ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10པའི་ཚེས10ཉིན། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱལ་ཡོངས་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་པེ་ཅིན་དུ་གྲོལ། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་ལས་འཛིན་ལྷན་ཚོགས་སྐབས་བཅུ་གཉིས་པས《ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་སྒྲིག་ཡིག》གི་འབྲེལ་ཡོད་གཏན་འབེབ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ལ་ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་མཚན་འཛིན་འཛིན་ཚོགས་གཙོ་རུ་གདན་འདྲེན་ཞུས།
ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་སྐབས་བཅུ་གཉིས་པའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་དང་པོའི་སྟེང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཧི་ཝའེ་ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོར་བདམས་པ་དང་། ཝང་ཁེ་ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་རྒྱུན་ལས་ཚོགས་གཙོ་གཞོན་པར་བདམས། ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་སྐབས་བཅུ་གཉིས་པའི་ལྟ་ཞིབ་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་དང་པོའི་སྟེང་ཧྲང་རུའེ་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་སྐབས་བཅུ་གཉིས་པའི་ལྟ་ཞིབ་ལྷན་ཚོགས་ཀྱི་ལྟ་ཞིབ་དཔོན་ལ་འདེམས་སྒུག་བྱས།
མཇུག་འགྲིལ་ཚོགས་འདུའི་སྟེང་། ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་ཚོགས་གཙོ་གསར་པ་ཧོ་ཝའེ་ཡིས་གསུང་བཤད་གནང་།
ཚོགས་ཆེན་སྟེང་ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་སྐབས་བཅུ་གཅིག་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ་དང་སྐབས་བཅུ་གཅིག་པའི་ལྟ་ཞིབ་ལྷན་ཚོགས་ཀྱི་ལས་དོན་སྙན་ཞུ། 《ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་སྒྲིག་ཡིག(བཟོ་བཅོས་འཆར་ཟིན)》《ཀྲུང་གོའི་རྒྱ་གྲམ་དམར་པོ་ཚོགས་པའི་བྱ་གཞག་འཕེལ་རྒྱས་འཆར་འགོད་རྩ་གནད(2025ལོ་ནས2029ལོ་བར)》བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། །