ཟླ10པའི་ཚེས10ཉིན་གྱི་སྔ་དྲོར། ཐུན་ཏེ་རྫོང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གིས་ཆེད་དོན་བགྲོ་གླེང་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུར་དམིགས་ནས་ཞིབ་བསྡུར་སྤེལ་རེས་བྱས། རྫོང་ཨུའི་ཧྲུའུ་ཅི་མ་ཞའོ་ཝེ་ཡིས་ཚོགས་འདུར་མགོ་འཛིན་བྱས་པ་མ་ཟད་གཏམ་བཤད། རྫོང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚན་ཆུང་གི་ཁོངས་མི་ཁག་ཚོགས་འདུར་ཞུགས་ནས་བགྲོ་གླེང་གཏམ་བཤད་བྱས།
ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་ལ་སྔར་ལས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས། ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སོགས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས།
ཚོགས་འདུའི་ཐོག་བསྟན་དོན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ75འཁོར་བར་རྟེན་འབྲེལ་ཞུ་བའི་དུས་མཚམས་དང་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་འགག་རྩའི་དུས་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཡང་བསྐྱར་མཚོ་སྔོན་དུ་རྟོག་ཞིབ་གནང་བར་ཕེབས་ནས་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གནང་བ་དེས་མཚོ་སྔོན་གྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་མཚོ་སྔོན་གྱི་མི་དམངས་ལ་བཅངས་བའི་བརྩེ་བ་ཟབ་མོ་ལེགས་པར་མཚོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་ནང་དོན་ཕུན་སུམ་ཚོགས་པ་དང་འབྱུང་འགྱུར་ལ་ཁྲིད་སྟོན་བྱས་ཡོད། དེར་ཆབ་སྲིད་ཀྱི་རང་བཞིན་དང་བསམ་བློའི་རང་བཞིན། མཛུབ་ཁྲིད་ཀྱི་རང་བཞིན་དང་དམིགས་སའི་རང་བཞིན་བཅས་ལྡན་པས་ཐུན་ཏེ་རྫོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་བཅོས་བསྒྱུར་སྒོ་འབྱེད་མཐར་ཕྱིན་བྱེད་པའི་ཆོད་སེམས་བརྟན་པོ་དང་འགན་འཁྲི་འཁུར་སེམས་ཆེན་པོ་གསལ་པོར་མཚོན་ཡོད་པ་དང་། བཅོས་བསྒྱུར་ཁྱོན་ཡོངས་ནས་སྔར་བས་གཏིང་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོར་བསྟན་ཡོད། རྫོང་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོ་དང་བསམ་བློའི་ངོས་འཛིན་ཇེ་དྲག་ཏུ་གཏོང་དགོས་ཤིང་། མངགས་བཅོལ་ཡིད་ལ་བརྟན་པོར་ངེས་པ་དང་ཆབ་སྲིད་ཀྱི་འགན་འཁྲི་དང་ལས་འགན་སྒྲུབ་སེམས་ཇེ་ཆེར་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་ཏན་ཏིག་བྱེད་པ། ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས་ཤིང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་པ་པ་དང་བློ་བརྟན་འགྱུར་མེད་ཀྱིས་གཏན་འཁེལ་གཉིས་ལ་སྲུང་སྐྱོབ་བྱེད་དགོས།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལེགས་པོ་བྱ་རྒྱུ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཡིན་ལ། རྫོང་རིམ་པའི་འགོ་ཁྲིད་ཀྱིས་གནད་འགག་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་བཅུ་འབྲེལ་ལམ་ལུགས་བཀོད་སྒྲིག་གཞིར་བཟུང་ནས། ཁོངས་གཏོགས་ས་ཁུལ་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱ་རྒྱུར་སྣེ་ཁྲིད་དེ། གསུང་བཤད་ཀྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱིམ་ཚང་ཁྲི་སྟོང་མང་པོའི་མང་ཚོགས་ཀྱི་སེམས་སུ་འཇགས་པར་བྱེད་པ་དང་རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་མཉམ་ཤུགས་ཆེན་པོ་ཆགས་པར་བྱེད་དགོས། རྩ་འཛུགས་སྡེ་ཁག་གིས་གསུང་བཤད་ཀྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་འགོ་ཁྲིད་ལས་བྱེད་དང་། ལས་འཁྱུར་ངལ་གསོ་བྱས་པའི་ལས་བྱེད་རྒན་པ། གཞི་རིམ་ཏང་ཀྲི་པུའུ་ཧྲུའུ་ཅི་དང་རོང་འབྲོག་པའི་ཏང་ཡོན་གྱི་སློབ་སྦྱོང་སློབ་གསོའི་ཁྲོད་ངེས་པར་དུ་སྦྱོང་དགོས་པའི་བསླབ་ཚན་ལ་བརྩིས་ནས། གསོ་སྦྱོང་འཛིན་གྲྭ་དང་སློབ་སྦྱོང་འཛིན་གྲྭ་སོགས་ཀྱི་རྣམ་པས་སྟོབས་ཤུགས་གཅིག་སྡུད་དང་རིམ་པ་བགར་ནས་གསོ་སྦྱོང་སྤེལ་དགོས། དྲིལ་སྒྲོག་སྡེ་ཁག་གིས་རིམ་པ་ཁག་དང་རིགས་མི་འདྲ་བའི་གསར་འགྱུར་སྨྱན་སྦྱོར་སྟོབས་ཤུགས་ཀྱི་ཐོན་ཁུངསབེད་སྤྱོད་ཡག་པོ་བྱས་ཏེ། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དྲིལ་སྒྲོག་དང་། ཟུར་ཚད་མི་འདྲ་བའི་ཐོག་ནས་འཕྲིན་སྤེལ་དང་འགྲེལ་བཤད་གཏིང་ཟབ་བཅས་བྱས་ནས། རྫོང་ཡོངས་སུ་སློབ་སྦྱོང་གི་རྣམ་པ་བཟང་བོ་ཞིག་ཆགས་པར་བྱེད་པ་དང་མཉམ་དུ། ཏང་གི་གསར་གཏོད་གཞུང་ལུགས་ཐད་ཐུན་ཏེ་རྫོང་གིས་བླངས་བའི་གྲུབ་འབྲས་དང་ཉམས་མྱོང་དྲིལ་བསྒྲགས་བྱེད་དགོས། འཐབ་ཕྱོགས་གཅིག་གྱུར་མི་རིགས་ཆོས་ལུགས་སྡེ་ཁག་གིས་ཏང་ཡོན་མིན་པའི་མི་སྣར་ཁ་ཕྱོགས་པའི་སྒྲོག་འགྲེལ་ལས་དོན་ཡག་པོ་བསྒྲུབས་ཏེ། དྲ་ཐོག་དང་ཡུལ་དངོས་ནས་སྒྲོག་འགྲེལ་བྱ་འགུལ་རྒྱ་ཆེར་སྤེལ་ནས་དངོས་ཕན་རང་བཞིན་ཆེ་རུ་གཏོང་དགོས། སློབ་གསོའི་སྡེ་ཁག་གིས་གསུང་བཤད་ཀྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་དེ་སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཁྲིད་ནང་དོན་གལ་ཆེན་དུ་བརྩིས་ནས། རྒྱ་ཆེའི་དགེ་སློབ་ཚོས་གསུང་བཤད་ཀྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུར་ཁྲིད་སྟོན་བྱེད་དགོས།
ཚོགས་འདུའི་ཐོག་སློབ་སྦྱོང་དང་བསམ་བློ་རྒྱུན་མཐུད། ཤེས་རྟོགས་དང་ཡིད་ཆེས་གཅིག་གྱུར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བཏོན་པའི་བསམ་བློ་གསར་པ་དང་ལྟ་བ་གསར་པ། བྱེད་ཐབས་གསར་པ་བཅས་ཐུན་ཏེའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་གང་ཅིའི་ཐད་ཁྱབ་པར་བྱེད་དགོས་ལ། རྫོང་ཨུས་དཔར་འགྲེམས་བྱས་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཐུན་ཏེའི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་པའི་ལས་འགན་ཁག་བགོས་སྐོར་གྱི་བརྡ་ཐོ་དང་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ། ཐུན་ཏེ་རྫོང་གི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་དམ་ཟབ་སྒོས་བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། ལག་བསྟར་དོན་འཁྱོལ་གྱི་མགོ་རྩོམ་ས་དང་ཟུང་འབྲེལ་བྱེད་ས་ནོར་འཁྲུལ་མེད་པར་འཚོལ་ཞིབ་བྱས་ཏེ་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། བྱ་བའི་སྤྱོད་ཚུལ་ལེགས་བཅོས་ལ་ཤུགས་བསྣན་ནས་ཞིང་ཆེན་ཏང་ཨུའི་ལས་བྱེད་པས་བྱ་བ་བསྒྲུབ་པ་དང་བསམ་ཕྱོགས་གསལ་བོ་བྱེད་པ། རང་གཅུན་ནན་མོ་བྱེད་པའི་བྱ་བའི་བླང་བྱ་ལག་བསྟར་ནན་ཏན་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དང་ཐུན་ཏེ་གསར་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་དགོས་པའི་བླང་བྱ་བཏོན། །