར་རྩོམ་འགྲན་བསྡུར་ཁྲོད་བདམས་ཐོན་བྱུང་བ་རེད།
བྱ་དགའ་ཐོབ་མཁན་གྱི་མིང་ཐོ།