གངས་རི་འབྲོག་ར་དོ་དམ་ས་ཚིགས་ཀྱི་སྐྱེ་ཁམས་བདག་སྐྱོང་པ།
ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྟོན་མཇུག་ཏུ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁུལ་ནས་ཆས་དུས། གནམ་སྔོན་པོ་དང་སྤྲིན་དཀར་པའི་འོག བརྗིད་ཆགས་ཡིད་འོང་གི་མདོ་ལ་རིང་མོའི་གངས་འདབས་སུ། མུ་མཐའ་མེད་པའི་གྲམ་ཐང་དུ། གནའ་བ་ཁྱུ་དང་ཁྱུ་བྱས་ནས་བྲག་རིར་འཛེགས་པ་དང་། འོད་ཆེམ་ཆེམ་དུ་འཕྲོ་བའི་གངས་ཆུ་ལྷུང་ལྷུང་དུ་འབབ་པ་སོགས་ཀྱིས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སྐྱེ་ཁམས་མ་ལག་སྣ་ཚོགས་ཕན་ཚུན་སྣོལ་འདྲེས་དང་གདོད་མའི་སྐྱེ་ཁམས་ཀྱི་མཛེས་སྡུག་རི་མོ་ཞིག་མངོན་ཡོད།
ལམ་བར་དུ་རི་ཚོགས་ཀྱི་རང་བྱུང་ཉམས་འགྱུར་མཐོང་ཐུབ་པ་མ་ཟད། ད་དུང་སྐྱེ་ཁམས་བདག་སྐྱོང་པ་ཚོས་མཐོ་གྲང་དང་། ས་བབ་མཐོ་བ། ལྷགས་པ་ཆེ་བ། ཉི་འོད་རབ་ཏུ་འཚེར་བའི་གནམ་གཤིས་ངན་པ་བཅས་ལ་ཁ་གཏད་ནས། ལོ་མང་པོའི་རིང་མདོ་ལ་རི་བོའི་ཁྲོད་དུ་རྩ་བ་ཚུགས་ནས་སེམས་ཅན་ཁྲི་སྟོང་ལ་སྲུང་སྐྱོང་བྱེད་ཆེད་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལའང་རོལ་མྱོང་བྱེད་ཐུབ།
ཤེས་གསལ་ལྟར་ན། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང(གསར་སྐྲུན)གཏེར་ལེན་ཁ་ཡུག་ཁུལ་གྱི་ཚོད་ལྟའི་ཁུལ་དུ། སྐྱེ་ཁམས་སྲུང་སྐྱོང་མ་ལག་གི་རིགས་གཙོ་བོ་ནི་རྩྭ་ཐང་སྐྱེ་ཁམས་མ་ལག་དང་། འདམ་རའི་སྐྱེ་ཁམས་མ་ལག ཐང་རྒོད་སྐྱེ་ཁམས་མ་ལག འཁྱགས་དར་སྐྱེ་ཁམས་མ་ལག་སོགས་སྐྱེ་ཁམས་མ་ལག་ཆེ་གྲས4ཡིན། སྐྱེ་ཁམས་དོ་དམ་སྲུང་སྐྱོང་ས་ཚིགས4བཙུགས་ཡོད་ལ། ལྟེ་བའི་དོ་དམ་སྲུང་སྐྱོང་ས་ཚིགས་ཕུད་དབྱི་ཁེ་ལ་དང་པ་ཕན་རི་བོ། གངས་རི་འབྲོག་ར་བཅས་དོ་དམ་སྲུང་སྐྱོང་ས་ཚིགས་ཚང་མ་སྲུང་སྐྱོང་ཁུལ་གྱི་ཕྱི་རོལ་དུ་བཙུགས་ཡོད། ཕྱོགས་གཅིག་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པའི་རྒྱུན་གཏན་གྱི་འཚོ་བའི་དགོས་མཁོ་ཐག་གཅོད་བྱེད་པ་དང་། མི་ལུས་བདེ་འཇགས་ལ་འགན་ལེན་བྱེད་པ། རྒྱུན་གཏན་གྱི་སྐོར་སྲུང་བྱེད་བདེ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་པ་དང་། ཕྱོགས་གཞན་ཞིག་ནས་ཡུག་ཁུལ་དུ་སྐྱོད་འདོད་ཡོད་པའི་མི་སྣ་དང་རླངས་འཁོར་ལ་དོ་དམ་ཚོད་འཛིན་ནུས་ལྡན་བྱས་ཏེ། ཚད་གཞི་ངེས་ཅན་གྱི་ཐོག་ནས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་བཀག་འགོག་བྱས་ཡོད་པས། “འགག་སྒོའི”ནུས་པ་ཐོན་ནས་སྐྱེ་ཁམས་ཐོན་ཁུངས་ལ་སྲུང་སྐྱོབ་གང་ལེགས་བྱས་ཡོད། །
པ་ཕན་རི་བོའི་བདག་སྐྱོང་ས་ཚིགས་ཀྱི་སྐྱེ་ཁམས་བདག་སྐྱོང་པ།
སྲུང་སྐྱོང་ཁུལ་ཕྱི་རོལ་དུ་བཙུགས་པའི་པ་ཕན་རི་བོའི་བདག་སྐྱོང་ས་ཚིགས།
གནའ་བ།
མདོ་ལ་རི་བོའི་སྟོན་ཉམས།
བརླན་ས།
མདོ་ལ་རི་བོ།
གྲམ་ཐང་།
མདོ་ལ་རི་བོའི་སྟོན་ཉམས།
གཏེར་ལེན་ཁ་གྲོང་ཁྱེར།