ཀྲུང་གོར་མ་གཏོགས་མེད་པའི་རྟེན་གཞི་ཞིག་མཚོ་སྔོན་དུ་ཚོད་ལྟ་བྱེད་འགོ་ཚུགས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

གསར་འགོད་པས་མཚོ་སྔོན་ལིན་ཧུའུ་ཚན་རིག་གསར་གཏོད་གླིང་དོ་དམ་ཨུ་ལྷན་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ཀྲུང་ཧྲན་སློབ་ཆེན་གྱི་ལི་སྨི80ཡི་རྒྱང་ཤེལ་སྤྱོད་པའི་མཛད་སྒོ་དེ་ཚེས15ཉིན་ཀྲུང་ཧྲན་སློབ་ཆེན་ཀྲུའུ་ཧའེ་སློབ་ཁུལ་དུ་འཚོགས་པ་དང་། དེ་ནི་ཀྲུང་གོའི་མིག་སྔར་ལྟ་ཞིབ་ཚད་ལེན་དང་ཚོད་ལྟའི་འཁོར་སྐྱོད་བྱེད་པའི་རྩིག་རྨང་དམར་ཕྱིའི་གནམ་དཔྱད་ཀྱི་རྒྱང་ཤེལ་ཁོ་ན་རེད།       

པར་རིས་འདི་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ལིན་ཧུའུ་གྲོང་རྡལ་གསེར་ཐང་རི་བོར་གནས་པའི་ཀྲུང་ཧྲན་སློབ་ཆེན་གྱི་ལི་སྨི80ཅན་གྱི་དམར་ཕྱིའི་རྒྱང་ཤེལ་ཡིན།   (མཚོ་སྔོན་ལིན་ཧུའུ་ཚན་རྩལ་གསར་གཏོད་གླིང་ཁུལ་དོ་དམ་ཨུ་ལྷན་གྱིས་པར་རིས་མཁོ་འདོན་བྱས་པ། ) 

ངོ་སྤྲོད་བྱས་པ་ལྟར་ན། ཀྲུང་ཧྲན་སློབ་ཆེན་དངོས་ཁམས་དང་གནམ་དཔྱད་སློབ་གླིང་གིས་དམར་ཕྱིའི་གནམ་དཔྱད་ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་ཀྱི་ཀྲུང་གོའི་ཞན་ཆར་དམིགས་ཏེ་དམར་ཕྱིའི་རྒྱང་ཤེལ་ལི་སྨི80ཡོད་པའི་རྣམ་གྲངས་བཏོན།     2023ལོར་ཀྲུང་ཧྲན་སློབ་ཆེན་གྱི་རྣམ་གྲངས་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ནང་ཁུལ་གྱི་ཚན་པའི་ངོས་ནས་ནུས་ཤུགས་ཡོད་རྒུས་རྒྱང་ཤེལ་དང་མཐའ་སྣེའི་པར་ཆས་ཞིབ་བཟོ་བྱས་པ་དང་།     ཚད་ལེན་ཚོད་ལྟ་ཞིབ་ཕྲ་བྱས་རྗེས་རྒྱང་ཤེལ་དེ་ད་ལྟ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ལིན་ཧུའུ་གྲོང་རྡལ་གསེར་ཐང་རི་བོར་བདེ་བླག་ངང་སྒྲིག་སྦྱོར་བྱས་ཡོད། 

ཟླ10པའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་ལིན་ཧུའུ་གྲོང་རྡལ་གསེར་ཐང་རི་བོར་གནས་པའི་ཀྲུང་ཧྲན་སློབ་ཆེན་གྱི་དམར་ཕྱིའི་རྒྱང་ཤེལ་ལི་སྨི80ཅན་གྱིས་ལྟ་ཞིབ་ཚད་ལེན་བྱེད་བཞིན་ཡོད།     (མཚོ་སྔོན་ལིན་ཧུའུ་ཚན་རྩལ་གསར་གཏོད་གླིང་ཁུལ་དོ་དམ་ཨུ་ལྷན་གྱིས་པར་རིས་མཁོ་འདོན་བྱས་པ།) 

ལིན་ཧུའུ་གནམ་གཤིས་ལྟ་དཔྱད་ཚད་འཇལ་རྟེན་གཞི་དེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་ཁུལ་མང་ངེ་གྲོང་ཁྱེར་ལིན་ཧུའུ་གྲོང་རྡལ་གསེར་ཐང་རི་བོའི་ས་ཁོངས་སུ་གནས་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི4000ཙམ་ཟིན་ཡོད།     དུས་འགོར་ལྟ་ཞིབ་ཚད་ལེན་ཐེངས་མང་བྱས་པ་བརྒྱུད་ཀྲུང་གོ་དང་ཕྱི་རྒྱལ་གྱི་གནམ་དཔྱད་ལས་རིགས་ཀྱིས་མཚོ་སྔོན་ལིན་ཧུའུ་གསེར་ཐང་རི་བོར་ས་ཁམས་གནས་ཡུལ་དང་།    གནམ་གཤིས།    མཁའ་རླུང་གཙང་ཚད།    ས་བབ་མཐོ་ཚད་སོགས་ཀྱི་ཐད་གནམ་དཔྱད་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱེད་པའི་དམིགས་བསལ་གྱི་ལེགས་ཆ་ལྡན་པས་འོད་རིག་དང་། དམར་ཕྱིའི་གནམ་དཔྱད་སྒྲིག་ཆས་ཆེན་པོ་ལ་ཚན་རིག་ཞིབ་འཇུག་བྱེད་པའི་དགོས་མཁོ་རྦད་དེ་སྐོང་ཐུབ་པར་ངོས་འཛིན་བྱས།    མཚོ་འཁྱག་སྟེགས་བུའི་ཐོག་ཀྲུང་གོའི་འོད་རིག་དང་གནམ་རིག་ལྟ་དཔྱད་ཚད་འཇལ་འཕེལ་རྒྱས་ཀྱི་འགག་སྒོ་ལས་བརྒལ་བ་དང་།    སའི་གོ་ལའི་ཕྱེད་ཤར་མའི་འཛམ་གླིང་རིམ་པའི་འོད་རིག་དང་གནམ་རིག་ལྟ་དཔྱད་ཚད་འཇལ་སྟེགས་བུའི་སྟོང་ཆ་བསྐངས་ནས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་ཆ་ཚང་བའི་དུས་ཁོངས་དང་། བར་སྣང་ཁྱབ་ཁོངས་ཀྱི་ལྟ་དཔྱད་ཚད་འཇལ་དྲ་རྒྱ་གྲུབ་སྟེ་རྒྱལ་སྤྱིའི་འོད་རིག་དང་གནམ་རིག་འཕེལ་རྒྱས་ལ་སྐུལ་འདེད་གཏང་བར་གལ་འགངས་ཤིན་ཏུ་ཆེ་བའི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་ཧ་ཅང་དཀོན་པོ་མཁོ་འདོན་བྱས་ཡོད། 

ཀྲུང་ཧྲན་སློབ་ཆེན་དངོས་ཁམས་དང་གནམ་དཔྱད་སློབ་གླིང་གི་ཡོན་ཀྲང་དབྱང་ཧྲན་ཆིང་གིས་འདི་སྐད། རྣམ་གྲངས་དེ་ནི་ཀྲུང་ཧྲན་སློབ་ཆེན་བསྐྱར་དུ་གཉེར་བའི་གནམ་དཔྱད་རིག་ཚན་རྗེས་ཀྱི་ཚན་ཞིབ་ལྟ་ཞིབ་ཚད་ལེན་གྱི་སྒྲིག་ཆས་ཆེ་གྲས་དང་པོ་དེ་ཡིན་ལ།    མིག་སྔའི་ཀྲུང་གོའི་ལྟ་ཞིབ་ཚད་ལེན་དང་ཚོད་ལྟའི་འཁོར་སྐྱོད་བྱེད་པའི་རྩིག་རྨང་དམར་ཕྱིའི་གནམ་དཔྱད་རྒྱང་ཤེལ་གཅིག་པུ་ཡིན་པ་མ་ཟད།   རང་རྒྱལ་གྱིས་བཟོས་པའི་འཚོལ་ཞིབ་ཡོ་བྱད་Kརླབས་རིམ་ཐེངས་དང་པོར་སྤྱད་དེ་ཚན་རིག་རིམ་པའི་བརྙན་གྲུབ་ཀྱི་ལྟ་ཞིབ་ཚད་ལེན་ཡང་མངོན་འགྱུར་བྱུང་ཡོད་ཟེར།    

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།