ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུའུ་ཡི“དབྱང་ཧྲུའུ་སྒྲོག་འགྲེལ་སྙན་ཞུ་ཚོགས་པ་རྙིང་པའི”བློ་མཐུན་ཡོངས་ལ་འཕྲིན་ལན་བསྐུར།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུའུ་ཡི“དབྱང་ཧྲུའུ་སྒྲོག་འགྲེལ་སྙན་ཞུ་ཚོགས་པ་རྙིང་པའི”བློ་མཐུན་ཡོངས་ལ་འཕྲིན་ལན་བསྐུར་ཏེ། ཁོ་ཚོར་བྱམས་བརྩེའི་ངང་འཚམས་འདྲི་གནང་བར་མ་ཟད། རེ་བ་ནན་མོའང་བཏོན།

ཞི་ཅིན་ཕིངགིས་ཁྱོད་ཚོས་རང་ཉིད་ཀྱི་མྱོང་བ་ངོ་མ་དང་ཟུང་འབྲེལ་བྱས་ནས་གྲོང་མི་རྣམས་ལ་ལོ་རྒྱུས་དང་ཏང་གི་རིགས་པའི་གཞུང་ལུགས། དུས་རབས་གསར་པའི་ཧྲང་ཧའེ་གྲོང་ཁྱེར་ལ་བྱུང་བའི་དགའ་འོས་པའི་འགྱུར་ལྡོག་བཅས་གླེང་བཞིན་པ་དེ་ནི་ཧ་ཅང་དོན་སྙིང་ལྡན་པའི་བྱ་གཞག་ཅིག་ཡིན་ཞེས་གསུངས།

ཞི་ཅིན་ཕིང་གིས་མི་དམངས་གྲོང་ཁྱེར་ནི་མི་དམངས་ཀྱིས་བཙུགས་པ་ཡིན་ལ་མི་དམངས་གྲོང་ཁྱེར་གྱིས་མི་དམངས་ཀྱི་ཆེད་དུ་ལས་དོན་གཉེར་དགོས།  ཁྱོད་ཚོས་མུ་མཐུད་དུ་རང་གི་ཉེ་འགྲམ་གྱི་གསོན་ཉམས་ལྡན་པའི་གཏམ་རྒྱུད་ཡག་པོ་བཤད་རྒྱུད་ང་། སྡོད་དམངས་སྔར་ལས་མང་པོས་མི་དམངས་ཀྱི་གྲོང་ཁྱེར་འདུ་ཤེས་ལག་བསྟར་ནན་མོ་བྱེད་པ།  གྲོང་ཁྱེར་འཛུགས་སྐྲུན་དང་བཅོས་སྐྱོང་ལས་རིམ་ཁྲོད་འབད་པས་ཞུགས་པ། འཆམ་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་མཉམ་སྐྲུན་བྱེད་པ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་སྐྲུན་བྱེད་པ་བཅས་ཀྱི་ཐད་ཁྲིད་སྟོན་གང་ལེགས་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་གྱིས་གསུངས།

2019ལོའི་ཟླ11པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཁྱེར་དུ་རྟོག་ཞིབ་གནང་སྐབས།“མི་དམངས་གྲོང་ཁྱེར་མི་དམངས་རང་གིས་འཛུགས་སྐྲུན་བྱེད་པ་དང་མི་དམངས་གྲོང་ཁྱེར་གྱིས་མི་དམངས་ཀྱི་ཆེད་དུ་ལས་དོན་གཉེར་དགོས་པའི”འདུ་ཤེས་ཐོག་མར་བཏོན་པ་དང་། དེའི་རྗེས་ཧྲང་ཧའེ་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་ཐད་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་མྱོང་། “དབྱང་ཧྲུའུ་སྒྲོག་འགྲེལ་སྙན་འབུལ་ཚོགས་པ་རྙིང་པ”ནི་དུས་ཡུན་རིང་བོར་ཧྲང་ཧའེ་དབྱང་ཧྲུའུ་ཕུའུ་ཆུས་ནས་བྱ་བ་ལས་མྱོང་བའི་འཐབ་འཛིང་པ་རྒན་པ་དང་ཆེད་མཁས་པ་རྒན་པ། དགེ་རྒན་རྒན་པ། དཔེ་བཟང་མི་སྣ་རྒན་པ་བཅས་ལས་གྲུབ་པ་ཞིག་ཡིན་པ་དང་། ཚོགས་པ་རྙིང་པ་དེས་གཙོ་བོ་གཞི་རིམ་མང་ཚོགས་ལ་ཁ་ཕྱོགས་ནས་ཏང་གི་གསར་གཏོད་གཞུང་ལུགས་དང་མི་དམངས་གྲོང་ཁྱེར་གྱི་འདུ་ཤེས་སོགས་ཀྱི་སྐོར་ནས་སྒྲོག་འགྲེལ་བྱེད་སྒོ་སྤེལ་བཞིན་ཡོད། ཉེ་ལམ། ཚོགས་པ་དེའི་བློ་མཐུན་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། སྒྲོག་འགྲེལ་བྱས་པའི་གནས་ཚུལ་སྙན་ཞུ་ཕུལ་ནས། ཏང་ཡོན་གྱི་ནུས་པ་མུ་མཐུད་འདོན་སྤེལ་བྱ་རྒྱུ་དང་ཧྲང་ཧའེ་མི་དམངས་གྲོང་ཁྱེར་འཛུགས་སྐྲུན་བྱ་ཆེད་བྱས་རྗེས་འཇོག་རྒྱུའི་ཆོད་སེམས་བསྟན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།