ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་དུས་ཚིགས་གསུམ་པའི་བདེན་མཐོང་དཔའ་སྐྱེད་ཀྱི་དཔའ་བོའི་མིང་ཐོ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། ཤིན་ཧྭ་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས9ཉིན་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས2024ལོའི་དུས་ཚིགས་གསུམ་པའི་བདེན་མཐོང་དཔའ་སྐྱེད་ཀྱི་དཔའ་བོའི་མིང་ཐོ་ཁྱབ་བསྒྲགས་བྱས། དྲ་རྒྱའི་དོ་ཁུར་བྱེད་ཚད་དང་ས་གནས་ཁག་དང་ཚན་པ་ཁག་གི་འོས་སྦྱོར་བསམ་འཆར་ལ་ཕྱོགས་བསྡུས་དཔྱད་ཞིབ་བྱས་པར་གཞིགས་ན། བདེན་མཐོང་དཔའ་སྐྱེད་ཀྱི་དཔའ་བོ52གཟི་བརྗིད་ལྡན་པའི་ངང་མིང་ཐོའི་ནང་ཚུད་ཡོད།

མིང་ཐོར་ཚུད་པའི་བདེན་མཐོང་དཔའ་སྐྱེད་ཀྱི་དཔའ་བོ་ལ། དཔའ་ངར་ཞུམ་མེད་ངང་ཉེན་ཁ་འཕྲད་པའི་མང་ཚོགས་མྱུར་སྐྱོབ་བྱས་ཏེ་གཟི་བརྗིད་ངང་གཤེགས་པའི་ལོན་ལིའུ་ཝུའེ་དང་ཀྲའོ་ཅིན། ལི་ཆིང་ཞུའེ། ཞ་ཁྲོན་ཧྥིན། མེའོ་ཅན། ཤེ་ཧྥུའུ་ཆང་། ཝུའེ་ཀྲི་ཧུའེ་སོགས་དང་། ཁྲིམས་འགལ་ཉེས་སྤྱོད་ལ་འཐབ་རྩོད་བྱེད་པའི་ལིའུ་ཞིན་དབྱི་དང་ཀྲང་ཝེ་ཅན། ཀྲང་མིན་སོགས་ཡོད། ཁོང་ཚོས་བློ་སྟོབས་དང་ཐ་ན་ཁྲག་དང་ཚེ་སྲོག་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱས་ཏེ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཆེད་ཤ་ཕྲག་གི་མཁར་རྫོང་བསྐྲུན་ནས། ང་ཚོར་སྤྱིར་བཏང་ཁྲོད་ཀྱི་རླབས་ཆེའི་འོད་སྟོང་མཐོང་ཐུབ་པར་བྱས་ཡོད། དཔའ་བོ་ཚོའི་བདེན་མཐོང་དཔའ་སྐྱེད་ཀྱི་བྱ་སྤྱོད་དེ་དག་ལ་ས་གནས་ཁག་དང་ཚན་པ་ཁག་གི་དཔེ་མཚོན་གལ་ཆེན་འདེམས་སྲོལ་བརྒྱུད་དུས་ཐོག་ཏུ་གཏན་འཁེལ་དང་། བྱ་དགའ། འཚམས་འདྲི་བཅས་བྱས་པས། སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་རྒྱ་ཁྱབ་ཐོབ་ནས། ཟླ7པ་ནས་ཟླ9པའི་བར་གྱི་དྲ་རྒྱའི་འཚོལ་བཤེར་གཙོ་བོར་གྱུར་ནས་སྨྱན་སྦྱོར་གསར་པའི་ཐོག་ཨང་དང་པོ་ནས་གསུམ་པའི་བར་གྱི་ཨང་གསུམ་པར་ཐེངས་མང་ཚུད་ཡོད།

བདེན་མཐོང་དཔའ་སྐྱེད་ཀྱི་དཔའ་བོ་འདེམས་པའི་བྱེད་སྒོ་དེ་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱིས་གཙོ་སྒྲུབ་བྱས་པ་དང་། ཀྲུང་ཧྭའི་བདེན་མཐོང་དཔའ་སྐྱེད་ཐེབས་རྩ་ལྷན་ཚོགས་ཀྱིས་གཉེར་འགན་འཁུར་བ་རེད། 2022ལོའི་ཟླ9པ་ནས་བཟུང་བདེན་མཐོང་དཔའ་སྐྱེད་ཀྱི་དཔའ་བོའི་མིང་ཐོ་ཐེངས8ལ་ཁྱབ་བསྒྲགས་བྱས་པའི་ནང་བདེན་མཐོང་དཔའ་སྐྱེད་ཀྱི་དཔའ་བོ440ཚུད་ཡོད། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།