མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་བྱས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

 

འདི་ནི་ལས་བྱེད་པ་རྒན་པ་ཚོས་མཛེས་པའི་སྟངས་སྟབས་བརྒྱུད་ནས་རྒྱལ་སྟོན་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཚུལ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས29ཉིན་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ལས་བྱེད་པ་རྒན་གྲས་ཅུའུ་ཡིས་གཙོ་སྒྲུབ་བྱས་པའི“མེས་རྒྱལ་ལ་བསྟོད་གླུ་ལེན་པ་དང་མཚོ་སྔོན་མཛེས་སྡུག་ལ་བསྟོད་གླུ་ལེན་པ”ཞེས་པའི་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པ་རྒན་གྲས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་ཟི་ལིང་དུ་འཚོགས་པ་རེད། ཞིང་ཆེན་རིམ་པའི་མགོ་ཁྲིད་རྒན་གྲས་པད་མ་དང་ཁྲེན་རུའེ་ཀྲེན་ཚོགས་འདུར་ཞུགས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི་དང་ལས་བྱེད་པ་རྒན་གྲས་ལས་དོན་སྡེ་ཁག་གི་འགན་འཁུར་བློ་མཐུན་སོགས་མི800ལྷག་གིས་འཁྲབ་སྟོན་ལ་གཟིགས། 

རིག་རྩལ་འཁྲབ་སྟོན་གྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བ་བརྗོད་དོན་གཙོར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་གཙོ་རྐང་དུ་བྱས་ཏེ། འཁྲབ་སྟོན་ལ་ཞུགས་པའི་བློ་མཐུན་རྒན་གྲས་ཚོས་ངོ་མཚར་ཆེ་བའི་འཁྲབ་སྟོན་དང་ལྷག་བསམ་ཟོལ་མེད་ཀྱི་བརྩེ་སེམས་སྟེང་མེས་རྒྱལ་ལ་སྨོན་འདུན་ཞུ་བ་དང་། ཕ་ཡུལ་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་ཟབ་མོ་མཚོན་པ་སོགས་མཚོ་སྔོན་གྱི་མི་རིགས་སོ་སོའི་བུ་ཕྲུག་ཚོའི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་། དྲིན་ཚོར་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་གསོན་ཉམས་ལྡན་པའི་བརྙན་རིས་ཞིག་ཀུན་གྱི་སྤྱན་ལམ་དུ་ཕུལ། འཁྲབ་སྟོན་ཡོངས་སུ་དངུལ་འོད་འཕྲོས་པའི་སེ་འབྲུ་དམར་པོ་དང་། འོད་འཕྲོས་པའི་གཙང་བོ། འོད་འཕྲོས་པའི་མཚོ་སྔོན་གསར་པ་སོགས་ལེའུ3དང་ལེ་ཚན12ཚུད་ཡོད། མཉམ་གཞས་དང་ཞབས་བྲོ། སྨྱུག་རོལ་མགྱོགས་གཏམ་སོགས་སྒྱུ་རྩལ་གྱི་རྣམ་པ་མང་པོ་གཅིག་ཏུ་བསྡུས་ཡོ།

འཁྲབ་སྟོན་ལ་གཟིགས་པའི་བློ་མཐུན་རྒན་གྲས་ཚོས་ཐེངས་འདིའི་བྱེད་སྒོ་ལས་བློ་མཐུན་རྒན་གྲས་ཚོའི་ཏང་ལ་བཅངས་པའི་བརྩེ་དུང་ཟབ་མོ་མཚོན་པ་མ་ཟད། ཏང་གི་མགོ་ཁྲིད་འོག་མཚོ་སྔོན་ལ་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་བསྟོད་གླུ་ཕུལ་ཡོད་ལ། སྙིང་སྟོབས་ཀྱི་བྱབས་ཁྲུས་དང་སྟོབས་ཤུགས་ཀྱི་གོང་བུ་གཅིག་ཏུ་འགྲིལ་བ་ཞིག་དེ་བས་ཀྱང་རེད། ཚང་མས་ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲངས་པ་བཅས་དང་། སྔར་བཞིན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ། རང་ངོས་ཀྱི་ལེགས་ཆའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་གཏིང་ཟབ་བྱེད་པ། རང་ཞིང་གིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ་སོགས་ཀྱི་ལས་འགན་གཙོ་བོར་དམིགས་ནས་བློ་འདོན་ཇུས་འབུལ་བྱེད་པ་དང་། ཀྲུང་གོ་གསར་པའི་གཏམ་རྒྱུད་དང་མཚོ་སྔོན་གསར་པའི་གཏམ་རྒྱུད་ལེགས་པོ་བརྗོད་པ་བཅས “མཚོ་སྔོན་ལ་ཤེས་རྟོགས་བྱེད་པ་དང་མཚོ་སྔོན་ལ་དགའ་ཞེན་ཆེ་བ། མཚོ་སྔོན་དར་སྤེལ་བྱེད་པ”བཅས་ཀྱི་ཆབ་སྲིད་ཀྱི་སྤྲོ་སེམས་ལ་བརྟེན་ནས་དུས་རབས་གསར་པའི་བགྲེས་པོ་ཚོའི་ཉམས་འགྱུར་མངོན་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།