ཟླ10ཚེས12ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་ཙུའུ་གྲོས་ཚོགས་ཐེངས་སོ་གསུམ་པ་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཀྲེ་ཅང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལས་ཁུངས་སུ་འབྲེལ་ཡོད་བྱ་བའི་སྙན་ཞུ་འབུལ་སྐབས་དང་ཧྲང་ཧེ་རུ་བཞུགས་མོལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་འགོ་འཛིན་བྱས། དབྱང་ཧྥིན་ཁྲུན་དང་། ཀྲང་ཧོང་ཡོན། ཝང་ཅིན་ཀྲེ། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་ལས་བསྟན་དོན། དཔའ་བོར་བརྩི་བཀུར་དང་དཔའ་བོར་སློབ་སྦྱོང་། དཔའ་བོ་བརྩོན་ལེན་བྱེད་པའི་དུས་རབས་ཀྱི་འབོད་བརྡ་དང་འབྲེལ་ཏེ། དུས་རབས་གསར་པའི་བསྐྱོད་ལམ་གསར་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས་པ་བཞི་གསལ་འགྲེལ་གཏིང་ཟབ་བྱས་པར་མ་ཟད། དུས་རབས་གསར་པའི་བསྐྱོད་ལམ་གསར་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་གསལ་བོར་བཏོན་ཞིང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་མིག་སྔར་གྱི་དཔལ་འབྱོར་གནས་བབ་ལ་ཁྱོན་ཡོངས་ནས་དཔྱད་ཞིབ་བྱས་ཏེ་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་ཡོད་པས། དེར་གོ་བ་ཟབ་མོ་བླངས་ནས་ལག་བསྟར་དང་དངོས་འབེབས་ལེགས་པོ་བྱེད་དགོས།
གྲོས་ཚོགས་ལས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་ལྟར། ས་གནས་ཀྱི་ཁྱད་ཆོས་ལྡན་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་རྒྱུ་དམིགས་ཡུལ་དུ་བྱས་ནས་ཁྲིམས་འཛུགས་ཀྱི་སྣེ་ཁྲིད་དང་འགན་སྲུང་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་དཀྱིལ་སྙིང་བྱ་བར་དམིགས་ཏེ་ལྟ་སྐུལ་བྱ་བའི་གཙོ་གནད་ཁོང་དུ་ཆུད་པར་བྱེད་པ་དང་། བྱེད་ཕྱོགས་སྔར་ལས་ཆེན་པོ་དང་གྲུབ་འབྲས་སྔར་ལས་ཆེ་བའི་སྒོ་ནས་ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་རོགས་ཤུགས་འདོན་པ་དང་། ཁྱད་ལྡན་དགེ་མཚན་ཐོན་ལས་འཕེལ་རྒྱས་གཏོང་བ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་། ལྗང་མདོག་རྩིས་ནུས་ཐོན་ལས་མྱུར་དུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། ད་ལྟའི་བྱ་བ་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དང་དངོས་འབེབས་དམ་འཛིན་བཟང་བོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་མི་དམངས་ཡིད་ཚིམ་པའི་གྲུབ་འབྲས་གསལ་ཐོ་ཞིག་འབད་པས་སྤྲོད་དགོས་ཞེས་ནན་གྱིས་བསྟན།