ཝུའུ་ཞའོ་ཅུན་གྱིས་སོ་ཏི་ཨ་རབ་རྒྱལ་སྤྱི་གློག་ཤུགས་དང་ཆུ་དོན་ཀུང་སིའི་སང་ཏེ་འཁོར་དང་བཅས་པར་ཐུག་འཕྲད་གནང་བ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ10པའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་སོ་ཏི་ཨ་རབ་རྒྱལ་སྤྱི་གློག་ཤུགས་དང་ཆུ་དོན་ཀུང་སིའི་ཏུང་ཧྲི་ཀྲང་གཞོན་པ་དང་ཏུང་ཧྲི་སྤྱི་གཉེར་པའི་འགན་གཅིག་ལྕོགས་སུ་བཞེས་པའི་སང་ཏུ་འཁོར་དང་བཅས་པར་ཐུག་འཕྲད་གནང་།

ཝུའུ་ཞའོ་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཚབ་མཛད་ནས་སང་ཏེ་འཁོར་དང་བཅས་པར་དགའ་བསུ་ཞུས་པར་མ་ཟད། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་མདོར་བསྡུས་ཞུས། ཁོང་གིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་འབོད་སྐུལ་དང་སོ་ཏི་ཨ་རབ་ཀྱི2023ལོའི་རེ་འདུན་མཐུད་སྦྲེལ་ཟབ་མོ་བྱས་པ་དང་། ཀྲུང་ཧྲའི་འབྲེལ་བ་ཕྱོགས་ཡོངས་ནས་འཕེལ་རྒྱས་ཟབ་མོར་སྤེལ་བའི་དུས་རབས་གསར་པར་བསྐྱོད་ཡོད། ཕྱོགས་གཉིས་ཀྱིས་རྒྱུན་རྣམ་ཅན་གྱི་འབྲེལ་འདྲེས་བརྗེ་རེས་ལམ་སྲོལ་འཛུགས་པ་དང་། ད་ཡོད་ཀྱི་མཉམ་ལས་རྨང་གཞིའི་ཐོག་ཚ་འོད་དང་ནུས་གསོག ལྗང་ཆིང་། ཉོ་ཚོང་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་བ། འཐུས་ཚབ་རང་བཞིན་དང་སྣེ་ཁྲིད་རང་བཞིན། དཔེ་སྟོན་རང་བཞིན་གྱི་མཉམ་ལས་ལས་གཞི་སྐོར་ཞིག་མཉམ་དུ་བསྐྲུན་ནས། ཀྲུང་སོ་མཛའ་མཐུན་སྲ་བརྟན་གཏིང་ཟབ་ཏུ་སྤེལ་བར་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་གསུངས།

སང་ཏེ་ཡིས་མཚོ་སྔོན་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་མཐོན་པོ་བྱས་པར་མ་ཟད། ཁེ་ལས་འཕེལ་རྒྱས་དང་མ་འོངས་འཆར་འགོད་ངོ་སྤྲོད་བྱས། ཁོས་མཚོ་སྔོན་གྱི་ས་ཁོངས་རྒྱ་ཆེ་ལ། ནུས་ཁུངས་གཙང་མ་འཕེལ་རྒྱས་གཏོང་བའི་ཕྱོགས་ནས་གཞན་ལ་མེད་པའི་དགེ་མཚན་ལྡན། སོ་ཏི་ཨ་རབ་རྒྱལ་སྤྱི་གློག་ཤུགས་དང་ཆུ་དོན་ཀུང་སིས་མཚོ་སྔོན་དང་སྔར་ལས་དམ་ཟབ་ཡིན་པའི་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་པ་དང་། མཉམ་ལས་ཐུན་མོང་ངོས་ཟིན་མྱུར་ཏུ་དངོས་ལ་འབེབས་པར་འབད་པ། ཀྲུང་གོའི་ས་གནས་དང་མཉམ་ལས་ཀྱི་མ་དཔེ་དང་དཔེ་མཚོན་བསྐྲུན་རྒྱུ་ཡིན་ཞེས་བཤད།

ཝང་ཧའེ་ཧུང་གིས་མཉམ་དུ་ཐུག་འཕྲད་བྱས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།