ཞི་ཅིན་ཕིང་གིས་ཧྲི་ཕའོ་མའོ་འཇར་པན་གྱི་དབུ་བཞུགས་བློན་ཆེན་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་གློག་འཕྲིན་བཏང་།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ10པའི་ཚེས1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྲི་ཕའོ་མའོ་འཇར་པན་གྱི་དབུ་བཞུགས་བློན་ཆེན་ལ་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་འཇར་པན་ནི་བར་ཐག་ཉེ་བའི་ཁྱིམ་མཚེས་རྒྱལ་ཁབ་ཡིན་ལ།     རྒྱལ་ཁབ་གཉིས་ཞི་བདེ་མཉམ་གནས་དང་།    མི་རབས་ནས་མི་རབས་བར་མཛའ་བརྩེ་ལྡན་པ།    གཉིས་ཕན་མཉམ་ལས།    ཐུན་མོང་འཕེལ་རྒྱས་བཅས་ཀྱི་ལམ་དུ་སྐྱོད་པ་དེ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན།   འཇར་པན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཀྲུང་གོ་དང་འཇར་པན་གྱི་ཆབ་སྲིད་ཡིག་ཆ་བཞིའི་རྩ་དོན་དང་ཐུན་མོང་གི་ངོས་འཛིན་བརྩི་སྲུང་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འཐབ་ཇུས་གཉིས་ཕན་གྱི་འབྲེལ་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་བླང་བྱ་དང་མཐུན་པའི་དགེ་མཚན་ལྡན་པ་དང་། བརྟན་བརླིང་གི་ཀྲུང་གོ་དང་འཇར་པན་གྱི་འབྲེལ་བ་འཛུགས་པར་འབད་འབུངས་བྱེད་རྒྱུའི་རེ་བ་ཡོད་ཅེས་གསུངས།

ཉིན་དེར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཧྲི་ཕའོ་མའོ་ལ་རྟེན་འབྲེལ་གློག་འཕྲིན་བཏང་བ་དང་། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཆབ་སྲིད་རྨང་གཞིར་སྲུང་སྐྱོང་བྱེད་པ་དང་།    མཛའ་བརྩེ་དང་ཕན་ཚུན་ཡིད་ཆེས།    མཉམ་ལས་བཅས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་ལེགས་པོ་བསྐྲུན་དགོས་ཟེར།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།