མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་བསྡུས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲེན་ཀང་གིས་མགོ་འཛིན་མཛད་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་བསྡུས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུ་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོན་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སོགས་སློབ་སྦྱོང་བརྒྱུད་སྒྲོག་བྱས་པ་དང་། རང་ཞིང་ལག་བསྟར་དངོས་འབེབས་བསམ་འཆར་ལ་ཞིབ་འཇུག་བྱས་ནས། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

ཚོགས་ཐོག་ནས། བསམ་སྦྱོར་གཉིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ཐོག་ངེས་པ་དོན་གྱིས་གཅིག་གྱུར་ཡོང་བར་བྱེད་པ་དང་། རང་ཞིང་གི་མིག་སྔར་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་བབ་ལ་ལུགས་མཐུན་དང་རྩོད་སྒྲུབ་ཀྱིས་བལྟ་བ། ཡིད་ཆེས་བརྟན་པ་དང་སྒྲུབ་པ་གཙོ་བོར་བཟུང་ནས། ལས་བྱེད་པས་ལས་སྒྲུབ་དགོས་པ་དང་རིགས་ལམ་གསལ་དགོས་པ། རང་གཅུན་དམ་དགོས་པའི་བྱ་བའི་བླང་བྱ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལག་ལེན་ཁྲོད་ངེས་པ་དོན་གྱིས་མངོན་པར་བྱེད་དགོས། སྲིད་ཇུས་ལེགས་པར་སྤྱོད་པའི་གོ་སྐབས་ལེགས་པར་འཛིན་པ་དང་། རྒྱལ་ཁབ་ཀྱིས་ཉེ་དུས་བཏོན་པའི་དངུལ་ལོར་དང་འཛད་སྤྱོད། དམངས་འཚོ་སོགས་ཀྱི་སྲིད་ཇུས་རབ་དང་རིམ་པ་ཕྱོགས་ཡོངས་ནས་གསེད་བཀྲོལ་ཞིབ་འཇུག་བྱེད་པ། སྲིད་ཇུས་ཀྱི་འཇུག་སྒོ་དང་འབབ་ས་ཡང་དག་པར་བཙལ་ཏེ། རྒྱལ་ཁབ་སྲིད་ཇུས་ཀྱི་ཁེ་བཟང་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་བར་དམིགས་དགོས། ཐོན་ལས་འཕེལ་རྒྱས་ཐོག་ཐོད་བརྒལ་ལ་བརྩོན་པ་དང་། ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ཤུགས་སོགས་ཀྱི་འཕེལ་རྒྱས་ཀྱི་སྒེའུ་ཁུང་དུས་སྐབས་གལ་ཆེན་ལ་དམིགས་པ། འཐབ་ཇུས་ངེས་ཤུགས་ཇེ་དྲག་ཏུ་གཏོང་བ། ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱེད་པ། ཐོན་ལས་ཀྱི་གནས་བཞི་འདྲེས་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཐོན་ལས་ཕུལ་བྱུང་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་ལ་ཕྱོགས་སྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྩ་བ་ཇེ་བརྟན་དུ་གཏོང་དགོས། བཅོས་སྒྱུར་བྱེད་ཐབས་དངོས་འབེབས་བྱེད་པ་དང་། དཔལ་འབྱོར་འཁོར་སྐྱོད་དང་ཐོན་ལས་གསོ་སྐྱོང་། བཅོས་སྒྱུར་དངོས་འབེབས། དམངས་འཚོ་འགན་ལེན། ཉེན་ཁ་འགོག་སྡོམ་སོགས་ཀྱི་ལས་དོན་སྤྱི་འདོམས་སྒོས་ལེགས་པར་འཛིན་པ། བཅོས་སྒྱུར་གྱི་རིགས་ལམ་གྱིས་སྲིད་ཇུས་དངོས་འབེབས་ལ་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ལེགས་སྒྲུབ་ལ་འབད་དགོས་ཞེས་བསྟན།

ཚོགས་ཐོག་ནས། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར75ལོན་པར་སྤྲོ་བས་བསུ་བའི་དུས་སྐབས་གལ་ཆེན་འདིར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་ཐོག་ཕེབས་ནས་གསུང་བཤད་གལ་ཆེན་གནང་བ་དེས། དུས་རབས་གསར་པའི་ཏང་གི་མི་རིགས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་པོར་བསྟན་པ་དང་རྩ་བའི་གཞི་འཛིན་ས་འདོན་སྤྲོད་བྱས་ཡོད། ད་ལོར་ཐོག་དང་པོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མིང་ཐོག་ནས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་མིག་དཔེ་གཟེངས་བསྟོད་སྤེལ་བར་དོན་སྙིང་གལ་ཆེན་ལྡན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་གཏོང་བའི་སྐོར་གྱི་དགོངས་པ་གལ་ཆེན་ལ་མྱོང་རྟོགས་ཟབ་མོ་བྱེད་པ་དང་། ཏང་གི་མི་རིགས་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་ལས་དོན་གཙོ་སྐུད་དུ་འཛིན་པར་དམ་པོར་དམིགས་ནས། དཔེ་སྟོན་ཞིང་ཆེན་གསར་སྐྲུན་ནི་གྲངས་ཀ་སྔོན་འགྲོ་ཡིན་པ་ནས་དཔེ་སྟོན་སྣེ་ཁྲིད་བར་བསྒྱུར་བར་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པའི་མཁའ་དབུགས་སྔར་ལས་ལྷག་པར་སྐྲུན་པ་དང་། དཔེ་སྟོན་དཔེ་མཚོན་བྱས་རྗེས་ཤུགས་ཆེན་པོས་དྲིལ་སྒྲོག་བྱས་ཏེ། དཔེ་མཚོན་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་ཕུན་སུམ་ཚོགས་པར་འདོན་དགོས། གོམ་སྟབས་རྗེས་མའི་རང་ཞིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་ལས་དོན་ལ་ཇུས་བློ་འཐེན་པ་དང་། གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ལས་དོན་ལ་ཤུགས་སྣོན་པ། མི་རིགས་སོ་སོ་འགྲོ་འོང་བརྗེ་རེས་མཉམ་འདྲེས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ། དུས་ལྟར་ཚད་གཞི་མཐོན་པོས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་བསྐྲུན་ཚར་བར་ཁག་ཐེག་བྱས་ཏེ། རང་ཞིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་མུ་མཐུད་དུ་རྒྱལ་ཡོངས་ཀྱི་མདུན་གྲས་སུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིན་ཅང་མི་རིགས་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབས་ནས་ལོ་འཁོར70ལོན་པའི་སྐབས་སུ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་པར་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། སྔོན་ཐོན་ཉམས་མྱོང་དང་བྱེད་ཐབས་ཕུན་སུམ་ཚོགས་པའི་ངང་དཔྱད་གཞིར་བཟུང་ནས་སློབ་སྦྱོང་བྱེད་པ། ཞིང་ཆེན་གྱི་གནས་ཚུལ་དངོས་ཡོད་ལ་ཟུང་འབྲེལ་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་སྐྱེད་པ་གཙོ་སྐུད་དུ་འཛིན་པ། ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་སྣེ་ཁྲིད་དུ་བཟུང་ནས། བློ་དཀར་སྤྱོད་གཙང་ཁག་ཁུར་གྱི་བྱང་ཚད་མཐོ་བའི་ལས་བྱེད་པ་སྔར་ལས་མང་པོ་གསོ་སྐྱོང་བྱེད་དགོས་ཞེས་བསྟན།

ཚོགས་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་བཙུགས་ནས་ལོ་འཁོར70ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཀྲུང་གོའི་མི་དམངས་ཆབ་སྲིད་གྲོས་མོལ་གྲོས་ཚོགས་བཙུགས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཟབ་སྦྱོང་མཐིལ་རྟོགས་བྱེད་པ་དང་། ཏང་གིས་དམངས་ཆེན་དང་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་པར་ཤུགས་བསྣན་ནས། དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་འགན་དབང་ལག་ཏུ་བསྟར་བ་དང་ལས་དོན་སྤེལ་བར་རྒྱབ་སྐྱོར་དང་། སྲིད་གྲོས་ཀྱིས་འགན་སྒྲུབ་འགན་ནུས་སྤེལ་བར་རྒྱབ་སྐྱོར་བྱེད་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དམངས་ཆེན་གྱི་ཁྲིམས་འཛུགས་དང་ལྟ་རྟོག འཐུས་མི། མང་ཚོགས་ལ་འབྲེལ་བ་འཛུགས་པ་སོགས་ཀྱི་ལས་དོན་ཁག་ནན་ཏན་སྒོས་ལེགས་པར་སྒྲུབ་པ་དང་། ཁྲིམས་འཛུགས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ངེས་པ་དོན་གྱིས་ལེགས་པར་བཟུང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་དམངས་ཆེན་གྱི་བྱས་རྗེས་འཇོག་པར་འབད་པ་ཆེན་པོས་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་ཀྱིས་གྲོས་མོལ་དམངས་གཙོ་དེ་ཆབ་སྲིད་གྲོས་མོལ་དང་དམངས་གཙོ་ལྟ་རྟོག སྲིད་ཞུགས་སྲིད་གླེང་བཅས་ཀྱི་གོ་རིམ་ཡོངས་ལ་ཁྱབ་པར་བྱེད་པ་དང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་ལེགས་པར་བཏོན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སེམས་ཤུགས་གཅིག་ཏུ་སྡུད་པར་འབད་པ་ཆེན་པོས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས། ཀྲུང་དབྱང་སྒྲིག་ཨུའི་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་མང་ཚོགས་ཉེ་འགྲམ་གྱི་ལུགས་མཐུན་མིན་པའི་སྤྱོད་པ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྐྱོང་གི་བླང་བྱ་ལྟར། གཅིག་སྡུད་བཅོས་སྐྱོང་ལ་མུ་མཐུད་དུ་སྟོབས་ཤུགས་བཏོན་ནས་རྒྱ་ཆེ་ས་དང་གཏིང་ཟབ་སར་སྐུལ་འདེད་བཏང་སྟེ། བཅོས་སྐྱོང་ལ་སྔར་ལས་ཆེ་བའི་ཕན་འབྲས་འབྱུང་བར་སྐུལ་འདེད་གཏོང་དགོས། ཚད་མཐོ་བའི་ཆབ་སྲིད་འགན་འཁྲི་འདུ་ཤེས་ལ་བརྟེན་ནས་སྒྲིག་འགལ་ངང་ལེགས་སྐྱེས་དང་དངུལ་སྒོར་འབུལ་ལེན་གནད་དོན་ཆེད་དོན་བཅོས་སྐྱོང་ནན་ཏན་གྱིས་སྤེལ་བ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་འགན་འཁུར་པ་དང་པོའི་འགན་འཁྲི་ནན་ཏན་གྱི་ལག་ཏུ་བསྟར་བ། རང་དཔེ་གཞན་སྟོན་དང་གོང་མས་འོག་མ་ཁྲིད་པ། ཏང་ཡོན་ལས་བྱེད་པའི་སློབ་གསོ་སྣེ་ཁྲིད་ལ་ཤུགས་བསྣན་ཏེ། སྤྱོད་གཙང་སྲིད་གཙང་གི་ཆབ་སྲིད་སྐྱེ་ཁམས་ལ་བརྟེན་ནས་ཡར་སྐྱེས་ཀྱི་སྟོབས་འབར་བའི་སྤྱི་ཚོགས་སྐྱེ་ཁམས་ཆགས་པར་བྱེད་དགོས་ཞེས་བསྟན།

ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ལས་འགན་གལ་ཆེན་ལག་བསྟར་དངོས་འབེབས་བྱེད་པའི་ལས་བགོ་ཇུས་གཞི་ལ་གྲོས་ཞིབ་བྱས་ཏེ། བཅོས་སྒྱུར་གྱི་འཐབ་ཇུས་གཙོ་གནད་དང་སྔོན་འགྲོ་ཁ་ཕྱོགས་ཡང་དག་པར་འཚོལ་བ་དང་། བཅོས་སྒྱུར་ལས་འགན་གྱི་རྩ་འཛུགས་ལག་བསྟར་སྟོབས་ཤུགས་ཡོད་རྒུས་ལེགས་པར་བཟུང་སྟེ། འགན་འཁྲི་དངོས་འབེབས་དང་སྟོབས་ཤུགས་མཐུན་སྦྱོར། རྗེས་སྙེག་ཕན་འདྲི་བཅས་ཇེ་དྲག་ཏུ་གཏོང་དགོས། མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་བཅོས་སྒྱུར་ལས་འགན་གལ་ཆེན་ལ་སྐུལ་འདེད་གཏོང་བ་དང་། ལངས་གནས་མཐོར་འདེགས་པ། ཁག་ཁུར་བྱས་ཡོད། བསམ་ཕྱོགས་གཏན་འཇགས་གཏོར་བ། བྱེད་ཕྱོགས་བྱེད་ཐབས་ལ་དོ་སྣང་བྱེད་པ། རུས་པ་སྲ་མོ་འཆའ་ཕོད་པ། ཉེན་ཁ་ཆེ་སར་བྱིང་ཕོད་པ། བདག་གཞན་མཉམ་བརྗེ་དང་སེམས་ལ་སེམས་འཇོག་པ། རྒྱལ་ཡོངས་ཀྱི་ཆེ་ཕྱོགས་ལ་འདྲེས་པ་དང་ཞབས་ཞུ་སྒྲུབ་པའི་ཟུར་ངོས་སུ་ལངས་ཏེ། བཅོས་སྒྱུར་བེད་སྤྱད་ནས་མཚོ་སྔོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས་སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་དོ་སྡོམ་ལ་ཤུགས་སྣོན་པའི་སྐོར་གྱི་ལག་བསྟར་བསམ་འཆར་ལ་གྲོས་ཞིབ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དང་ཁོར་ཡུག་སྤུས་ཚད་ཀྱི་མཐའ་ཐིག ཐོན་ཁུངས་བེད་སྤྱོད་ཀྱི་གོང་ཐིག སྐྱེ་ཁམས་ཁོར་ཡུག་འཇུག་འཁྲོལ་གསལ་ཐོ་བཅས་སྲོག་ཤིང་ཡིན་པའི་སྐྱེ་ཁམས་ཁོར་ཡུག་ཁུལ་བགོས་དོ་སྡོམ་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དུ་གཏོང་བ། དོ་སྡོམ་སྡེ་ཚན་གྱི་ཚན་རིག་ཞིབ་ཚགས་སྒོས་འབྱུང་ཁུངས་བཅོས་སྐྱོང་མངོན་དུ་འགྱུར་བར་དབྱེ་བགོ་དང་། ཆུ་ཚད་མཐོ་བའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་བརྟེན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་བསྐྲུན་ཏེ། རབ་མཛེས་མཚོ་སྔོན་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་བསྟན།

ཚོགས་ཐོག་ནས་རང་ཞིང་གི་ཁྲིམས་འགལ་དངུལ་ལོར་བྱེད་སྒོ་འགོག་ཟོན་དང་རྡུང་རྡེག་བྱེད་པའི་ལས་དོན་ལ་ཞིབ་འཇུག་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངུལ་ལོར་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་ཟབ་མོ་བྱེད་པ་དང་། ཁྲིམས་ལྟར་དངུལ་ལོར་བྱེད་སྒོ་ཡོད་ཚད་དོ་དམ་ལྟ་རྟོག་གི་ཁྱབ་ཁོངས་སུ་སྡུད་པ། ལྟ་སྡོམ་གྱི་སྟོང་ཆ་དང་རྨོངས་ཆ་སེལ་བ། སྡུད་སྒྲིག་སྟོབས་ཤུགས་སྤྱི་འདོམས་བྱས་ཏེ། ཁྲིམས་འགལ་དངུལ་ལོར་བྱེད་སྒོར་རྡུང་རྡེག་ནན་མོ་གཏོང་དགོས། ལྟ་སྡོམ་ལམ་སྲོལ་འཐུས་ཚང་བར་འཛུགས་པ་དང་། དངུལ་ལོར་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཁག་གལ་ཆེན་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དངུལ་ལོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་ལུགས་ལམ་སྲོལ་དང་སྟོབས་ཆེ་བའི་འདུས་ཤུགས་ཆགས་པར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཚོགས་ཐོག་ནས། རྒྱལ་སྟོན་གནང་བ་བསླེབ་ལ་ཉེ་བས། ས་གནས་སོ་སོའི་སྡེ་ཁག་སོ་སོས་ལས་རེས་ལས་སྲུང་ལ་ཤུགས་བསྣན་ཏེ། བདེ་འཇགས་ཐོན་སྐྱེད་དང་རིན་བརྟན་མཁོ་སྲུང་། མང་ཚོགས་ཕྱིར་སྐྱོད་སོགས་ཀྱི་ལས་དོན་ངེས་པ་དོན་གྱིས་ལེགས་པར་བསྒྲུབ་དགོས། ཉེ་ལམ་རང་ཞིང་གི་ས་གནས་མང་པོར་སྔར་བཞིན་ཆར་འབབ་ཚད་མང་བས། ཆར་ཚུལ་དང་ཆུ་ཚུལ། ས་གཤིས་གནོད་འཚེ་སོགས་སྔོན་བརྡའི་ལྟ་རྟོག་ཚད་ལེན་ལ་ཤུགས་བསྣན་ཏེ། དགའ་སྤྲོ་བདེ་དགའི་མཁའ་དབུགས་ལ་བརྟེན་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར75ལོན་པར་བསུ་མ་ཞུ་དགོས་པའི་བླང་བྱ་བཏོན། ། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།