མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་འགན་སྲུང་བྱང་བུའི་ཞབས་ཞུ་གསར་པ་སྤྱོད་འགོ་ཚུགས།  

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།   ཟླ10པའི་ཚེས11ཉིན་གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་འགན་སྲུང་བྱང་བུའི་ཡུལ་མིས་ཞབས་འདེགས་ཞུ་བའི“བྱ་བ་གཅིག”གི་བརྗོད་དོན་གཙོ་བོའི་དྲིལ་སྒྲོག་བྱེད་སྒོའི་ཁྲོད་རྒྱུས་ལོན་བྱུང་བ་ལྟར་ན།     ཞིང་ཆེན་གཞན་དུ་ལས་འཁྱུར་ངལ་གསོ་རྒྱག་མཁན་ལ་བྱང་བུ་གསབ་བརྗེ་བྱ་རྒྱུར་དྲ་ཐོག་ཏུ་ལེགས་འགྲུབ་ཐུབ་ནས་ལས་འཁྱུར་ངལ་གསོ་རྒྱག་མཁན་ལ་སྟབས་བདེ་སྐྲུན་ཐུབ།   

ཐེངས་འདིའི་བྱེད་སྒོ་དེ་ཞིང་ཆེན་ཅིན་པའོ་གཞུང་ལས་ཁང་གིས་ཀྲུང་གོ་འཛུགས་སྐྲུན་དངུལ་ཁང་གི་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་དང་མདོ་དབུས་མཐོ་སྒང་གི་རང་བྱུང་རྟེན་རྫས་བཤམས་མཛོད་ཁང་དང་མཉམ་འབྲེལ་ཐོག་སྤེལ་བ་ཡིན་ཞིང་། རྒན་རྒོན་མང་པོ་ཞིག་གིས་རང་བྱུང་ཚན་རིག་ཁྱབ་གདལ་གྱི་བྱེད་སྒོ་ཞིག་སྤེལ་ནས་ཡུལ་དངོས་སུ་སྤྱི་ཚོགས་འགན་སྲུང་བྱང་བུའི་གཞི་རྩའི་ནུས་པ་དང་།“བྱ་བ་གཅིག”ཉེར་སྤྱོད་རྣམ་པ་དང་བདེ་འཇགས་བྱང་བུ་སྤྱོད་པ་སོགས་ཀྱི་ཤེས་བྱར་རྒྱུས་ལོན་བྱས།   

བྱེད་སྒོའི་ནང་ལྟ་སྐོར་ལན་འདེབས་པ་དང་།    མཉམ་འགུལ་ལག་རྩལ།    ཧུའུ་དབྱང་གི་ནགས་ཁྲོད་དགུ་གཉིས་གླེང་བ་སོགས་ཀྱི་གོ་རིམ་བཀོད་སྒྲིག་བྱས་ཡོད་ལ།     ལན་འདེབས་སྐབས་སྤྱི་ཚོགས་འགན་སྲུང་བྱང་བུ་གསབ་སྤྲོད་དང་། དུས་ཚོད་ཐིམ་རྗེས་བྱང་བུ་བརྗེ་བའི་བརྒྱུད་རིམ།  སྤྱི་ཚོགས་འགན་སྲུང་བྱང་བུ་འཛད་སྤྱོད་བྱེད་ཚད་ཇེ་ཉུང་དུ་གཏོང་བ་སོགས་དམངས་ཕན་བྱེད་སྒོར་དོ་ཁུར་ཆེན་པོ་ཐོབ་ཡོད།     འབྲེལ་ཡོད་ལས་བྱེད་མི་སྣས་ཡུལ་དངོས་སུ་འགན་སྲུང་ནང་ཞུགས་མཁན་ཚོའི་དོགས་གཞིར་ལན་བརྒྱབ་སྟེ།    ཞིང་ཆེན་གཞན་དུ་ཡོད་པའི་སྡོད་དམངས་ཀྱིས“青海人社通”Appབརྒྱུད་ནས་སྤྱི་ཚོགས་འགན་སྲུང་བྱང་བུ་གསབ་བརྗེ་བྱས་རྗེས་མྱུར་སྐྱེལ་ལམ་ནས་ཐད་ཀར་་ཁྱིམ་དུ་བསྐུར་ཆོག

ཟླ་འདིར་སྤྱི་ཚོགས་འགན་སྲུང་བྱང་བུ་འཛུགས་སྐྲུན་དངུལ་ཁང་དང་། བཟོ་ཚོང་དངུལ་ཁང་། ཞིང་ལས་དངུལ་ཁང་བཅས་ཀྱི་བྱང་བུ་སྤྱོད་མཁན་གྱིས་ལུས་རྩལ་ལྟེ་གནས་ཀྱི་ཆུ་རྐྱལ་ཁང་དང་། སོལ་རླངས་འགྱིག་ཁེབས་ཁང་།    ཕ་བུའི་ཆུའི་དགའ་ཚལ་བཅས་སུ་སྒོར50ཡན་ནས་སྒོར20ཇེ་ཉུང་དུ་གཏོང་ཆོག་པའི་གཟིགས་སྐྱོང་ལོངས་སུ་སྤྱོད་ཆོག   

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།