ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་རྩིས་རྒྱག་པ་ཡིས་འགན་བཅོལ་ནང་ཞུགས་པའི་མང་ཚོགས་མི་ཐེངས་དུང་ཕྱུར1.70ལ་ཕན་པ་བསྐྲུན་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས29ཉིན་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུའུ་ཡིས་ཁྱབ་བསྒྲགས་བྱས་དོན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་རྒྱལ་ཡོངས་ཀྱི་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་ཐད་ཀར་རྩིས་བརྒྱབ་པ་ཡིས་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མང་ཚོགས་མི་ཐེངས་དུང་ཕྱུར1.70ལ་ཕན་པ་བསྐྲུན་པ་དང་། མ་དངུལ་སྒོར་དུང་ཕྱུར1429.69སྔ་འདོན་བྱ་རྒྱུ་ཇེ་ཉུང་དུ་ཕྱིན་པ་དེ2023ལོའི་དུས་མཚུངས་ལས་སོ་སོར101.14%དང29.37%འཕར་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།