མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་ཟབ། །ལག་གདང་སྦྲེལ་ནས་འོད་སྟོང་གསར་པ་མུ་རུ་གཏོད། །

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱིས་མི་རིགས་ཁག་གི་བུ་ཕྲུག་ཚོར་འབད་འབུངས་ཡར་བརྩོན་བྱ་རྒྱུར་སྐུལ་ལྕག་ཐེབས་པ།

“ཡངས་ཤིང་རྒྱ་ཆེ་བ་དང་མཛེས་སྡུག་འབྱོར་ཕྱུག་ལྡན་པའི་ས་གཞི་འཛིན་མའི་ཁྱོན་འདིར། རིགས་སོ་སོའི་མི་དམངས་ལ་ཐུན་མོང་གི་ཁྱིམ་གཞིས་ཤིག་ཡོད་དེ། དེ་ནི་ཀྲུང་གོ་ཡིན་ལ། ཚང་མར་ཐུན་མོང་གི་ཐོབ་ཐང་ཞིག་ཡོད་དེ། དེ་ནི་ཀྲུང་ཧྭ་མི་རིགས་ཡིན།ཚང་མར་ཐུན་མོང་གི་མིང་ཞིག་ཡོད་དེ། དེ་ནི་ཀྲུང་གོ་བ་ཡིན་པ་དང་།ཚང་མར་ཐུན་མོང་གི་ཕུགས་འདུན་ཞིག་ཡོད་དེ། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་དེ་ཡིན”ཞེས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ75འཁོར་བར་བསུ་བ་ཞུ་བའི་སྐབས་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་ལ་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཐད་མཛུབ་ཁྲིད་གལ་ཆེན་གནང་། 

ཚང་མས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་པ་གཏིང་ཟབ་ལ་གཟིགས་རྒྱང་རིང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བའི་གཙོ་ཐིག་ལ་དམ་པོར་དམིགས་ཏེ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས། 

མི་རིགས་ཀྱི་གནད་དོན་ཐག་གཅོད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་བུ་ནི་རྦད་དེ་ཡང་དག་པ་ཞིག་ཡིན། 

རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་སྟེང་། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ཐུན་མོང་དཔེ་ལེགས352དང་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མི་སྒེར་དཔེ་ལེགས368ལ་གཟེངས་བསྟོད་ཐོབ། 

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཕུའུ་ཨེར་གྱི་མི་རིགས་མཐུན་སྒྲིལ་དམ་བཅའི་རྡོ་རིང་གི་མནའ་བཞག་འཐུས་མིའི་མི་རབས་རྗེས་མར་འཕྲིན་ལན་སྤྲིངས་པ་མ་ཟད།གཟེངས་བསྟོད་ཚོགས་ཆེན་ཐོག་གསུང་བཤད་གལ་ཆེན་ཡང་གནང་སོང་། ཡུལ་དངོས་སུ་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་ལ་ཉན་རྗེས་ངའི་སེམས་ལ་དྲོད་ཁོལ་རྒྱས་ཤིང་སྟོབས་དང་ནུས་པས་བརྟས་ལ། མི་རིགས་ལས་དོན་ནི་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་སུ་གལ་འགངས་ཤིན་ཏུ་ཆེ་བའི་ཚོར་སྣང་ཞིག་བྱུང་སོང”ཞེས་གཟེངས་བསྟོད་ཐོབ་པའི་སི་ཁྲོན་ཞིང་ཆེན་ཀྲའོ་ཅུའེ་རྫོང་སན་ཁྲ་ཧོ་གྲོང་རྡལ་སན་ཧོ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གཞོན་པ་ལུའོ་ཀུའུ་ཡིའུ་གེ་ཡིས་སེམས་འགུལ་ཚད་མེད་ཐེབས་པའི་ངང“མི་རིགས56པོར་ཐུན་མོང་གི་ཁྱིམ་གཞིས་དང་ཐུན་མོང་གི་ཐོབ་ཐང་། ཐུན་མོང་གི་མིང་། ཐུན་མོང་གི་ཕུགས་འདུན་བཅས་ཡོད་ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་སྤྱིའི་བླང་བྱ་ཁ་གསལ་བཏོན་ནས། ང་ཚོར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པར་སྔར་ལས་རྒྱུས་ལོན་ཟབ་མོ་བྱེད་དུ་བཅུག་སོང”ཞེས་བཤད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་མི་རིགས་རང་སྐྱོང་ས་གནས་སུ་གནས་པའི་དབུལ་པོ་རྫོང420ཚང་མས་དབུལ་པོའི་ཞྭ་མོ་ཕུད་པ་དང་། མི་འབོར་ཅུང་ཉུང་བའི་མི་རིགས28ཚང་མ་དབུལ་ཐར་བྱུང་ཞིང་། མི་རིགས་ས་ཁུལ་གྱིས་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱས་ཏེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པར་གོམ་པ་སྤོས་ཡོད། ཐོབ་དཀའ་བའི་གྲུབ་འབྲས་དང་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོས་མི་རིགས་ཀྱི་གནད་དོན་ཐག་གཅོད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་བགྲོད་ལམ་ནི་རྦད་དེ་ཡང་དག་ཡིན་པ་ར་སྤྲོད་ཁུངས་བཙན་བྱས་ཡོད། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་རིགས་གནད་དོན་ཐག་གཅོད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་བགྲོད་ལམ་ལ་འགྲེལ་བཤད་གཏིང་ཟབ་གནང་བར་ཉན་རྗེས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་རིམ་པ་གཉིས་པའི་དགེ་རྒན་ཆེན་མོ་མ་མིང་ཀྲུང་གིས“ཀྲུང་གོ་གུང་ཁྲན་ཏང་ཡོད་པས་ད་གཟོད་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོ་མངོན་འགྱུར་བྱེད་ཐུབ་པ་དང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡོད་པས་ད་གཟོད་མི་རིགས་ཁག་གོང་བུ་གཅིག་ཏུ་འགྲིལ་བ་དང་།མི་རིགས་ཁག་འཕེལ་རྒྱས་གཏོང་བ།མི་རིགས་ཁག་དར་རྒྱས་ཡོང་བ་བྱེད་ཐུབ། ང་ཚོས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་བྱ་རྒྱུར་ཤུགས་བསྣན་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་གཏམ་རྒྱུད་སྔར་བས་ལེགས་པོར་བརྗོད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས། ”ཞེས་མྱོང་ཚོར་ཟབ་མོའི་ངང་བཤད།

ལོ་ངོ་ལྔ་སྟོང་ལྷག་གི་ཀྲུང་ཧྭའི་དཔལ་ཡོན་གྱིས་སྦྲུམ་པའི་རླབས་ཆེན་མེས་རྒྱལ་དང་རླབས་ཆེན་མི་རིགས་ནི་ནམ་ཡང་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཆེས་གཏིང་ཟབ་པ་དང་ཆེས་རྒྱུན་རིང་བའི་བརྩེ་བ་དང་དམ་དུ་སྦྲེལ་བ་རེད།

ཡུན་ནན་ཞིང་ཆེན་ལུའུ་ཁྲུན་རྫོང་ཕིང་ཧོ་གྲོང་རྡལ་ཏ་ཐོའུ་སྡེ་ཨུའི་ལ་ཧུའུ་གཞིས་ཀའི་སྡེ་མི་ཚན་ཆུང་དུ། སྟར་ཕྲང་དུ་ཡོད་པའི་ཁང་གསར་རེ་རེ་ནི་སྔོ་ལྗང་གི་ནགས་ཚལ་ཁྲོད་གསལ་ལམ་མེར་མངོན་པ་དང་། དམར་མདངས་བཀྲ་བའི་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་སྐྱོད་པ། ཁོད་སྙོམས་པའི་ཨར་འདམ་ལམ་ཁང་པའི་མདུན་དུ་འཐེན་པ་བཅས་འཆམ་མཐུན་མཛེས་སྡུག་ལྡན་པའི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་ཞིག་མངོན་འདུག

ཏ་ཐོའུ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་མ་ལུང་ཧྥུའུ་ཡིས“བློ་སེམས་གཅིག་མཐུན་གྱིས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད།མི་རིགས56སེ་འབྲུའི་ཚི་གུ་བཞིན་དམ་དུ་འབྲེལ་དགོས”ཞེས་པ་དང་། ཀྲུང་གོ་གུང་ཁྲན་ཏང་ནི་མི་རིགས་ཁག་གི་མི་དམངས་ཀྱིས་བློས་འགེལ་ཆོག་པའི་སྲོག་ཤིང་ལྟ་བུ་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས། མི་རིགས་ཁག་གི་མང་ཚོགས་ལ་མཐུན་སྒྲིལ་ཡག་པོ་བྱས་ཏེ“ལོ་ངོ་སྟོང་གི་མཆོང་སྐྱོད”ཀྱི་ལེའུ་གསར་པ་མུ་མཐུད་དུ་རྩོམ་དགོས་ཞེས་བཤད། 

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སེམས་ཀྱི་ཟབ་སར་འཇགས་པར་བྱེད་དགོས།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་གྲུབ་པ་དང་འཕེལ་རྒྱས་འགྲོ་བ་ནི་མི་སེམས་ཀྱི་གཏད་སོ་དང་དུས་ཀྱི་འཁོར་ཕྱོགས།ལོ་རྒྱུས་ཀྱི་འཕེལ་ཕྱོགས་ལྡོག་མེད་བཅས་ཡིན། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཆགས་པ་དང་འཕེལ་རྒྱས་འགྲོ་བའི་རྩ་བ་དང་བླ་སྲོག་གསལ་སྟོན་གཏིང་ཟབ་གནང་ཡོད་པས། ཅ་ཡུས་ཀོན་གྱི་དར་གོས་ལམ་བུའི(ལྕགས་རི་རིང་པོ)རིག་གནས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་གཞོན་པ་ཀྲང་ཞའོ་ཡན་ལ་བག་ཆགས་ཟབ་མོ་བཞག་ཡོད། ཀྲང་ཞའོ་ཡན་གྱིས“ང་ཚོས་བྱ་བའི་ཁྲོད་མི་རིགས་ཁག་གི་མང་ཚོགས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་མེས་རྒྱལ་དང་།ཀྲུང་ཧྭ་མི་རིགས།ཀྲུང་ཧྭའི་རིག་གནས།ཀྲུང་གོའི་གུང་ཁྲན་ཏང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་བཅངས་པའི་ངོས་ཟིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་།ཐུན་མོང་གི་རྩ་བ་སྲུང་སྐྱོང་ཡག་པོ་དང་ཐུན་མོང་གི་བླ་སྲོག་རྒྱུན་འཛིན་ཡག་པོ་བྱས་ཏེ། ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དེ་སྐས་རིམ་གསར་པ་ཞིག་ཏུ་སྤོ་བར་སྔར་བས་སྐུལ་འདེད་གཏོང་དགོས”ཞེས་བཤད།

ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བའི་སློབ་ཁྲིད་བཀོད་སྒྲིག་བྱས་པ་དང“བདེ་སྐྱིད་ལྡན་པའི་སེ་འབྲུའི་ཚི་གུ”ཞེས་པའི་སྒྲོག་འགྲེལ་རུ་ཁག་བཙུགས་པ་སོགས་ལོ་ངོ10ལྷག་གི་བསམ་བློའི་ཆབ་སྲིད་ཀྱི་སློབ་གསོའི་ལས་དོན་དང་ཟུང་འབྲེལ་བྱས་ནས། ཀྲེ་ཅང་ཞིང་ཆེན་ཉིང་པོ་ལས་རིགས་ལག་རྩལ་སློབ་གླིང་གི་ཟུར་ཁྲིད་པ་སྨི་ན་ཝ་ཨེར·ཨའེ་ལི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་ཐུན་མོང་གི་ངོས་འཛིན་ཟབ་མོ་བྱུང་ཡོད། 

སྨི་ན་ཝ་ཨེར·ཨའེ་ལི་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་པའི“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་པར་ངེས་པར་དུ་ཀྲུང་ཧྭའི་རིག་གནས་ཀྱི་ངོས་ཟིན་ཆེ་རུ་གཏོང་དགོས”ཞེས་པའི་བླང་བྱ་དོན་འཁྱོལ་ཡག་པོ་བྱས་ནས། སློབ་མ་ཚོར་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་།ལོ་རྒྱུས་ཀྱི་ལྟ་བ།མི་རིགས་ཀྱི་ལྟ་བ་སོགས་འཛུགས་པར་ཁྲིད་སྟོན་བྱས་ཏེ། རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་འཛིན་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་གཅེས་འཛིན་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སེམས་ཀྱི་ཟབ་སར་འཇགས་པར་བྱེད་དགོས། 

ལོ་ངོ་སྟོང་གི་བརྐོ་རྩལ་དང་གསོན་ཉམས་དོད་པའི་རྣམ་པ་སྟེ། མི་རིགས56གི་མི་སྣའི་གཟུགས་བརྙན་རྒྱུན་འཛིན་བྱེད་པའི“ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ།བློ་སེམས་གཅིག་གིས་ཀྲུང་གོའི་འདུན་མ་བཞེངས”ཞེས་པའི་དངུལ་བརྐོས་བརྙན་ཡོལ་ཆེན་མོ་དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོ་མཚོན་པའི་བརྩམས་ཆོས་ཤིག་ཡིན་ལ། དེའི་ནང་དུ་མི་རིགས་ཁག་གི་བུ་ཕྲུག་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ལྷད་མེད་བརྩེ་སེམས་འདུས་ཡོད།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘ཀྲུང་ཧྭ་མི་རིགས་ཐུན་མོང་ལ་མངའ་བའི་བསམ་པའི་ཁྱིམ་གཞིས་ཧུར་ཐག་གིས་བསྐྲུན་དགོས’ཞེས་ནན་གྱིས་བསྟན་ཡོད་པ་དང་།དངུལ་བརྐོས་ཡོལ་སྒྲོམ་གསར་རྩོམ་གྱི་འཆར་སྣང་དེ་ཀྲུང་ཧྭ་མི་རིགས་ཀྱི་ཁྱིམ་གཞིས་ཆེན་མོར་བཅངས་པའི་བརྩེ་སེམས་ཟབ་མོ་ལས་བྱུང་བ་ཡིན”ཞེས་དངུལ་བརྐོས་ཡོལ་སྒྲོམ་གསར་གཏོད་མཁན་ཏེ་ཀྲུང་གོའི་བཟོ་མཛེས་རྩལ་ཆེད་མཁས་པ་ཚུན་ཧྥ་པིའོ་ཡིས་བཤད་ཅིང་། ཁོ་ནི་ལག་ཤེས་བཟོ་རྩལ་པ་ཞིག་ཡིན་པའི་ངོས་ནས། མི་རིགས་ཁག་གི་མང་ཚོགས་དང་ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་བརྒྱུད་རིམ་ཁྲོད་མི་རིགས་ཁག་གི་ཁྲག་རྒྱུན་མཉམ་འདྲེས་དང་རིག་གནས་གཅིག་མཐུན་ཡིན་པའི་མྱོང་ཚོར་ཟབ་མོ་བྱུང་ལ། སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱེད་དགོས་ན། མི་རིགས་ཁག་གི་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བརྩམས་ཆོས་ཡག་པོ་བརྩམས་ཏ།ེ ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དེ་ཆུ་ཕྲན་ལྷུང་ལྷུང་དུ་འབབ་པ་ལྟར་སེམས་སུ་འཇགས་པར་བྱས་ནས། མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་དེ་བཟོ་མཛེས་རྩལ་གྱི་ཁོངས་སུ་ལྷུག་གེར་བཞད་དུ་འཇུག་དགོས་ཞེས་བཤད།

“དུས་རབས་ཕྱེད་ཀའི་རིང་མཐའ་མཚམས་སྲུང་ཞིང་།སྐར་ལྔའི་དར་དམར་སྒྲེང་ཐེངས་རེ་རེར།སྐྱིད་སྡུག་མཉམ་མྱོང་དང་ཁྲེལ་གྲགས་མཉམ་ཁུར།མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་ཀྱི་ཐུན་མོང་གི་འདུ་ཤེས་ཞེས་པར་ངས་སེམས་གཏིང་དུ་གོ་བ་རྙེད་ཐུབ”ཅེས་ནང་སོག་རང་སྐྱོང་ལྗོངས་ཨ་ལ་ཧྲན་ཡིའུ་ཆི་ཡི་ཐཱ་མུའུ་སུའུ་པུའུ་ལ་ཀེ་སུའུ་མུའུ་ཨེན་ཀེར་རི་ཝུའུ་སུའུ་ཀ་ཀྲའི་འབྲོག་པ་ཉི་མས་བཤད་རྒྱུར།མོས་མི་རིགས་མཐུན་སྒྲིལ་གྱི་སྙིང་སྟོབས་དེ་བུ་རབས་ཚ་རྒྱུད་ལ་བརྒྱུད་སྤྲོད་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཇེ་བརྟན་དུ་གཏོང་རྒྱུ་ཡིན་ཟེར། 

ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པར་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པས།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་དགོས། 

ཉེ་བའི་ལོ་འགའི་རིང་།ཧྲང་ཧའེ་རྒྱ་མཚོ་སློབ་ཆེན་ཆུའི་ཐོན་རྫས་དང་ཚེ་སྲོག་སློབ་གླིང་གི་ཆུའི་ཐོན་རྫས་ཀྱི་རྒྱུད་སྤུས་ཐོན་ཁུངས་ཞིབ་འཇུག་དང་གསར་གཏོད་ཚོགས་པས་ཆུའི་ཐོན་རྫས་ཀྱི་རྒྱུད་འདེམས་པ་དང་གསོ་སྐྱོང་བྱེད་པའི་འཐབ་ཕྱོགས་དང་པོ་རུ། ལག་རྩལ་ལ་བརྟེན་ནས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཇི་ལྟར་གཏོང་བའི་ཐད་ནས་རྒྱུན་ཆད་མེད་པར་འཚོལ་ཞིབ་བྱས་དང་བྱེད་མུས་སུ་མཆིས།

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘མི་རིགས་ཁག་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས་པ’དང་།‘ས་ཁུལ་ཁག་དཔལ་འབྱོར་ཐད་སྔར་བས་ཟུང་འབྲེལ་དམ་ཟབ་དང་མཉམ་འདྲེས་ཡོང་བར་སྐུལ་འདེད་གཏོང་དགོས’ཞེས་ནན་གྱིས་བསྟན་པ་དེས། ང་ཚོར་ཕྲག་ཐོག་ཏུ་འགན་འཁྲི་ཆེན་པོ་འཁུར་ཡོད་པ་ཚོར་དུ་བཅུག་ལ།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་བླངས་སུ་བཅུག”ཅེས་ཚོགས་པའི་འགན་འཁུར་པའམ་ཧྲང་ཧའེ་རྒྱ་མཚོ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཝང་ཁྲེང་ཧུའེ་ཡིས་རིག་ཚན་གྱི་ལེགས་ཆ་དེ་མི་རིགས་ས་ཁུལ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པར་འགྱུར་བར་བྱེད་པ་དང་། ཉ་ལས་གསོ་སྐྱོང་གི་ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་ཚང་མར་ལག་རྡང་མཉམ་འབྲེལ་གྱིས་འཚོ་བ་སྐྱིད་པོ་རོལ་དུ་འཇུག་རྒྱུ་ཞེས་བཤད།

རྒྱལ་སྟོན་དུས་ཆེན་བསླེབ་ལ་ཉེ་བའི་སྐབས་སུ། ཞིན་ཅང་རྒྱལ་སྤྱིའི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་ཀྱི་ཚ་རླབས་འཕྱུར་བཞིན་ཡོད་དེ། ས་ཕྱོགས་སོ་སོ་ནས་ཡོང་བའི་ཡུལ་སྐོར་པས་ཡུལ་དེར་སྤྲོ་འཆམ་བྱེད་ཞོར་ཟས་ཞིམ་པོ་རོལ་བཞིན་འཁྲབ་སྟོན་ལ་ལྟ་བཞིན་མཆིས། 

ཞིན་ཅང་ཝུའུ་ལུའུ་མུའུ་ཆིའི་ཏ་པ་ཀྲ་མཛེས་ལྗོངས་ཁུལ་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སུའུ་ཞུའེ་ལུའུ་ཡིས“འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་རྒྱ་ཁྱབ་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ”དང“ཕན་ཚུན་འབྲེལ་གཏུག་རྣམ་པའི་སྤྱི་ཚོགས་གྲུབ་ཆ་དང་སྡེ་ཁུལ་ཁོར་ཡུག་གཏོད་དགོས”ཞེས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་སྙིང་སྟོབས་དོན་འཁྱོལ་ལེགས་པོ་བྱེད་དགོས་ན། མངོན་མིན་རིག་གནས་ཤུལ་བཞག་གིི་ཚོང་འདུས་ཁྲོམ་ར་དང་ཐོན་རྫས་འོས་སྦྱོར་སྟེགས་བུ་བསྐྲུན་པ་སོགས་བྱེད་ཐབས་བརྒྱུད། རིག་གནས་ལ་བརྟེན་ནས་གནས་སྐོར་གྱི་ནང་སྙིང་ཕུན་ཚོགས་སུ་བཏང་སྟེ། རིགས་སོ་སོའི་མང་ཚོགས་ཀྱི་དཔལ་འབྱོར་འགྲོ་འོང་དང་རིག་གནས་བརྗེ་རེས། བརྩེ་སེམས་མཉམ་འདྲེས་བཅས་ཡོང་བར་བྱེད་དགོས་ཞེས་བཤད།

ཉེ་བའི་ལོ་འགར།བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་སྤྲིན་པ་སྡེ་ཨུའི་ཀ་ལ་སྡེ་མི་ཚན་ཆུང་གིས་གྲོང་གསེབ་དར་སྤེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བས། སྡེ་མིའི་ཐོབ་སྣང་དང་སྐྱིད་སྣང་།བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། 

“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བ་བྱེད་དགོས་ན།མི་རིགས་གཅིག་ཀྱང་མི་ལུས་པ་བྱེད་དགོས’ཞེས་ནན་གྱིས་བསྟན་པ་ནི་འབད་འབུངས་ཡར་བརྩོན་ལ་སྐུལ་འདེད་གཏོང་བའི་སྐུལ་སློང་གི་བཀའ་རྒྱ་ཞིག་རེད”ཅེས་སྤྲིན་པ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྤེན་པས་བཤད་རྒྱུར། དམངས་འཚོར་ཕན་པ་དང་མི་སེམས་ལ་དྲོད་ཁོལ་སྦྱིན་པའི་དོན་དངོས་མང་ཙམ་བསྒྲུབས་ནས། ཡུལ་མི་ཚོའི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་བསྐངས་ཏེ། མི་རིགས་སོ་སོ་སེ་འབྲུའི་ཚི་གུ་བཞིན་དམ་པོར་སྦྲེལ་བར་སྐུལ་འདེད་གཏོང་རྒྱུ་ཡིན། 

“ང་ཚོས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་ལོ་རྒྱུས་དེབ་ཐེར་ལ་བཀོད་པའི་རླབས་ཆེན་གྲུབ་འབྲས་བཏོད་ཡོད་ལ།རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་འབད་འཐབ་ལ་བརྟེན་ནས་འོད་སྟོང་གསར་པ་མུ་མཐུད་དུ་གཏོད་དགོས”ཞེས་ཚང་མས་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་གཏོང་བ་གཙོ་ཐིག་ཏུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཚེ། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བའི་ལེའུ་གསར་པ་ཞིག་རྩོམ་ཐུབ་ངེས་རེད་ཅེས་བཤད། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།