ཞིང་པ་ཞོར་ལས་པའི་ལས་ཞུགས་འབབ་འཕར་ལ་རྒྱབ་སྐྱོར་སྲིད་ཇུས་འདི་དག་ཡོད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། གཡང་སྐྱིད།

ཞིང་པ་ཞོར་ལས་ལས་ཞུགས་དང་ཡོང་སྒོ་འཕར་སྣོན་ཡོང་བར་སྐུལ་འདེད་བྱེད་པར་དོན་སྙིང་གལ་ཆེན་ལྡན། ཉེ་བའི་ལོ་ཤས་རིང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་ཕྱིར་ལས་ཀར་སྐྱོད་པ་དང་ཐག་ཉེ་སར་ལས་ཞུགས་བྱེད་པ་གཉིས་མཉམ་དུ་འཛིན་པར་རྒྱུ་མཐའ་འཁྱོངས་བྱས་ཏེ། ཞིང་པ་ཞོར་ལས་པ་དང་དབུལ་ཐར་མི་འབོར་གྱི་ལས་གཉེར་གཞི་ཁྱོན་ནུས་ཤུགས་ཡོད་རྒུས་སྲ་བརྟན་དུ་བཏང་། 

མིག་སྔར་རྒྱལ་ཡོངས་ཀྱི་ཞིང་པ་ཞོར་ལས་པ་དུང་ཕྱུར3ལྷག་ཡོད་པའི་ནང་ཕྱིར་ཞོར་ལས་སུ་་སྐྱོད་མཁན་ཞིང་པ་ཞོར་ལས་པ་དུང་ཕྱུར1.9ཟིན་པ་དང་། དབུལ་ཐར་མི་འབོར་ཞོར་ལས་སུ་སྐྱོད་མཁན་ཁྲི3000ལྷག་ཟིན།     

འོ་ན་ཞིང་པ་ཞོར་ལས་པའི་ལས་ཞུགས་འབབ་འཕར་ལ་ཇི་ལྟར་སྐུལ་འདེད་གཏོང་དགོས་ཞེ་ན།   སྲིད་ཇུས་བཟང་པོ་འདི་དག་ལ་དོ་སྣང་བྱ་རོགས།

གཅིག ངལ་ནུས་མཉམ་ལས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལས་གནས་བསྡུ་རུབ་དང་།  དོ་སྒྲིག་གནད་འཁེལ།    ཕྱིར་གཏོང་ཕན་འབྲས་ཆེ་བ་བཅས་བརྒྱུད་རིམ་ཧྲིལ་པོར་ཞབས་ཞུ་འདོན་བཏོན་ཡོད།    

གཉིས།  ལས་གནས་གཏན་འཇགས་ཀྱི་ཞབས་ཞུའི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། ཕྱིར་བཅའ་སྡོད་བྱས་པའི་ཞིང་པ་ཞོར་ལས་པའི་ཞབས་ཞུ་ས་ཚིགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་ས་གནས་དེའི་ལས་ཞུགས་བརྟན་པོ་བཏང་ཡོད།     

དེ་དང་ཆབས་ཅིག་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས་ཀྱང་ཁྱད་ཆོས་ལྡན་པའི་རྩལ་ནུས་དང་ངལ་ལས་སྤུས་རྟགས་སྔར་བས་མང་པོ་སྐྱེད་སྲིང་བྱས་ནས། ཞིང་པ་ཞོར་ལས་པ་་སྔར་ལས་མང་བོ་རྩལ་ནུས་ལས་ཞུགས་ཐུབ་པར་སྐུལ་འདེད་བཏང་ཡོད། 

ད་སྔར་རྒྱལ་ཡོངས་སུ་ཁྱད་ཆོས་ལྡན་པའི་རྩལ་ནུས་དང་ངལ་ལས་སྤུས་རྟགས500ཙམ་ཡོད་པ་དང་། སྤུས་རྟགས་ལ་ལས་ལས་ཞུགས་དང་ལས་གཏོད་བྱེད་མཁན་ཁྲི100ལྷག་སྐུལ་ཁྲིད་བྱས་ཡོད།     

ཐག་ཉེ་སར་ལས་ཞུགས་བྱེད་པའི་ཐབས་ལམ་རྒྱ་སྐྱེད་དེ།  ལས་ཞུགས་ཐུབ་པ་དང་ཡོང་སྒོ་འཕར་བ་མངོན་འགྱུར་བྱས།

ད་སྔར“སྒོ་ཁར”ལས་ཞུགས་བྱེད་པ་དེ་ཞིང་པ་ཞོར་ལས་པ་སྔར་ལས་མང་པོའི་གདམ་ག་གསར་པར་གྱུར་ཡོད།    

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་ཁུངས་ཀྱིས“གལ་ཆེན་གཉིས”དང“གསར་པ་གཉིས”བཏོད་པའི་ལས་ཞུགས་བར་མཐོངས་གསར་པ་སྔོག་འདོན་ཟབ་མོ་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གསར་གྲས་འཛུགས་སྐྲུན་དང་གྲོང་གསེབ་ཁྱོན་ཡོངས་དར་རྒྱས་ལ་སྐུལ་འདེད་བྱེད་པར་ཟུང་དུ་འབྲེལ་ནས་རྫོང་ཁོངས་ཀྱི་ལས་ཞུགས་ཤོང་ཚད་ཇེ་མཐོར་གཏང་རྒྱུ་མ་ཟད།     

ལས་ཞུགས་ཞབས་ཞུ་ས་ཚིགས་དང་ལས་ཀའི་ཁྲོམ་རའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “ཁེ་ལས་ཀྱིས་ཐག་ཉེ་ས་ནས་ལས་མི་བཀོལ་སྤྱོད་དང་མང་ཚོགས་ཐག་ཉེ་ས་ནས་ལས་ཞུགས་ཐུབ་པའི”ཞབས་ཞུ་ལས་སྟེགས་སྔར་ལས་མང་པོ་བསྐྲུན་རྒྱུ་རེད།    

ཕ་ཡུལ་དུ་ལོག་ནས་ལས་ལམ་གསར་འབྱེད་དང་ཡོང་སྒོ་འཕར་སྣོན་ལ་བསྔགས་སྐུལ་བྱས་ཏེ། སྒུལ་ཤུགས་ཆེ་རུ་བཏང་ནས་གསོན་ཤུགས་བསྣན།  

ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་འདོད་པའི་ཞིང་པ་ཞོར་ལས་པར། ལས་སྒོ་གསར་སྤེལ་གྱི་ཞབས་ཞུ་སྔོན་ལ་བཏོན་ནས་ལས་གཏོད་སྲིད་ཇུས་ལག་བསྟར་གྱི་རྗེས་སུ་ལུས་མི་རུང་བྱ་དགོས།    

ད་སྔར་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས“འབྱུང་ཁུངས་ལས་གཏོད་ཡག་པོ”ཞེས་པའི་བྱེད་སྒོ་སྤེལ་བཞིན་ཡོད་ཅིང་། དེས་ཕྱིར་ཕ་ཡུལ་དུ་ལོག་སྟེ་ཕ་ཡུལ་དུ་ལས་གཏོད་བྱེད་མཁན་ལ་གཅིག་སྡུད་ཐོག་སྲིད་ཇུས་ལག་བསྟར་དང་།    འགྲེམས་སྟོན་བརྗེ་རེས།    ཐོན་ཁུངས་སྦྲེལ་མཐུད་བཅས་ཀྱི་ཞབས་ཞུ་འདོན་བྱེད་བཞིན་ཡོད།    

ལས་ཞུགས་རོགས་སྐྱོར་སྔོན་སྤེལ་ལ་ཤུགས་བསྣན་ཏེ།  མ་མཐའི་ཚད་མཐའ་དམ་སྲུང་བྱས་ནས་ཉེན་ཁ་སྔོན་འགོག་བྱེད་དགོས།   

དབུལ་ཐར་མི་འབོར་གྱི་ལས་ཞུགས་རོགས་སྐྱོར་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་སར་བཞག་ནས་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལས་ཞུགས་འགག་སྒྲོལ་ལས་འགུལ་མུ་མཐུད་ལག་བསྟར་ཡག་པོ་བྱས་ཤིང་། “སྔོན་འགྲོ་བཞི”སྟེ།    སྔོན་ལ་ཕྱིར་བསྐྱོད་སྒྲིག་འཛུགས་དང་།    སྔོན་ལ་ཁེ་ལས་ཀྱིས་བསྡུ་ལེན།    སྔོན་ལ་ལས་གནས་བརྟན་པོ།    སྔོན་ལ་མཐིལ་རྟོལ་བཀོད་སྒྲིག་བཅས་བྱེད་དགོས།  

མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའི་སྐད་འཕྲིན་སྤྱི་དམངས་ཨང་རྟགས་ལས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།