སྡེ་ཁག་འདི་གཉིས་ཀྱི་ཆེད་དོན་མ་དངུལ་འདི་ཁྱིམ་ཆས་རྙིང་པ་ཐག་གཅོད་དང་འབྲེལ་བ་ཡོད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ནོར་སྲིད་པུའུ་དང་སྐྱེ་ཁམས་ཁོར་ཡུག་པུའུ་ཡིས་མཉམ་འབྲེལ་ཐོག《བེད་མེད་གློག་ཆས་དང་གློག་རྡུལ་ཐོན་རྫས་ཐག་གཅོད་ཀྱི་ཆེད་དོན་མ་དངུལ་དོ་དམ་བྱེད་ཐབས》(གཤམ་དུ《བྱེད་ཐབས》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ཏེ། བེད་མེད་གློག་ཆས་དང་གློག་རྡུལ་ཐོན་རྫས་ཐག་གཅོད་ཀྱི་ཆེད་དོན་མ་དངུལ་གསལ་འབེབས་དང་། མ་དངུལ་གྱི་རྒྱབ་སྐྱོར་ཁྱབ་ཁོངས་དང་།    བགོ་བཤའ།    བེད་སྤྱོད་དོ་དམ་སོགས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་ཡོད།  

《བྱེད་ཐབས》ལ་གཞིགས་ན།    བེད་མེད་དུ་བསྐྱུར་བའི་གློག་ཆས་དང་གློག་རྡུལ་ཐོན་རྫས་ཐག་གཅོད་ཀྱི་ཐོབ་ཐང་ཡོད་པ་དང་།    ཆེད་སྤྱོད་མ་དངུལ་རེ་ཞུ་བྱེད་པའི་ཚད་གཞི་དང་ཆ་རྐྱེན་ཚང་བའི་ཁེ་ལས་ཀྱིས《བེད་མེད་གློག་ཆས་དང་གློག་རྡུལ་ཐོན་རྫས་ཐག་གཅོད་དཀར་ཆག》ནང་བཅུག་པའི་བརྙན་འཕྲིན་འཕྲུལ་ཆས་དང་།    འཁྱག་སྒམ།    འཁྲུ་ཆས།    མཁའ་རླུང་སྙོམས་སྒྲིག་ཡོ་ཆས།    རྩིས་འཁོར་ཆུང་ངུ་སོགས་བེད་མེད་དུ་བསྐྱུར་བའི་གློག་ཆས་དང་གློག་རྡུལ་ཐོན་རྫས་རིགས་ལྔ་ཕྱིར་བསྡུ་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་དང་།     སྐྱེ་ཁམས་ཁོར་ཡུག་་པུའུ་དང་ནོར་སྲིད་པུའུ་གཉིས་ཀྱིས་འབྲེལ་ཡོད་ཚད་གཞི་དང་ཆ་རྐྱེན་དག་་ལོགས་སུ་གཏན་འབེབས་བྱ་རྒྱུ།     ཆེད་དོན་མ་དངུལ་ལག་བསྟར་བྱེད་ཡུན་ནི2024ལོ་ནས2027ལོ་བར་རེད།   

《བྱེད་ཐབས》ལ་གཞིགས་ན།    2024ལོ་དང་དེ་རྗེས་ཀྱི་ལོ་འཁོར་དུ་སྤེལ་བའི་བེད་མེད་དུ་བསྐྱུར་པའི་གློག་ཆས་དང་གློག་རྡུལ་ཐོན་རྫས་ཚུར་བསྡུ་དང་ཐག་གཅོད་བྱ་རྒྱུ་དང་། ཆེད་སྤྱོད་མ་དངུལ་ཐད“བྱ་དགའ་ཡིས་ཁ་གསབ་ཀྱི་ཚབ་བྱེད་པའི”བྱེད་ཐབས་སྤྱད་དེ་རྒྱུ་རྐྱེན་ལ་གཞིགས་ནས་བགོ་བཤའ་རྒྱག་རྒྱུ།    ལོ་གོང་མར་འབྲེལ་ཡོད་ཞིང་ཆེན་གྱི་བེད་མེད་དུ་བསྐྱུར་པའི་གློག་ཆས་དང་གློག་རྡུལ་ཐོན་རྫས་ཚད་ལྡན་ངང་ཐག་གཅོད་བྱེད་ཚད་དང་།    ས་གནས་ཀྱི་སྲ་གཟུགས་བེད་མེད་དངོས་པོའི་སྦགས་བཙོག་འགོག་བཅོས་ཐད་བཏང་བའི་རྒྱུ་ཤུགས ། གྲོང་མིར་དངོས་སུ་ཡོད་པའི་ཁྱིམ་སྤྱོད་གློག་ཆས་ཀྱི་གྲངས་འབོར།    བེད་མེད་དུ་གྱུར་པའི་གློག་ཆས་དང་གློག་རྡུལ་ཐོན་རྫས་ཚུར་བསྡུའི་ཆོག་འཐུས་དང་ཐོན་ནུས་དངོས་ཀྱི་འཁོར་སྐྱོད་ཀྱི་ལྡོག་ནུས་དབང་ཚད་སོ་སོ་ནས70%དང་།    15%10%5%བཅས་རེད།    

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།