མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི 《མཚོ་སྔོན་ཞིང་ཆེན་གྱི་ལས་ཐོག་ཉེས་གསོག་སྔོན་འགོག་གི་ལས་དོན་སྲོལ་ཡིག》སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་གཉིས་མེད་པར་བཟོ་བའི་སྐོར་གྱི་གཏན་འབེབས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

(2024ལོའི་ཟླ9པའི་ཚེས26ཉིན་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་སྟེང་གྲོས་འཆམ་བྱུང་བ)

མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་པའི་སྟེང་གི་གཏན་འབེབས་ལྟར། གཤམ་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་མེད་པར་བཟོ་བར་གྲོས་ཐག་བཅད་པ་སྟེ།

གཅིག《མཚོ་སྔོན་ཞིང་ཆེན་གྱི་ལས་ཐོག་ཉེས་གསོག་སྔོན་འགོག་གི་ལས་དོན་སྲོལ་ཡིག》(2013ལོའི་ཟླ7པའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་གྱི་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པའི་སྟེང་གྲོས་འཆམ་བྱུང)

གཉིས།《མཚོ་སྔོན་ཞིང་ཆེན་གྱི་སྤྱི་ཚོགས་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག》(2006ལོའི་ཟླ5བའི་ཚེས་26ཉིན་མཚོ་སྔོན་ཞིང་ཆེན་གྱི་དམངས་འཐུས་ཚོགས་ཆེན་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་གཉིས་པའི་སྟེང་གྲོས་འཆམ་བྱུང)

གཏན་འབེབས་འདི་སྤྱི་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།  ། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།