ཁྲིན་ཀང་གིས་ཟི་ལིང་གི་ལྷོ་བྱང་རི་བོའི་ལྗང་སྒྱུར་བྱ་བར་རྟོག་ཞིབ་བྱས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ10པའི་ཚེས10ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཟི་ལིང་གྲོང་ཁྱེར་གྱི་ལྷོ་བྱང་རིའི་ལྗང་སྒྱུར་བྱ་བར་རྟོག་ཞིབ་བྱས། ཁོས་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་མོ་དང་། རྒྱལ་ཁབ་ཀྱི་དོན་ཆེནཡིད་ལ་བརྟན་པོར་འཛིན་པ། གཅིག་རྗེས་གཅིག་མཐུད་ཀྱིས་དམ་འཛིན་དང་གཅིག་རྗེས་གཅིག་མཐུད་ཀྱིས་བཟང་བོར་སྒྲུབ་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་ནགས་བསྐྲུན་ལྗང་སྒྱུར་གྱི་དེང་ལ་བྱས་རྗེས་ཡོད་པ་དང་ཡུན་རིང་བོར་ཕན་པའི་ལས་དོན་དེ་བཟང་བོར་སྒྲུབ་ནས། རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའིའདུ་ཤེས་ཀྱི་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ལ་འབྲས་བུ་སྨིན་ཐུབ་པར་བྱེད་དགོས་ཟེར།

སྐལ་བཟང་གི་སྙིང་སྟོབས་སློབ་གསོའི་རྟེན་གཞི་རུ། ཁྲིན་ཀང་གིས་རྩ་ཆེ་བའི་འདྲ་པར་རེ་རེ་དང་མི་སེམས་འགུལ་བའི་རྣམ་པར་ལྟ་ཞིབ་བྱས། ཁོས་བཤད་རྒྱུར། ས་སེར་རི་རྒོད་ནས་རི་ལྗང་ནགས་སྟུག་ཏུ་བསྒྱུར་བ་དང་། ནགས་ཚལ་གྱི་ཁེབས་ཚད72%ནས79%རུ་འཕར་ནས། ཟི་ལིང་གི་ལྷོ་བྱང་རིས་མཐོ་སྒང་གི་ལྗང་མདོག་གི་ངོ་མཚར་ཞིག་བསྐྲུན་པ་མཐོང་ཐུབ། མུ་མཐུད་དུ་སྐལ་བཟང་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ང་ཚོ་མི་རབས་འདིའི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ནས། མུ་མཐུད་དུ་འབད་འཐབ་དང་། ཏན་ཏན་ཏིག་ཏིག་གིས་ལྗང་སྒྱུར་བྱ་བ་སྤེལ་ནས། མི་རབས་རྗེས་མར་རི་སྔོ་ཆུ་དྭངས་ཀྱི་མཛེས་སྡུག་དང་བདེ་སྐྱིད་་ལྡན་པའི་ཁྱིམ་གཞི་ཞིག་བསྐྲུན་དགོས་ཟེར།

ཁྲིན་ཀང་ཏཱ་ཏུང་ལེན་གྱི་ཞིབ་བཤེར་བྱེད་ས་དང་ལྗང་སྒྱུར་ཁུལ་དུ་སོང་ནས། ཡུལ་དངོས་ནས་རི་འཛུལ་དོ་དམ་དང་སྤྱི་གླིང་འཛུགས་སྐྲུན། ནགས་ཚལ་མེ་འགོག ནད་འབུའི་གནོད་སྐྱོན་འགོག་བཅོས་སོགས་ཀྱི་བྱ་བར་ལྟ་ཞིབ་བྱས་པ་དང་། ནགས་སྐྲུན་དང་དོ་སྲུང་བྱ་བའི་ཁྲོད་གནས་པའི་དཀའ་ཁག་དང་གནད་དོན་ལ་རྒྱུས་ལོན་གསལ་པོ་བྱས་པར་མ་ཟད། ལྗོངས་རྒྱུ་སྟེགས་བུར་འགོས་ནས་ཟི་ལིང་ལ་བལྟས། ཁོས་ནན་གྱིས་བསྟན་དོན། རང་བྱུང་ལ་བརྩི་མཐོང་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་དང་། ནགས་ཚལ་གྱི་གྲངས་ཀ་དང་སྤུས་ཚད། གསོག་ཚད་དང་འཕར་ཚད་ལ་མཉམ་དུ་དོ་སྣང་བྱེད་རྒྱུ་རྒྱུན་འཁྱོངས། རང་སའི་སྡོང་སོན་འདེམས་གསོ་དང་ནགས་ཚལ་བདག་སྐྱོང་སོགས་ཀྱི་བྱ་བ་བཟང་བོར་སྒྲུབ་པ། རི་རྒོད་ལྗང་སྒྱུར་བྱེད་པནསསྤུས་ཚད་ཇེ་བཟང་དུ་གཏོང་བའིའགྱུར་ལྡོག་མངོན་འགྱུར་བྱས་ཏེ། སྔར་ལས་སྲ་བརྟན་བདེ་ཐང་གི་ནགས་ཚལ་སྐྱེ་ཁམས་མ་ལག་འཛུགས་དགོས། དགུན་དུས་ཀྱི་ནགས་ཚལ་མེ་འགོག་བྱ་བ་དམ་འཛིན་དང་། ཕྱོགས་སོ་སོའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། གནད་འགག་གི་གནས་གཙིགས་སུ་བཟུང་ནས། སྟོབས་ཤུགས་ཡོད་རྒུས་ནགས་ཚལ་ཐོན་ཁུངས་ཀྱི་བདེ་འཇགས་ལ་འགན་སྲུང་བྱེད་དགོས་ཟེར།

ཁྲའོ་དབྱང་ལྗང་སྒྱུར་ཁུལ་དོ་སྲུང་ས་ཚིགས་སུ། ཁྲིན་ཀང་གིས་དོ་སྲུང་ས་ཚིགས་ཀྱི་ལས་བྱེད་པ་དང་ལས་བཟོ་པར་འཚམས་འདྲི་བྱས་པར་མ་ཟད། ཁོ་ཚོ་བརྒྱུད་དེ་ལྷོ་བྱང་རིའི་ལྗང་སྒྱུར་ཁྲོད་ཞུགས་པའི་མི་རྣམས་ལ་གུས་འདུད་ཞུས། ལྷོ་བྱང་རིའི་ལྗང་སྒྱུར་དང་དོ་སྲུང་བྱ་བའི་གནས་ཚུལ་གྱི་སྙན་ཞུ་ལ་ཉན་རྗེས། ཁོས་ནན་གྱིས་བསྟན་དོན། ནགས་ཚལ་གྱིམཛོད་བཞིའིརྩོལ་ནུས་འདོན་སྤེལ་གང་ལེགས་དང་། རི་ལ་བརྟེན་ནས་རི་གསོ་བདང་ནགས་འབྲེལ་དཔལ་འབྱོར་སོགས་ཀྱི་འཕེལ་རྒྱས་མ་དཔེ་འཚོལ་ཞིབ་བྱེད་པ། རི་སྔོ་ཆུ་དྭངས་དེ་གསེར་རུ་དངུལ་རི་ལ་བསྒྱུར་བའི་ལམ་བུ་རྒྱ་བསྐྱེད་པ། ཟི་ལིང་གི་ལྷོ་བྱང་རི་དེ་སྐྱེ་ཁམས་བརྟན་འཇགས་ཡིན་པ་དང་ཁོར་ཡུག་མཛེས་པ། རྩོལ་ནུས་ཆ་ཚང་བའི་སྐྱེ་ཁམས་བདེ་འཇགས་འགོག་ར་དང་ལྗང་མདོག་འཕེལ་རྒྱས་ཁྱམས་ལམ་དུ་འཛུགས་སྐྲུན་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱིས་ལྗང་མདོག་གི་ཕན་བདེ་སྔར་ལས་མང་པོ་མྱོང་ཐུབ་པར་བྱེད་དགོས་ཟེར།

ཞིང་ཆེན་གྱི་འགོ་ཁྲིད་ཝང་ཝེ་ཏུང་དང་ཚེ་རིང་ཐར། ཀྲུའུ་ཞང་ཧྥིན་བཅས་རྟོག་ཞིབ་ལ་ཞུགས། 

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།