ཞི་ཅིན་ཕིང་གིས་ཨན་ཧུའེ་རུ་རྟོག་ཞིབ་གནང་།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།    རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་ཨན་ཧུའེ་རུ་རྟོག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། ཨན་ཧུའེ་ཡིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་།    འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རྒྱལ་ཁབ་འཕེལ་རྒྱས་འཐབ་ཇུས་ཀྱི་ཁྱད་སྟོབས་མང་པོ་འདོན་སྤེལ་བྱེད་པ།    ཤུགས་རྐྱེན་གལ་ཆེན་ལྡན་པའི་ཚན་རྩལ་གསར་གཏོད་འབྱུང་གནས་དང་།    གསར་དར་ཐོན་ལས་འདུས་གནས།    བཅོས་སྒྱུར་སྒོ་འབྱེད་ཀྱི་མཐོ་ས་གསར་པ།    ཕྱོགས་ཡོངས་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྗང་མདོག་ཚུལ་སྒྱུར་ཁུལ་བཅས་གཏོད་པའི་ཐད་རྒྱུན་མཐུད་ངང་ཤུགས་སྣོན་པ་བཅས་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ཁྲོད་གཏིང་ཟབ་སྒོས་ཞུགས་པ་དང་།    སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།    མཛེས་སྡུག་ལྡན་པའི་ཨན་ཧུའེ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་འཕེལ་རྒྱས་གསར་པ་སྔར་ལས་ཆེ་བ་ཡོང་བར་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཨན་ཧུའེ་ཡི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།

ཟླ10པའི་ཚེས17ནས་ཚེས18ཉིན་བར། ཞི་ཅིན་ཕིང་ཨན་ཧུའེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལེང་ཡན་ཧྲུན་དང་ཧྲིན་ཀྲང་ཝང་ཆིན་ཞན་གྱི་འགྲོ་རོགས་འོག སྔ་རྗེས་སུ་ཨན་ཆིང་དང་ཧི་ཧྥེ་སོགས་ས་ཆར་བསྐྱོད་དེ། ལོ་རྒྱུས་རིག་གནས་སྲང་ལམ་དང་ཚན་རྩལ་གསར་གཏོད་གླིང་སོགས་སུ་ཕེབས་ནས་རྟོག་ཞིབ་གནང་།

ཟླ10པའི་ཚེས17ནས་ཚེས18ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།    རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཧུའེ་རུ་རྟོག་ཞིབ་གནང་ཞིང་།     འདི་ནི་ཚེས17ཉིན་གྱི་ཕྱི་དྲོ།    ཞི་ཅིན་ཕིང་ཨན་ཆིང་གི་ཐུང་ཁྲིན་གྲོང་ཁྱེར་ལིའུ་ཁྲི་སྲང་ལམ་དུ་རྟོག་ཞིབ་གནང་བཞིན་པའི་པར་རེད།

ཟླ10པའི་ཚེས17ནས་ཚེས18ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།    རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཧུའེ་རུ་རྟོག་ཞིབ་གནང་ཞིང་།    འདི་ནི་ཚེས17ཉིན་གྱི་ཕྱི་དྲོ།    ཞི་ཅིན་ཕིང་གིས་ཨན་ཆིང་གི་ཐུང་ཁྲིན་གྲོང་ཁྱེར་ལིའུ་ཁྲི་སྲང་ལམ་དུ་རྟོག་ཞིབ་གནང་བཞིན་པའི་པར་རེད།

ཚེས17ཉིན་གྱི་ཕྱི་དྲོ།    ཞི་ཅིན་ཕིང་ཐོག་མར་ཨན་ཆིང་གི་ཐུང་ཁྲིན་གྲོང་ཁྱེར་ལ་རྟོག་ཞིབ་གནང་དུ་ཕེབས།   གྲོང་ཁྱེར་དུ་གནས་པའི་ལིག་ཁྲི་སྲང་ལམ་ནི་ཆིང་རྒྱལ་རབས་སྐབས་ཀྱི་ཤེས་རམས་པ་ཀྲང་དབྱིན་དང་ཁྱིམ་མཚེས་ཝུའུ་ཚང་གིས་ས་ཆུང་ཆུང་ཞིག་ཕན་ཚུན་ལ་གཟུར་བཤོལ་བྱས་པ་ལས་གྲུབ་པ་ཞིག་ཡིན་ཞིང་།    དེ་ནི་ཀྲུང་གོའི་ཁྱིམ་མཚེས་འཆམ་མཐུན་མཉམ་གནས་ཀྱི་དཔེ་མཚོན་ཞིག་རེད།  ཞི་ཅིན་ཕིང་དེ་གར་ཕེབས་ནས་ལིའུ་ཁྲི་སྲང་ལམ་གྱི་ལོ་རྒྱུས་དང་དེའི་རྒྱུན་འཛིན་ཐད་རྒྱུས་ལོན་གནང་བ་དང་།    “ཐུང་ཁྲིན་ལུགས”ཀྱི་འབྲེལ་ཡོད་རིག་དངོས་རྒྱུ་ཆར་ལྟ་ཞིབ་གནང་བ་མ་ཟད་ས་གནས་དེ་གར་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ།    བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་པ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན།     ཁོང་གིས་ལོ་རྒྱུས་རིག་གནས་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་།    གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་རྒྱུན་འཁྱོངས་བྱེད་པ།    སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་དང་།    གསར་བརྗེའི་རིག་གནས་དར་སྤེལ།    ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བཅས་ཀྱི་ཐད་མཉམ་དུ་ཤུགས་སྣོན་པ་བཅས་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་གི་རིག་གནས་རྨང་གཞི་ཇེ་བརྟན་དུ་གཏོང་དགོས་པ་ནན་གྱིས་གསུངས།

ཟླ10པའི་ཚེས17ནས་ཚེས18ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།    རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཧུའེ་རུ་རྟོག་ཞིབ་གནང་ཞིང་།    འདི་ནི་ཚེས17ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཨན་ཆིང་གི་ཐུང་ཁྲིན་གྲོང་ཁྱེར་ལིའུ་ཁྲི་སྲང་ལམ་དུ་རྟོག་ཞིབ་གནང་སྐབས་ས་གནས་མང་ཚོགས་དང་ཡུལ་སྐོར་པར་བརྩེ་བ་ཟབ་མོས་བསམ་བློ་བརྗེ་རེས་མཛད་བཞིན་པའི་ཚུལ་རེད།

ས་དེའི་མང་ཚོགས་དང་ཡུལ་སྐོར་པས་སྤྱི་ཁྱབ་ཧྲུའུ་ཅི་མཐོང་སྐབས་འཚང་ཁ་ཤིག་ཤིག་ངང་དེའི་མཐའ་སྐོར་ནས་ཡོང་ཞིང་།     ཞི་ཅིན་ཕིང་གིས་བྱམས་བརྩེའི་ངང་ནས་ཚང་མར་གསུངས་རྒྱུར། མི་དམངས་ནང་ཁུལ་གྱི་འགལ་བ་ནི་འདུམ་འགྲིག་གི་ཐབས་ལ་བརྟེན་ནས་ཐག་གཅོད་བྱ་དགོས།     ལིའུ་ཁྲི་སྲང་ལམ་ལས་སྔོན་བྱོན་པས་འགལ་བ་སེལ་བའི་ལོ་རྒྱུས་ཀྱི་བློ་གྲོས་མཚོན་ཡོད་པས།    ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བའི་སློབ་གསོ་གཏོང་ཡུལ་བྱས་ཏེ།    ཀྲུང་ཧྭ་མི་རིགས་ཀྱིས་གུས་ལུགས་དོན་གཉེར་དང་འཆམ་མཐུན་ཡོང་བར་བརྩི་མཐོང་བྱེད་པའི་སྲོལ་རྒྱུན་སྤྱོད་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།    བདེ་སྡོད་ལས་བརྩོན་དང་འཆམ་མཐུན་གྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས།

ཟླ10པའི་ཚེས17ནས་ཚེས18ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།    རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཧུའེ་རུ་རྟོག་ཞིབ་གནང་ཞིང་།    འདི་ནི་ཚེས17ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཧི་ཧྥེ་པེན་ཧུའུ་ཚན་རིག་གྲོང་དུ་ཨན་ཧུའེ་ཞིང་ཆེན་གྱི་ཚན་རྩལ་གསར་གཏོད་གྲུབ་འབྲས་གཅིག་སྡུད་འགྲེམ་སྟོན་ལ་གཟིགས་བཞིན་པའི་པར་རེད།

ཟླ10པའི་ཚེས17ནས་ཚེས18ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།    རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཧུའེ་རུ་རྟོག་ཞིབ་གནང་ཞིང་།    འདི་ནི་ཚེས17ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཧི་ཧྥེ་པེན་ཧུའུ་ཚན་རིག་གྲོང་དུ་ཨན་ཧུའེ་ཞིང་ཆེན་གྱི་ཚན་རྩལ་གསར་གཏོད་གྲུབ་འབྲས་གཅིག་སྡུད་འགྲེམ་སྟོན་ལ་གཟིགས་བཞིན་པའི་པར་རེད།

ཟླ10པའི་ཚེས17ནས་ཚེས18ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།    རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཧུའེ་རུ་རྟོག་ཞིབ་གནང་ཞིང་།    འདི་ནི་ཚེས17ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཧི་ཧྥེ་པེན་ཧུའུ་ཚན་རིག་གྲོང་དུ་རྟོག་ཞིབ་གནང་སྐབས། ཡུལ་དངོས་ཀྱི་ཚན་ཞིབ་མི་སྣ་དང་ཁེ་ལས་ཀྱི་འགན་འཁུར་བར་བྱམས་བརྩེའི་ངང་བསམ་བློ་བརྗེ་རེས་མཛད་བཞིན་པའི་པར་རེད།

ཟླ10པའི་ཚེས17ནས་ཚེས18ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི།    རྒྱལ་ཁབ་ཀྱི་ཀྲུའུ་ཞི།    ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཧུའེ་རུ་རྟོག་ཞིབ་གནང་ཞིང་།    འདི་ནི་ཚེས17ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་གིས་ཧི་ཧྥེ་པེན་ཧུའུ་ཚན་རིག་གྲོང་དུ་རྟོག་ཞིབ་གནང་སྐབས། ཡུལ་དངོས་ཀྱི་ཚན་ཞིབ་མི་སྣ་དང་ཁེ་ལས་ཀྱི་འགན་འཁུར་བར་བྱམས་བརྩེའི་ངང་བསམ་བློ་བརྗེ་རེས་མཛད་བཞིན་པའི་པར་རེད།

དེའི་རྗེས། ཞི་ཅིན་ཕིང་ཧི་ཧྥེའི་པེན་ཧུའུ་ཚན་རིག་གྲོང་དུ་ཕེབས་ནས། ཨན་ཧུའེ་ཞིང་ཆེན་གྱི་ཚན་རྩལ་གསར་གཏོད་གྲུབ་འབྲས་གལ་ཆེན་གཅིག་སྡུད་འགྲེམ་སྟོན་ལ་གཟིགས་ཞིབ་གནང་བ་དང་།    ས་དེའི་ཚན་རྩལ་སྒྲིག་སྲོལ་རྐྱེན་སྲོལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་ལ་གསན་པ་མ་ཟད། ཡུལ་དངོས་སུ་ཚན་ཞིབ་མི་སྣ་དང་ཁེ་ལས་ཀྱི་འགན་འཁུར་བ་དང་བྱམས་བརྩེའི་ངང་བསམ་བློ་བརྗེ་རེས་གནང་།  ཁོང་གིས་རིག་ནུས་དྲ་བའི་མཉམ་འབྲེལ་རླངས་འཁོར་དང་།    རབས་གསར་པའི་ཆ་འཕྲིན་ལག་རྩལ།    ནུས་ཁུངས་གསར་པ།    མིས་བཟོས་རིག་ནུས།    ཚེ་སྲོག་བདེ་ཐང་སོགས་མཐོ་གསར་ཚན་རྩལ་ཐོན་རྫས་རེ་རེའི་མདུན་དུ་གོམ་པ་སྤོ་མཚམས་བཞག་ནས་གཟིགས་ཞིབ་ཞིབ་ཕྲ་གནང་བ་དང་བསྔགས་བརྗོད་ཡང་གནང་།    ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཚན་རིག་ལག་རྩལ་གྱིས་གདོང་མཆོང་བྱེད་དགོས་པ་དང་།    ཚན་རྩལ་གསར་གཏོད་བྱ་རྒྱུ་ནི་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན།    མཐོ་གསར་ལག་རྩལ་ནི་ངང་སྒུག་བྱས་ན་འོང་བ་ཞིག་མིན་པས།    ངེས་པར་དུ་ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་མགྱོགས་མྱུར་གྱིས་མངོན་འགྱུར་བྱ་དགོས།     ཚན་ཞིབ་ལས་དོན་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་མཁན་གྱི་རྐང་འཛིན་པ་ཡིན་པས། “མི་ཚེ་འདིར་ངར་ཤུགས་སྒྲིམ་ནས་བྱ་བ་སྒྲུབ་ཐུབ་པའི་གོ་སྐབས་མང་པོ་མེད་པའི”སེམས་ཤུགས་ཀྱིས་བློ་ཁོག་ཆེན་པོས་གསར་གཏོད་བྱས་ཏེ། ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱ་ཆེད་ནུས་པ་དང་ཤེས་རིག་ལེགས་སྐྱེས་སུ་འབུལ་བ་དང་ངོ་མཚར་ཆེ་བའི་ལེའུ་རྩོམ་དགོས།

ཚེས18ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཨན་ཧུའེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་གསན་པ་དང་། ཨན་ཧུའེ་ཡི་བྱ་བ་སྣ་ཚོགས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། གོ་རིམ་རྗེས་མའི་བྱ་བའི་ཐད་བླང་བྱ་གསལ་བོ་བཏོན།

ཞི་ཅིན་ཕིང་གིས་བསྟན་དོན། ཚན་རྩལ་གསར་གཏོད་དང་ཐོན་ལས་ཚུལ་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་གཏོང་དགོས།   རྒྱལ་ཁབ་ཚོད་ལྟ་ཁང་དང་ཧི་ཧྥེ་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཚན་རིག་ལྟེ་གནས་ཆུ་ཚད་མཐོ་བའི་འཛུགས་སྐྲུན་བྱེད་པ་དང་།    ནུས་རིམ་མཐོ་བའི་ཚན་རྩལ་གསར་གཏོད་ལས་སྟེགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།    འགག་རྩའི་ཐུན་མོང་རང་བཞིན་གྱི་ལག་རྩལ་དང་།   སྣེ་ཁྲིད་ལག་རྩལ་གསར་ཤོས།    དེང་རབས་བཟོ་སྐྲུན་ལག་རྩལ། རྩ་སློག་རང་བཞིན་གྱི་ལག་རྩལ་གསར་གཏོད་བཅས་ལ་ཤུགས་སྣོན་པ་དང་།    རྒྱལ་སྤྱིའི་ཚན་རྩལ་ཐད་བརྗེ་རེས་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས།    གདོད་མའི་གསར་གཏོད་ནུས་པ་མུ་མཐུད་དུ་ཆེ་རུ་གཏོང་དགོས།  ཕྱོགས་ཡོངས་ནས་གསར་གཏོད་བྱེད་པའི་སྒྲིག་སྲོལ་རྐྱེན་སྲོལ་འཛུགས་པར་རྒྱབ་སྐྱོར་བྱེད་པ་དང་།    སློབ་གསོ་དང་ཚན་རྩལ་འཇོན་མིའི་སྒྲིག་སྲོལ་རྐྱེན་སྲོལ་གཞི་གཅིག་ཅན་གྱི་བཅོས་སྒྱུར་ལ་གཅིག་གྱུར་སྒོས་སྐུལ་འདེད་གཏོང་བ།    དངུལ་རྩས་ཚན་རྩལ་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ།  གསར་གཏོད་ཀྱི་ཕྲེང་འབྲེལ་དང་ཐོན་ལས་ཀྱི་ཕྲེང་འབྲེལ། མ་དངུལ་གྱི་ཕྲེང་འབྲེལ། འཇོན་མིའི་ཕྲེང་འབྲེལ་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་དགོས། དངོས་ཕུང་དཔལ་འབྱོར་གྱི་རྨང་གཞི་ཡག་པོར་སྲུང་ནས་སྲོལ་རྒྱུན་ཐོན་ལས་རིམ་སྤོར་སྒྱུར་བཀོད་ཇེ་མགྱོགས་སུ་གཏོང་བ་དང་།    འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྟོབས་ཆེར་གཏོང་བ།    མ་འོངས་པའི་ཐོན་ལས་སྔོན་ལ་བཀོད་སྒྲིག་བྱེད་པ།    ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་བཅས་བྱས་ནས། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཁྱུ་ཚོགས་བསྐྲུན་དགོས།     ཐཱན་ཉུང་གཏོང་དང་རྫོད་དངོས་ཉུང་གཏོང་།    ལྗང་མདོག་རྒྱ་སྐྱེད།    འཕར་སྣོན་བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་།    སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་དང་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་མ་ལག་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་སྟེ།    གནོད་འགོག་གནོད་འཕྲི་གནོད་སྐྱོབ་ཀྱི་ནུས་པ་ཆེ་རུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།   གཏིང་ཟབ་པའི་བཅོས་སྒྱུར་དང་ཆུ་ཚད་མཐོ་བའི་སྒོ་འབྱེད་ལ་སྐུལ་འདེད་གཏོང་དགོས།     གསར་གཏོད་རང་བཞིན་དང་ཁྱད་པར་ཅན་གྱི་བཅོས་སྒྱུར་བྱེད་ཕོད་པ་དང་།    སྐམ་སའི་དབུས་ཁུལ་གྱི་བཅོས་སྒྱུར་སྒོ་འབྱེད་ཀྱི་མཐོ་ས་གསར་པ་སྐྲུན་དགོས།     “གཡོ་འགུལ་མེད་པ་གཉིས”རྒྱུན་འཁྱོངས་དང་དོན་འཁྱོལ་བྱས་ཏེ། རིགས་སོ་སོའི་ཚོང་གཉེར་བྱེད་པོའི་གསོན་ཤུགས་བསྐྱེད་དགོས། གཙོ་རྒྱུ་ཁྲོམ་ར་ཅན་གྱི་བཅོས་སྒྱུར་ཟབ་སྤེལ་བྱས་ཏེ།   ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན།    རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་རྩེ་གྲ་བསྐྲུན་དགོས།     ཕྱོགས་ཡོངས་ནས་ཕྱི་ནང་གཉིས་ཀར་སྒོ་འབྱེད་ཤུགས་ཆེ་རུ་བཏང་སྟེ་སྐམ་མཚོ་ཕྱི་ནང་མཉམ་འགུལ་དང་།    ཕྱོགས་ཡོངས་ནས་ཤར་ནུབ་ཕྱོགས་གཉིས་ཀྱིས་ཕན་ཚུན་རོགས་རེས་བྱེད་པའི་སྒོ་འབྱེད་པའི་རྣམ་པ་ཆགས་པར་བྱ་དགོས། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏིང་ཟབ་གཏོང་བ་ཁྲིད་སྟོན་དུ་བྱས་ཤིང་།    ཞིང་ཆེན་མངའ་ཁོངས་ནང་ཁུལ་གྱི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་ཁྲིད་བྱས་ཏེ།    འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་དང་དབུས་རྒྱུད་ས་ཁུལ་དར་སྤེལ་གྱི་འཐབ་ཇུས་ཁྲོད་དུ་ནུས་པ་སྔར་ལས་ཆེ་བ་འདོན་དགོས།     སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་ཁྲོད་ཧུར་ཐག་གིས་ཞུགས་པ་དང་།    ཕྱི་ནང་ཚོང་དོན་གཞི་གཅིག་ཅན་གྱི་བཅོས་སྒྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་བ།    ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕྱི་རྒྱལ་གྱི་མ་དངུལ་གཏོང་ཤུགས་བརྟན་འཇགས་སུ་གཏོང་བ་བཅས་བྱས་ནས་ཕྱི་ཕྱོགས་ཚོང་དོན་གྱི་སྒུལ་ནུས་གསར་པ་མགྱོགས་མྱུར་ངང་བསྐྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།  ནུས་ཤུགས་ཡོད་རྒུས་མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས། དེང་རབས་ཀྱི་འབྲུ་རིགས་ཐོན་ལས་མ་ལག་དང་།    ཐོན་སྐྱེད་མ་ལག ཚོང་གཉེར་མ་ལག་བཅས་འཛུགས་པ་དང་།    ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ།    འབྲི་ཆུ་དང་ཧོའེ་ཆུའི་འབྲུ་མཛོད་འཛུགས་སྐྲུན་བྱེད་པ།    འབྲུ་རིགས་མཁོ་སྤྲོད་འགན་སྲུང་གི་འགན་འཁྲི་བརྟན་པོར་འཁུར་བ་བཅས་བྱེད་དགོས།  རེས་སྐོར་གཉིས་པའི་ས་ཞིང་འགན་གཙང་ལེན་གྱི་དུས་ཡུན་ཐོན་རྗེས་སླར་ཡང་ལོ་སུམ་ཅུར་ཇེ་རིང་དུ་གཏོང་རྒྱུའི་ཚོད་ལྟ་དམ་འཛིན་ཡག་པོ་བྱེད་པ་དང་།    ཞིང་དར་ཞིང་ཕན་ཞིང་ཕྱུག་བཅས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ།    ཞིང་པས་འབྲུ་རིགས་འདེབས་པའི་བརྩོན་སེམས་བསྐྱེད་དགོས།    ཁྱད་ཆོས་དང་ལྗང་མདོག་གི་ཞིང་ལས་ཐོན་རྫས་འདེབས་འཛུགས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་།    གྲོང་གསེབ་ཀྱི་དམངས་ཕྱུག་ཐོན་ལས་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་བ།    ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་མཐོ་རུ་གཏོང་བ།   རྣམ་པ་གསར་པའི་ཞིང་སྡེའི་ཐུན་མོང་དཔལ་འབྱོར་སྟོབས་ཆེར་གཏོང་བ་བཅས་བྱ་དགོས།   ཞིང་སྡེའི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ་མཛེས་སྡུག་གི་གྲོང་གསེབ་འཛུགས་སྐྲུན་བྱ་དགོས།     རྫོང་མཁར་གཞི་རྟེན་གལ་ཆེན་དུ་གྱུར་པའི་མཁར་གྲོང་ཅན་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་རྫོང་ཁོངས་ཀྱི་དཔལ་འབྱོར་རྒྱ་ཆེ་རུ་གཏོང་དགོས།  གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ཐག་གཅོད་ཡག་པོ་བྱེད་པ་དང་།   ཞིང་སྡེའི་ཡོང་འབབ་དམའ་བའི་མི་གྲངས་ལ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་།    གཞི་ཁྱོན་རང་བཞིན་གྱི་ཡང་བསྐྱར་དབུལ་བོར་འགྱུར་བའི་སྣང་ཚུལ་མི་འབྱུང་བར་ཁག་ཐེག་བྱེད་དགོས།     སློབ་གསོ་དང་སྨན་བཅོས།    རྒན་གསོ།    སྤྱི་ཚོགས་འགན་སྲུང་།    སྤྱི་པའི་རིག་གནས་སོགས་ཀྱི་ཞབས་ཞུ་ཞིང་སྡེ་རུ་ཁྱབ་པར་སྐུལ་འདེད་གཏོང་དགོས།     ཏང་འཛུགས་སྐྲུན་ལ་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ།    གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།  རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྔར་ལས་སྐུལ་འདེད་གཏོང་བ་དང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་སུ་བཏང་སྟེ་རིག་གནས་ཡུལ་སྐོར་ལས་རིགས་དེ་འདེགས་སྐྱོར་ཐོན་ལས་སུ་འགྱུར་བར་བྱེད་དགོས།  གསར་བརྗེའི་རིག་གནས་ཐོན་ཁུངས་ཀྱི་མི་སྣ་གསོ་སྐྱོང་བྱེད་པའི་ནུས་པ་དང་ཡུལ་སྐོར་རིན་ཐང་སྔོག་འདོན་དང་བེད་སྤྱོད་གང་ལེགས་བྱ་དགོས།     སྲོལ་རྒྱུན་གྱི་སྡེ་བ་དང་སྲོལ་རྒྱུན་གྱི་བཟོ་བཀོད་སྲུང་སྐྱོབ་དང་རྒྱུན་འཛིན།    བཀོལ་སྤྱོད་བཅས་བྱེད་པར་ཤུགས་སྣོན་པ་དང་།    ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་ཚུལ་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱས་ཏེ།    མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་རྒྱ་ཁྱབ་ཏུ་སྤེལ་བ་དང་།    སྲོལ་བརྗེ་ལུགས་སྒྱུར་ལ་སྐུལ་འདེད་གཏོང་དགོས།     རིག་གནས་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་།    རིག་གནས་ཐོན་ལས་ཀྱི་མ་ལག་དང་ཁྲོམ་རའི་མ་ལག་འཐུས་ཚང་དུ་གཏོང་བ།    རིག་གནས་སྤུས་དག་སྔར་ལས་མང་བ་གསར་སྐྲུན་བཅས་བྱ་དགོས།

ཞི་ཅིན་ཕིང་གིས་བསྟན་དོན།   ལྷོད་གཡེང་སྤུ་ཙམ་ཡང་མེད་པར་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།     ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་།    ཏང་ཡོན་ལས་བྱེད་པས་སྒྲིག་ཁྲིམས་དང་སྒྲིག་ལམ་དེ་ཆབ་སྲིད་རང་རྟོགས་དང་།    བསམ་བློའི་རང་རྟོགས།    བྱ་སྤྱོད་རང་རྟོགས་བཅས་སུ་འགྱུར་བར་ཁྲིད་སྟོན་བྱེད་དགོས།  “དབྱེ་བ་འབྱེད་དགོས་པ་གསུམ་”དོན་འཁྱོལ་ནན་མོ་བྱས་ཏེ།    ཏང་ཡོན་ལས་བྱེད་པའི་ལས་སྒྲུབ་ལས་སྐྲུན་གྱི་ཧུར་བརྩོན་རང་བཞིན་དང་།    རང་འགུལ་རང་བཞིན།    གསར་སྐྲུན་རང་བཞིན་བཅས་ལེགས་པར་བསྐྱེད་པ་དང་།    ནུས་ཤུགས་ཡོད་རྒུས་ལས་བྱེད་པས་བྱ་བ་གང་འདོད་ལྟར་སྒྲུབ་པ་དང་།    མི་སྒྲུབ་པ།    སྒྲུབ་མི་ཕོད་པ།    སྒྲུབ་མི་མཁས་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས།  ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་བཅོས་བྱེད་པའི་ལམ་ལུགས་དང་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ།    མུ་མཐུད་དུ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས།     རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་སྤྱོད་ཚུལ་བཟང་པོ་དང་།    སྒྲིག་ཁྲིམས་ནན་མོ།    རུལ་སུངས་ལ་ངོ་རྒོལ་བཅས་བྱས་ནས། ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན།    དུས་ཚིགས་བཞི་པའི་དཔལ་འབྱོར་བྱ་བ་དམ་འཛིན་ཡག་པོ་བྱེད་པ་དང་།    ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ནན་མོ་བྱས་ཏེ།    ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བར་འབད་བརྩོན་བྱེད་དགོས།

ཧི་ལིས་ཧྥིན་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་མཉམ་དུ་རྟོག་ཞིབ་བྱས།

 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།