མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས11ཉིན་གྲོང་ཁྱེར་ཡོངས་ཀྱི་སྐོར་བཤེར་ལས་དོན་ཚོགས་འདུ་དང་སྐབས་བཅོ་ལྔ་པའི་གྲོང་ཨུའི་རེས་སྐོར་དྲུག་པའི་སྐོར་བཤེར་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཟི་ལིང་གྲོང་ཨུའི་ཧྲུའུ་ཅི་གྲོང་ཨུད་ཀྱི་སྐོར་བཤེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝང་ཝུའེ་ཏུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་། ཁོང་གིས་ཏང་གི་རང་ངོས་གསར་བརྗེའི་དགོངས་པ་གལ་ཆེན་དང་སྐོར་ཞིབ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་ཀྱི་སྐོར་ཞིབ་ལས་དོན་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་སྐོར་ཞིབ་དང་སྐོར་ཞིབ་ལས་དོན་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ། ཏང་ཀྲུང་དབྱང་གིས་སྐོར་ཞིབ་ལས་དོན་ལ་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་སྟངས་འཛིན་ཡང་དག་བྱེད་པ། སྐོར་ཞིབ་དང་རལ་གྲི་རྣོ་ངར་གྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ། སྐབས་བཅོ་ལྔ་པའི་གྲོང་ཨུད་ཀྱི་རེས་སྐོར་དྲུག་པའི་སྐོར་ཞིབ་གཏིང་ཟབ་བྱེད་པ། སྐོར་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས་ཞེས་ནན་བཤད་གནང་། གྲོང་ཨུའི་རྒྱུན་ཨུ། གྲོང་ཨུའི་སྐོར་བཤེར་ལས་དོན་འགོ་ཁྲིད་ཚོ་ཆུང་གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ཀྲུང་ཀྲེ་ཅུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། གྲོང་ཨུའི་རྒྱུན་ཨུ། ཙུའུ་ཀྲང་གཞོན་པ་ཧོང་ཁྲེང་གིས་སྐབས་བཅོ་ལྔ་པའི་གྲོང་ཨུད་ཀྱི་སྐོར་བཤེར་རེས་སྐོར་དྲུག་པའི་འགན་འཁུར་དབང་ཆ་སྤྲོད་རྒྱུ་དང་ལས་འགན་ཁག་བགོས་གཏན་འབེབས་ཁྱབ་བསྒྲགས་གནང་། གྲོང་ཁྱེར་གྱི་འགོ་ཁྲིད་ལིའུ་ཆང་ཧྥུང་དང་། ཅི་ཧུའེ། ཀྲང་ཅུན་ལུའུ་བཅས་ཚོགས་འདུར་ཞུགས།
ཝང་ཝུའེ་ཏུང་གིས་ངོས་འཛིན་གཏིང་ཟབ་དང་ལངས་ཕྱོགས་ཇེ་མཐོར་བཏང་ནས་ཞིང་ཆེན་ཏང་ཨུའི“ཨང་དང་པོ་གསུམ”གྱི་ལག་ལེན་བླང་བྱ་ཁོང་དུ་བརྟན་པོ་ཆུད་པ་དང“ཆབ་སྲིད་འཛུགས་སྐྱོང་གི་རྩ་བ་དང་། དབང་ཆ་སྤྱོད་པའི་འགག་རྩ། གནད་དོན་ཐོན་སླ་བའི་ཉེན་ཁ། སྤྱོད་ཚུལ་འཛུགས་སྐྱོང་གི་འགག་སྒོམང་ཚོགས་ཀྱི་རེ་འབོད་ལ་དོ་ཁུར་བྱེད་ས”བཅས་གཙོ་གནད་ལྔ་ལ་དམིགས་ནས་སྐོར་བཤེར་བྱ་རྒྱུ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལས་དོན་ཐད་བཏོན་པའི་བླང་བྱ་གལ་ཆེན་དོན་འཁྱོལ་ཐུབ་རྒྱུ་འགན་ལེན་བྱེད་པའི་དམ་འཛིན་བྱ་གཞི་ནུས་ལྡན་དང་། དངོས་འཛིན་བཙན་འཐབ་ཀྱི་སྒོ་ནས་གནད་དོན་ཐག་གཅོད་བྱེད་པའི་དམ་འཛིན་བྱ་གཞི་ནུས་ལྡན། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་དམ་འཛིན་བྱ་གཞི་ནུས་ལྡན་བཅས་སུ་བརྩིས་ཏེ་རིམ་ཁག་ཏང་རྩ་འཛུགས་ལ་མཛུབ་ཁྲིད་ནན་པོ་དང་། བྱེད་ཐབས་ནན་པོ། རྣམ་པ་ནན་པོ་བཅས་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པའི་ནན་བཤད་གནང་།
ཝང་ཝུའེ་ཏུང་གིས“ནན་པོ”དེ་སྐོར་བཤེར་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཏེ་གྲོང་ཁྱེར་དེ་ཡོངས་ཀྱི་སྐོར་བཤེར་ལས་དོན་གཏིང་ཟབ་ཏུ་གཏོང་བ་དང་། ཆེད་འཛུགས་ཤུགས་སྣོན། གཤམ་དུ་སྣུར་སྲིང་བཅས་བྱ་རྒྱུར་སྐུལ་འདེད་བཏང་ནས་སྐོར་བཤེར་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་། ཆབ་སྲིད་ཀྱི་ལྟ་སྐུལ་སྔར་བས་མངོན་གསལ་དོད་དུ་གཏོང་བ་དང་ཆབ་སྲིད་ཀྱི་ནོར་འཛོལ་གནད་ལ་འཁེལ་བའི་སྒོ་ནས་བཙལ་ཏེ་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཤེས་རྟོགས་དང་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རིམ་ཁག་ཏང་རྩ་འཛུགས་ལ“སྲུང་སྐྱོང་གཉིས”དེ་ཞིབ་ཕྲའི་བྱ་སྤྱོད་ཐོག་དོན་འཁྱོལ་བྱེད་པ་དང་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ནང་མངོན་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། གཙོ་གནད་ཁྱབ་ཁོངས་སྔར་བས་མངོན་གསལ་དོད་དུ་བཏང་སྟེ་གཙོ་གནད་མི་དང་། གཙོ་གནད་ལས་དོན། གཙོ་གནད་ལས་གནས། ལས་རིགས་ཀྱི་སྤྱོད་ཚུལ་བཅས་ལ་དམ་འཛིན་ནན་པོ་བྱེད་པ་དང་ལམ་ལུགས་འཛུགས་སྐྱོང་གི་ཞན་ཆ་དང་། དབང་ཆ་སྤྱོད་པའི་ཉེན་ཁའི་ས་ཚིགས། ལྟ་སྐུལ་དོ་དམ་གྱི་སྟོང་ཆ་བཅས་འཚོལ་ཞིབ་གཏིང་ཟབ་བྱས་ནས་སྒྲིག་ཁྲིམས་ལག་བསྟར་བྱེད་པར་ངེས་པར་དུ་ནན་པོ་བྱེད་པ་དང་སྒྲིག་ཁྲིམས་ལས་འགལ་ཚེ་ངེས་པར་དུ་བདའ་འདེད་གཏོང་དགོས་པའི་བརྡ་རྟགས་དྲག་པོ་རྒྱུན་མཐུད་ངང་གློད་དགོས། “འགག་རྩའི་ཉུང་ཤས”དེ་བས་མངོན་གསལ་དོད་དུ་གཏོང་བ་དང་། བྱེད་ཐབས་སྣ་ཚོགས་ཕྱོགས་བསྡུས་ཐོག་སྤྱོད་པ། ཕྱོགས་ཡོངས་ནས་གནད་ལ་འཁེལ་བའི“འདྲ་རིས་འབྲི་བ”བཅས་བྱས་ཏེ་རང་གཅུན་ནན་པོ་དང་། འགན་འཁྲི་ནན་པོ། ཁོངས་གཏོགས་དོ་དམ་ནན་པོ་བཅས་བྱེད་དགོས། མང་ཚོགས་ཀྱི་མྱོང་ཚོར་སྔར་བས་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ནུས་ཤུགས་ཡོད་རྒུས་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་གནད་དོན་བཅོས་སྒྲིག་བྱེད་པ་དང་། གནད་དོན་གྱི་ཁུངས་སྣེའི་ཡོང་ཁུངས་སྔར་བས་རྒྱ་ཆེར་གཏོང་བ། སྐོར་བཤེར་ལས་དོན་གྱི་སྤྱི་དམངས་ཞུགས་ཚད་དང་མང་ཚོགས་བློ་ཡིད་ཚིམ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱེད་དགོས། ལས་དོན་ལ་དོ་དམ་བྱེད་པར་མི་ལ་དོ་དམ་བྱ་རྒྱུ་སྔར་བས་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། “ལས་དོན་ཁོ་ནར་དོ་དམ་དང་མི་ལ་དོ་དམ་མི་བྱེད་པ”དང“མི་བཟང་པོའི”བསམ་བློ་སོགས་ཀྱི་སྣང་ཚུལ་ལ་དམ་འཛིན་ནན་པོ་བྱེད་པ། གནད་དོན་གྱི་རྒྱབ་ཏུ་ཡོད་པའི་མི་དང་། བྱ་བ། འགན་འཁྲི། བསམ་བློའི་སྤྱོད་ཚུལ་བཅས་ཀྱི་གནད་དོན་སྔོག་འདོན་གཏིང་ཟབ་བྱེད་པ་བཅས་བྱས་ནས་སྐོར་དཔྱོད་ཀྱི་ཟིལ་གནོན་ནུས་པ་དང་མཐིལ་རྟོགས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གནད་དོན་ཤེས་རྟོགས་ཐུབ་ཚེ་གནད་སྨིན་དང་ནུས་ལྡན་ཡོང་རྒྱུ་དེ་བས་མངོན་གསལ་དོད་དུ་བཏང་སྟེ་གནད་དོན་ངོ་མ་ཤེས་རྟོགས་ཐུབ་པ་དང་གནད་དོན་དངོས་སུ་ཤེས་རྟོགས་ཐུབ་རྒྱུ་དེ་སྐོར་དཔྱོད་ལས་དོན་གྱི་འགག་རྩར་བརྩིས་ནས་མ་ལག་སྤྱི་འདོམས་དང་གནད་དོན་གཅིག་ཏུ་ལན་འདེབས་པའི་ཁྲོད་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དག་ཐེར་ཡོ་བསྲང་གི་སྤུས་ཚད་དང་ཕན་འབྲས་སྔར་བས་མངོན་གསལ་དོད་དུ་གཏོང་བ་དང་། དག་ཐེར་ཡོ་བསྲང་གི་འགན་འཁྲི་ནན་པོ་དང་ཏན་ཏིག་བཟོ་བ། གྲུབ་འབྲས་བཀོལ་སྤྱོད་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་སྐོར་བཤེར་གྱི་གྲུབ་འབྲས་དག་དག་ཐེར་ཡོ་བསྲང་དོན་འཁྱོལ་བྱས་པའི་ཕན་འབྲས་ཐོག་ནས་མངོན་ཐུབ་པ་བྱེད་དགོས།
ཝང་ཝུའེ་ཏུང་གིས་སྐོར་ཞིབ་ལས་དོན་གྱི་བྱེད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་འགོ་ཁྲིད་ལ་ཤུགས་སྣོན་དང་འགན་འཁྲི་ཏན་ཏིག་འཁུར་བ་དང་། ཁོངས་གཏོགས་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས། གནས་ཚུལ་དངོས་དང་མི་དངོས་ལ་དམིགས་རྒྱུ་མཐའ་འཁྱོངས། ཕན་འབྲས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ་ཚད་གཞི་དེ་བས་མཐོ་བ་དང་བླང་བྱ་དེ་བས་ནན་པའི་ཐོག་ནས་སྐོར་ཞིབ་ལས་དོན་ཡག་པོ་བསྒྲུབས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་ཟི་ལིང་གི་མིག་དཔེ་འདོན་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་།
ཚོགས་འདུའི་ཐོག་མཁར་ནུབ་ཁུལ་གྱིས2024ལོའི་ལོ་འཁོར་གྱི་སྐོར་བཤེར་ལས་དོན་སྤེལ་ཚུལ་སྙན་སེང་ཞུས་པ་དང་། གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་དང་གྲོང་ཁྱེར་མ་འཇོག་ཀུང་སིས་སྐོར་བཤེར་དག་ཐེར་ལས་དོན་སྤེལ་ཚུལ་སྙན་སེང་ཞུས།
གྲོང་ཁྱེར་ཏང་ཨུའི་སྐོར་བཤེར་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི་སོ་སོ། གྲོང་ཁྱེར་རིམ་པའི་ཚན་ཁག་ཆེན་པོ་ཁག་གི་དྲུང་ཆེ་དང་། གྲོང་ཁྱེར་ཏང་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། གྲོང་ཁྱེར་ཏང་ཨུའི་པུའུ་ཨུ་ཁག གྲོང་ཁྱེར་ཐད་གཏོགས་ལས་ཁུངས་དང་སྡེ་ཚན་ཁག་གི་ཏང་ཙུའུ་དང་ཏང་(ལས་དོན་ཨུ་ལྷན)ཨུ་ཡོན་ལྷན་ཁང་། མི་དམངས་ཚོགས་པ་ཁག་གི་ཏང་ཙུའུ་བཅས་དང་གྲོང་ཁྱེར་ཁོངས་གཏོགས་ཀྱི་གཞུང་ཁོངས་ཁེ་ལས་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་དང་གླིང་ཁུལ་ཁག་གི་ཏང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ། རྫོང་དང་ཆུས་ཁག་གི་ཏང་ཨུའི་ཧྲུའུ་ཅི་དང་། སྒྲིག་ཨུའི་ཧྲུའུ་ཅི། སྐོར་དཔྱོད་གཞུང་ལས་ཁང་གི་ཀྲུའུ་རེན། གྲོང་ཨུའི་སྐོར་ཞིབ་ཚོ་ཆུང་གི་ཙུའུ་ཀྲང་དང་། ཙུའུ་ཀྲང་གཞོན་པ། དེ་བཞིན་ཁོངས་མི་བཅས་ཞུགས་ཡོད།