《མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི“ཆེས་ལེགས་པའི་དུས་དེབ་བཅུ”འོས་སྦྱོར་བྱ་འགུལ་སྤེལ་བའི་སྐོར་གྱི་གསལ་བརྡ》གཞིར་བཟུང་སྟེ། ཞི་ཅིན་ཕིང་གི་རིག་གནས་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་གཏིང་ཟབ་ཏུ་སྤེལ་བ་དང་། མུ་མཐུད་དུ་དུས་དེབ་ལས་དོན་ཡར་རྒྱས་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་ཆེད། ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི“ཆེས་ལེགས་པའི་དུས་དེབ་བཅུ”འོས་སྦྱོར་བྱ་འགུལ་སྤེལ། དུས་དེབ་གཙོ་གཉེར་དང་གཙོ་སྒྲུབ་ལས་ཁུངས་ཀྱིས་འོས་སྦྱོར་བྱས་ཤིང་། ཞིང་ཆེན་གསར་འགྱུར་དཔེ་སྐྲུན་ཅུས་ཀྱིས་དཔྱད་སྡུར་བྱས་ལ། ཆེད་མཁས་པས་དཔྱད་འདེམ་དང་སྤྱི་ཚོགས་སྟེང་ཡོངས་བསྒྲགས་བཅས་བྱས་ཏེ།《མཚོ་སྔོན་སྤྱི་ཚོགས་ཚན་རིག》དུས་དེབ(རྒྱ་ཡིག་པར་མ)དང་། 《ཀྲུང་གོའི་མཐོ་སྒང་གསོ་རིག་དང་སྐྱེ་དངོས་རིག་པའི་དུས་དེབ》(རྒྱ་ཡིག་པར་མ) 《སྦྲང་ཆར》སོགས་དུས་དེབ་བཅུ་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི“ཆེས་ལེགས་པའི་དུས་དེབ་བཅུ”ཡི་གྲས་སུ་བདམས་ཐོན་བྱུང་།