[རྒྱལ་ཁབ་སྟོབས་ཆེན་འགྱུར་བར་འབད་འབུངས་བྱེད། རྒྱང་ལམ་གསར་པའི་སྟེང་དུ་ཤུགས་ཀྱིས་བསྐྱོད། རྒྱལ་སྟོན་ལ་དུང་སེམས་གླེང་།] མེས་རྒྱལ་གྱི་དབང་གིས་ང་ཚོའི་སེམས་པ་རེ་རེ་རླབས་འགྱུ་བཞིན་རབ་ཏུ་འཕེལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

 ལོ་ངོ75རིང་གི་དཀའ་ངལ་ཁྱད་བསད་དང་ལོ75རིང་གི་ཆར་རླུང་གདོང་གིས་བསུས་པའི་དེ་རིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་འཁྲུངས་སྐར་ལ་བསླེབས། མཚོ་སྔོན་གྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་གཙང་གསུམ་ཆུ་འགོ་ནས་ཙོང་ཆུའི་རོང་སའི་བར་དགའ་སྤྲོའི་གླུ་གཞས“ ཀྲུང་གོ་ལགས།   ང་རང་ཁྱེད་ལ་དགའ།”ཞེས་བརྩེ་བ་ཟབ་མོས་བསྟོད་གླུ་ལེན་པ་མ་ཟད། རླབས་ཆེན་གྱི་མེས་རྒྱལ་སྟོབས་འབྱོར་མངའ་ཐང་རྒྱས་ཤིང་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་ཡང་ཞུས། དུས་རབས་ཀྱི་རླབས་རྒྱུན་ཁྲོད་མི་སྒེར་གྱི་ལས་དབང་ནི་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གྱི་ལས་དབང་དང་མི་རིགས་ཀྱི་ལས་དབང་ལ་འབྲེལ་བ་དམ་པོར་ཆགས་ནས་ཡོད་པས། ང་ཚོས་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་རྒྱལ་ཁབ་སྟོབས་འབྱོར་དང་མཚོ་སྔོན་འཕེལ་རྒྱས། སྔོན་ཆད་ནས་ད་ལྟའི་བར་གྱི་འགྱུར་ལྡོག་རེ་རེར་དཔང་པོ་བྱས་ཡོད།

དེ་རིང《རྒྱལ་ཁབ་སྟོབས་ཆེན་འགྱུར་བར་འབད་འབུངས་བྱེད། རྒྱང་ལམ་གསར་པའི་སྟེང་དུ་ཤུགས་ཀྱིས་བསྐྱོད། རྒྱལ་སྟོན་ལ་དུང་སེམས་གླེང་།》ཅེས་པ་དམིགས་སུ་བཏོན་ཏེ། གཞི་རིམ་ནས་ཡོང་བའི་ལས་བྱེད་མང་ཚོགས་བཅུ་ཡིས་བབ་ཆགས་ཀྱི་སྐད་ཆའི་ཐོག་ནས་ཏང་ལ་བསྟོད་གླུ་དང་མེས་རྒྱལ་ལ་བསྟོད་གླུ་ཕུལ་ཏེ། རྒྱལ་གཅེས་ཀྱི་བསམ་པ་དང་རྒྱལ་ཁབ་སྟོབས་ཆེན་འགྱུར་བའི་ཕུགས་འདུན་བརྗོད་ཡོད། ཁོ་ཚོས་ཕུལ་བའི་རྒྱལ་སྟོན་གྱི་སྨོན་འདུན་རེ་རེ་ལས་མཚོ་སྔོན་གྱི་བུ་དང་བུ་མོ་རྣམས་ཀྱིས་མེས་རྒྱལ་གྱི་སྐྱེད་མར་བཅངས་པའི་བརྩེ་སེམས་མཚོན་པར་མ་ཟད། འབྱུང་འགྱུར་གྱི་འཚོ་བར་བཅངས་པའི་མཛེས་སྡུག་གི་རེ་སྨོན་ཡང་མཚོན་ཡོད།

བློ་ཁ་ནམ་ཡང་ཏང་ལ་ཕྱོགས་ཏེ་མདུན་སྐྱོད་བྱེད་པའི་སྒང་ཡིན།
   རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་མི་སྣ།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་རེབ་གོང་ཀླུ་སྒྲུབ་རི་མོ་གླིང་གི་ལྷ་རིས་པ་དང་སྤྱི་གཉེར་པ། པད་མ་རྒྱ་མཚོ།
 

ལོ་མང་རིང་གི་འབད་བརྩོན་ལས་ང་རང་ནམ་ཡང་ཏང་གི་རྗེས་སུ་འབྲངས་ཤིང་དད་སེམས་བརྟན་པོ་བཅིངས་ན། གཞི་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་མདུན་སྐྱོད་ཐུབ་པའི་ཡིད་ཆེས་སྔར་བས་བརྟན་པོ་སྐྱེས་ཞེས་བརྗོད། སླད་ཕྱིན་ངས་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཁེ་ལས་སྐྱོན་བྲལ་ངང་འཕེལ་བར་སྣེ་ཁྲིད་པའི་འདུ་ཤེས་མུ་མཐུད་མཐའ་འཁྱོངས་བྱས་ཏེ། ཁེ་ལས་འཕེལ་རྒྱས་ཀྱི“སྒུལ་ཤུགས་དམར་པོ”ཞིག་ཏུ་བརྩིས་ནས་ཏང་ཡོན་གྱི་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་དམིགས་ཏེ། ལས་བཟོའི་སློབ་སྦྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་དང་། ལག་རྩལ་གསར་གཏོད་དང་ཐོན་སྐྱེད་རྒྱ་ཆེར་བཅས་བཏང་ནས་ རེབ་གོང་སྒྱུ་རྩལ་གྱི་ཐོན་རྫས་ཁྲོམ་ར་ཚད་ལྡན་དུ་དང་། རེབ་གོང་སྒྱུ་རྩལ་ཀྱི་སྤུས་རྟགས་གཏོད་པའི་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན། མཐར་མེས་རྒྱལ་སྔར་བས་གྲ་རྒྱས་ཕུན་སུམ་ཚོགས་ཤིང་མི་རིགས་ཁག་གི་བུ་དང་བུ་མོ་རྣམས་ཀྱི་འཚོ་བ་སྔར་བས་བདེ་ཞིང་སྐྱིད་པའི་སྨོན་འདུན་ཞུ་རྒྱུ་ཡིན་ཞེས་བརྗོད། 
  ཐོག་མའི་བསམ་འདུན་མི་བརྗེད་པར་སྟོབས་ཤུགས་སྐྱེས་སུ་འབུལ།
   མཚོ་སྔོན་ས་མཐོའི་ལག་ཤེས་པ།  མཚོ་སྔོན་སྣུམ་ཞིང་ཀུང་སིའི་སྣུམ་འདོན་བཟོ་གྲྭ་དང་པོའི་ཀ་སི་སྐྱེལ་འདྲེན་སྲུང་སྐྱོང་ཚོགས་ཆུང་དང་པོའི་སྣུམ་འདོན་ལས་མཁན། མཐོ་རིམ་ལག་རྩལ་པ། ཧུང་ཆུན།

 

འཐབ་ཕྱོགས་དང་པོའི་སྣུམ་འདོན་བཟོ་པ་ཞིག་ཡིན་པའི་ངོས་ནས་ང་ཚོས་ཉིན་ལྟར་ལས་གནས་ཐོག་དཀའ་སྤྱད་ཀྱི་རྔུལ་ཆུ་བཏོན་ཡོད། ང་ཚོས་རྡོ་སྣུམ་གྱི་ཐིགས་པ་རེ་རེ་སྔོག་འདོན་དང་ལག་རྩལ་རེ་རེའི་འགག་སྒོ་གཏོར་ཏེ། རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ད་ཆའི་གཡུར་ཟའི་གྲུབ་འབྲས་ཐོབ་པ་དཔང་བོ་བྱེད་ཐུབ”ཅེས་བརྗོད། ང་ཚོས་རྒྱལ་ཁབ་ཀྱི་ནུས་རྒྱུའི་བདེ་འཇགས་འགན་ལེན་བྱེད་པའི་ལས་འགན་ལྕི་པོ་གསལ་པོ་ཤེས་ཀྱི་ཡོད་ལ། ལས་འགན་སྒྲུབ་པའི་བློ་རྩ་ལས་ང་ཚོར་སྟོབས་ཤུགས་ཀྱིས་ཁེངས་ཡོད། རླབས་ཆེན་གྱི་དུས་རབས་འདིར་ང་ཚོར་སྤོབས་སེམས་ཚད་མེད་སྐྱེས་ལ། མ་འོངས་པར་ཡང་ང་ཚོས་མུ་མཐུད་ལག་གདང་དཔུང་སྦྲེལ་དང་། སྤྲོ་སེམས་དང་ཧུར་སེམས་ཆེན་པོས་མེས་རྒྱལ་དར་རྒྱས་གོང་འཕེལ་ལ་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད།

སེམས་པ་གཅིག་ཏུ་མཐུན་ན། སེ་འབྲུ་མེ་ཏོག་མཉམ་བཞད་ཡིན། 
  རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མི་སྒེར།   མཚོ་སྔོན་ཞིང་ཆེན་ཡ་རྫི་ས་ལར་རིགས་རང་སྐྱོང་རྫོང་གི་གཞི་རིམ་རིགས་པའི་གཞུང་ལུགས་སྒྲོག་འགྲེལ་ཚོགས་པའི་ཚོགས་གཙོ། ཧན་ཆིང་ཀུང་།

མེས་རྒྱལ་ཁྱིམ་ཚང་ཆེན་པོའི་པང་དུ་མི་རིགས་ལྔ་བཅུ་ང་དྲུག་ཁྱིམ་ཚང་གཅིག་ལྟར་མཛའ་བརྩེ་བཞིན་ཐུན་མོང་ཐོག་མཐུན་སྒྲིལ་དང་། ཡར་ཐོན། དར་རྒྱས་བཅས་ཀྱི་བརྗིད་ཉམས་ལྡན་པའི་ལེའུ་བརྩམས་ཡོད། ཕུགས་འདུན་གསར་པ་དོན་གཉེར་བྱས་ཏེ་བྱ་གཞག་གསར་པ་གཏོད་དགོས། སླད་ཕྱིན་ངས་མུ་མཐུད་དུ་མི་རིགས་མཐུན་སྒྲིལ་ཡར་ཐོན་དེ་གཞི་རིམ་གྱི་སྒྲོག་འགྲེལ་ལས་དོན་ནང་བཅུག་སྟེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ་བཅས་བསྐྱངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ས་བོན་སེམས་ལ་བརྟན་པོར་ངེས་ཤིང་། ་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་རིགས་ཁག་དབར་གྱི་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་མེས་རྒྱལ་དར་རྒྱས་གོང་འཕེལ་ཡོང་བར་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད།

ལེ་དབར་སྟོང་གི་རོགས་སྐྱོར། ས་མཐོའི་ཕུགས་འདུན་མངོན།
  ཧྲང་ཧའེ་མཚོ་སྐྱོར་དགེ་རྒན། ཧྲང་ཧའེ་རོལ་དབྱངས་སློབ་གླིང་གི་དགེ་རྒན་ཆེན་མོ་གཞོན་པ། ཐང་ཧྲེང་ཧྲེང་།
 

ཏང་ཡོན་ཞིག་དང་མཚོ་སྐྱོར་ལས་བྱེད་པ་ཞིག་གི་ངོས་ནས།  ང་དང་ངའི“རོགས་སྐྱོར”བ་ཚོས་ལོ་མང་རིང་ས་མཐོར་བཅའ་སྡོད་བྱས་ནས་མགོ་ལོག་ཁུལ་གྱི་ཕུལ་བྱུང་སྒྱུ་རྩལ་ཐོན་ཁུངས་དང་རོལ་དབྱངས་ཤེས་ལྡན་པ་རྩེ་གྲ་སྔོག་འདོན་དང་གསོ་སྐྱོང་གི་འགན་འཁུར་ཡོད། ལོ་དེ་དག་ནང་ངས་མགོ་ལོག་གི་འཕེལ་རྒྱས་ལ་དཔང་པོ་བྱས་ཤིང་མགོ་ལོག་གོང་སྤེལ་གྱི་ལས་ཀར་ཞུགས་པ་ཡིན། སློབ་གསོ་ནི་སྙིང་རུས་ལྷོད་མེད་ཀྱི་བྱ་གཞག་ཅིག་ཡིན། གྲུབ་འབྲས་ཀྱི་ལོ་ཟླ་འདས་ཟིན་ན་ཡང་། དེ་ལས་ལྷག་པི་ལེགས་པའི་འབྱུང་འགྱུར་ལ་ང་ཚོ་སྔར་བཞིན་མཁོ། སླད་ཕྱིན་ངས་མུ་མཐུད་དུ་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལས་གནས་བརྟན་སྲུང་བྱས་ཏེ། ཕྲུ་གུ་ཚོའི་རོལ་དབྱངས་ཀྱི་ལྷན་སྐྱེས་ནུས་པ་དང་སྤྲོ་སྣང་དང་དགའ་ཕྱོགས་འདོན་སྤེལ་དང་སྔོག་འདོན་གང་ལེགས་བྱེད་པ་དང་ཆབས་ཅིག  དེའི་ཁྲོད་ཀྱི་རོལ་དབྱངས་ཤེས་ལྡན་པ་རྩེ་གྲ་ཚོར་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྟེགས་བུ་ཞིག་བསྐྲུན་ནས་ཁོང་ཚོའི་རོལ་དབྱངས་ཀྱི་མི་ཚེ་དང་ང་ཚོའི་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འབད་འཐབ་དང་ཕུགས་འདུན་མཉམ་དུ་མངོན་འགྱུར་ཡོང་བར་འབད་པ་བྱ་ངེས”ཞེས་བཤད།

བཀའ་དྲིན་དྲན་ནས་མཉམ་དུ་བདེ་སྐྱིད་བསྐྲུན། 
  མཚོ་ཤར་གྲོང་ཁྱེར་གཞོང་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་ཀྲུང་ཁྲོན་ཡུལ་ཚོའི་ཚའོ་ཐན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི། ཧོ་ཡུང་ཀོང་། 

 

ཀན་སུའུ་ཡི་ཅི་ཧྲི་རི་བོར་ས་ཡོམ་རིམ་པ6.2བརྒྱབ་རྗེས་ང་ཚོས་དུས་དང་རྣམ་པ་ཀུན་ཏུ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་བས། ང་ཚོས་དུས་ཡུན་ཐུང་ངུའི་ནང་དཀའ་ངལ་ཁྱད་བསད་དང་སྙིང་སྟོབས་བསྐྱར་སྤེལ་བྱས་ཏེ། བློ་སྟོབས་ཆེར་སྐྱེད་ཀྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སྐྱོད་ཐུབ་པ་བྱུང་ཡོད། ད་ཆ་གེགས་རྗེས་བསྐྱར་སྐྲུན་བཀོད་སྒྲིག་བྱ་ཡུལ་གྱི་ཁང་པ་ཚ་ཚ་འུར་འུར་ངང་སྐྲུན་བཞིན་ཡོད་པ་དང་། སྡོད་ཁུལ་ཡངས་ཤིང་གྲལ་འགྲིག་ལ། སྒྲིག་བཀོད་འཐུས་ཚང་བྱས་ཡོད་པས་ང་ཚོས་ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན། ཀྲུང་ཁྲོན་ཡུལ་ཚོའི་བུ་དང་བུ་མོ་རྣམས་ཀྱིས་ཀྲུང་གོ་གསར་པའི་འཁྲུངས་སྐར་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། མེས་རྒྱལ་དར་རྒྱས་ཕུན་སུམ་ཚོགས་པོ་དང་རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་འཇགས་ཡོང་བའི་སྨོན་འདུན་ཞུ་ཞེས་བརྗོད།

ནད་བཅོས་སྲོག་སྐྱོབ་ལ་བརྟེན་ནས་རྒྱལ་ཁབ་ལ་དྲིན་ལན་འཇལ།
  ཟི་ལིང་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ལྟེ་གནས་ཀྱི་དགུ་བཞི་གཅིག་སྨན་ཁང་གི་ནད་གཞི་ལྕི་རིགས་གསོ་བཅོས་ཚན་ཁག་གི་ཀྲུའུ་རེན། ཀྲང་དབྱིང་།

དམག་མི་ཞིག་བྱེད་ན་རྒྱལ་ཁབ་ལ་དྲིན་གཟོ་དགོས་པ་དང་། གསོ་རིག་སྦྱོང་བ་ཡིན་ན་ནད་བཅོས་སྲོག་སྐྱོབ་བྱེད་དགོས། དམག་དཔུང་ནང་ཞུགས་ནས་ལོ་ངོ30སོང་རིང་། ངས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་དམག་དཔུང་ནང་ཞུགས་པའི་ཐོག་མའི་བསམ་འདུན་བརྗེད་མི་ཕོད་ཅིང་། དམག་མི་ཞིག་ཡིན་པའི་འགན་འཁྲི་དང་ལས་འགན་བརྗེད་མི་ཕོད། ལང་ཚོའི་ཁྲག་དྲོན་འཕྲོ་བའི་ས་མཐོའི་ས་གཞི་དེ་བརྗེད་མི་ཕོད། འཐབ་གྲོགས་ཚོས་རང་ཁྱིམ་དང་རྒྱལ་ཁབ་ཀྱི་གནམ་འོག་སྲུང་སྐྱོང་བྱེད་པ་དང་སྨན་བཅོས་རུ་ཁག་གིས་མཐའ་སྲུང་དཔོན་དམག་སྲུང་སྐྱོང་བྱེད་ཀྱི་ཡོད། ཏང་དང་མི་དམངས་ལ་དགོས་མཁོ་ཡོད་ཚེ་ལམ་ཐག་ཇི་ཙམ་རིང་ཞིང་རི་བོ་ཇི་ཙམ་མཐོ་ཡང་ངས་དུས་དང་རྣམ་པ་ཀུན་ཏུ་བཀའ་དང་ལེན་བྱས་ཏེ། ས་མཐོའི་འཛིན་མའི་ཁྱོན་འདིར་འབད་འཐབ་བྱེད་མཁན་དཔོན་དམག་དང་མཉམ་དུ་མེས་རྒྱལ་གྱི་རི་ཀླུང་སྲུང་བ་དང་། བྱ་སྤྱོད་དངོས་ཀྱི་ཐོག་ནས་དམག་མིའི་འགན་འཁྲི་དང་ལེན་དང་དང་སྨན་པས་དམ་བཅའ་སྲུང་རྒྱུ་བྱས་ཡོད་ཅེས་བརྗོད།

 གོམ་གྱིས་ནགས་ཚལ་གཞལ་ནས་རྩྭ་རྩི་ཤིང་ལ་སྲུང་སྐྱོབ་བྱེད།
   ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཡུལ་ཤུལ་གྲོང་ཁྱེར་སྣོད་བཅུད་དོ་དམ་སྲུང་སྐྱོང་པ། བཀྲ་ཤིས་དོན་གྲུབ།

ལོ་འདི་དག་རིང་ལ། རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོས་ངའི་འཚོ་བར་འགྱུར་བ་བཏང་བར་མ་ཟད། གྲོང་ཁྱེར་གྱི་སྣོད་བཅུད་ཁོར་ཡུག་ལའང་འགྱུར་བ་བཏང་ཡོད། ད་ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་ལོ་ཡིན་པས། གཟི་བརྗིད་ཀྱིས་ཁེངས་ཤིང་དྲིན་ལན་དྲན་འོང་། མཛེས་སྡུག་ལྡན་པའི་ཡུལ་ཤུལ་ལ་ལོ་ལྟར་འགྱུར་ལྡོག་གསར་པ་བྱུང་བ་མཐོང་སྐབས། ཡུལ་ཤུལ་བ་ཞིག་ཡིན་པའི་ངོས་ནས་ཧ་ཅང་དགའ་པོ་བྱུང་ལ། ཀྲུང་གོ་བ་ཞིག་ཡིན་པའི་ངོས་ནས་ང་ལ་སྤོབས་པ་ཆེན་པོ་སྐྱེས།  ངས་སྣོད་བཅུད་དོ་དམ་སྲུང་སྐྱོང་གི་ལས་དོན་མཐའ་འཁྱོངས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཕ་ཡུལ་གྱི་ལྗང་མདོག་ཚང་མར་སྲུང་སྐྱོང་ཡག་པོ་བྱས་ནས་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་ནམ་ཡང་གནས་ཐུབ་པ་བྱ་རྒྱུ་ཡིན”ཞེས་བཤད།

ལས་འཁྱུར་ངལ་གསོའི་ཁ་དོག་ནམ་ཡང་འགྱུར་མི་སྲིད།  ཏང་ལ་བཅིངས་པའི་ཐོག་མའི་སེམས་འདུན་ནམ་ཡང་འབོར་མི་སྲིད།
  ཟི་ལིང་གྲོང་ཁྱེར་མཁར་དབུས་ཡན་མ་སྲང་ལམ་རིག་གནས་ལམ་སྡེ་ཁུལ་གྱི་གྲོང་མི། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདོ་ཧུའེ་རིགས་རང་སྐྱོང་རྫོང་འབྲུ་རིགས་ཅུས་ཀྱི་ལས་འཁྱུར་ལས་བྱེད་པ། མ་ཡན་ཅུན།

གཞི་རིམ་དུ་ལས་དོན་བསྒྲུབས་ནས་ལོ་ངོ30ལྷག་ཙམ་སོང་རིང་། ཏང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྣོད་བཅུད་ཁོར་ཡུག་སྔར་བས་ལེགས་སུ་ཕྱིན་པ་དང་། གྲོང་གསེབ་ཀྱི་འགྲོ་ལམ་སྔར་བས་སྟབས་བདེ་རུ་ཕྱིན། མང་ཚོགས་ཀྱི་འཚོ་བ་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་གསར་རྐྱང་དུ་གྱུར་པ་བཅས་ཀྱི་མིག་མཐོང་ལག་ཟིན་གྱིས་འཕེལ་རྒྱས་བྱུང་ཡོད། ད་ནི་ལས་འཁྱུར་ངལ་གསོའི་འཚོ་བ་སྐྱིད་ལ་སྐྱིད་སྣང་དོད་པ་ཞིག་ཡོད་པས། བདེ་སྐྱིད་འཚོ་བ་འདི་ལ་དེ་བས་གཅེས་སྤྲས་བྱེད་ཀྱི་ཡོད”ཅེས་བཤད། ཏང་གི་ལོ་ངོ60ཡི་རིང་། ཏང་གི་བཀའ་དྲིན་རྒྱ་མཚོ་ལྟར་ཟབ། ཏང་ཡོན་རྒན་གྲས་ཤིག་ཡིན་པའི་ངོས་ནས་ངས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། ཏང་གི་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱའི་སློབ་སྦྱོང་མཐའ་འཁྱོངས་བྱས་ཏེ། བུ་ཕྲུག་ལ་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་དགོས་པའི་སློབ་གསོ་གཏོང་བཞིན་ཡོད་ལ། དམ་པ་དོན་གཉེར་གྱི་ལས་ཀའི་སྤྱོད་ཚུལ་བསྟུན་ནས་ཏང་དང་མི་དམངས་ལ་ལེགས་སྐྱེས་འབུལ་བཞིན་ཡོད་ཅེས་བརྗོད།།

དོན་དངོས་སྒྲུབ་ནས་ཕུགས་འདུན་སྙེག་ནས་ངེས་དོན་ཡར་ཐོན་ལ་བརྩོན། 
  མཚོ་སྔོན་ཀྲུང་གོའི་ཚོད་འཛིན་རྣམ་གྲངས་དང་ནུས་འདྲེན་སྲུང་སྐྱོང་ཚད་ཡོད་ཀུང་སིའི་ཐོན་སྐྱེད་པུའི་སྤྱི་གཉེར་བ། ཅ་ལི་མུན།

ཀུང་སིའི་དུས་སྐབས་དང་པོའི་10MWམཆོད་རྟེན་རྣམ་པའི་འོད་དྲོད་རྣམ་གྲངས་བསྐྲུན་ཟིན་པ་ནས་དུས་སྐབས་གཉིས་པའི་50MWཡི་ཚ་བཞུ་འོད་ཚ་གློག་ཁང་གི་དྲ་སྦྲེལ་གློག་འདོན་བར་ང་ལ་སྤོབས་སེམས་ཆེན་པོ་སྐྱེས་བྱུང་། ད་ཆ་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་ཕྱིན་པ་དང་ཕོགས་ཐོབ་ཀྱང་ལོ་རེ་བཞིན་ཇེ་མང་དུ་ཕྱིན་ནས་ལས་ཀ་ཏན་ཏིག་དང་སེམས་བློ་བདེ་པོ་དང་ལས་ཀ་ཧུར་ཐག་བྱེདབཞིན་ཡོད། ཀུང་སིའི་ཐོན་སྐྱེད་འཁོར་སྐྱོད་དབྱེ་ཞིབ་དང་། འཁོར་སྐྱོད་དམིགས་ཚད། ཐོན་སྐྱེད་བདེ་འཇགས་བཅས་ཀྱི་འགན་འཁུར་བའི་འཐབ་ཕྱོགས་དང་པོའི་ལས་བཟོ་ཞིག་ཡིན་པའི་ཆ་ནས།  རང་ཉིད་ཀྱིས་ཕྲག་གི་འགན་འཁྲི་ལྕི་པོ་གསལ་པོ་ཤེས་ཀྱི་ཡོད་པས།  རང་ཉིད་ཀྱིས་མུ་མཐུད་རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་ཤིང་། ་ལས་གནས་བརྟན་སྲུང་གིས་གློག་ཁང་གི་གློག་གཏོང་ལ་འཐུས་ཤོར་མེད་པར་བདེ་འཇགས་ཡོང་བར་འགན་ལེན་བྱས་ཏེ། ཐོན་ནུས་དང་ཕན་འབྲས་ཐོན་ཐུབ་པ་དང་ཆབས་ཅིག  ཀུང་སིའི་འཁོར་སྐྱོད་སྲུང་སྐྱོང་ཚོགས་པ་དང་མཉམ་དུ་འབད་བརྩོན་བྱས་ཏེ་ཐུན་མོང་ཐོག་འཚོལ་ཞིབ་གསར་གཏོད་ཀྱིས་དེ་བས་འོད་སྟོང་འཕྲོ་བའི་གྲུབ་འབྲས་གཏོད་རྒྱུ་ཡིན་ཞེས་བརྗོད།

དུས་རབས་ཀྱི་འགན་འཁྲི་དཔའ་ངར་ཆེན་པོས་ཕྲག་ཏུ་ཁུར་ནས་ལང་ཚོའི་སྟོབས་ཤུགས་སྐྱེས་སུ་འབུལ།
  མཚོ་སྔོན་མི་རིགས་སློབ་ཆེན་ཨར་ལས་བཟོ་སྐྲུན་དང་འགྲིམ་འགྲུལ་བཟོ་སྐྲུན་སློབ་གླིང་གི 2021ལོའི་ནུས་རྒྱུ་དང་སྒུལ་ཤུགས་བཟོ་སྐྲུན་ཆེད་ལས་ཀྱི་སློབ་མ། ཁུའུ་ལིའུ་ཧུའེ།

གཞོན་ཤ་དར་བའི་སློབ་ཆེན་སློབ་མ་ནི་རྒྱལ་ཁབ་ཀྱི་རེ་བ་དང་མི་རིགས་ཀྱི་འབྱུང་འགྱུར་ཡིན། ང་ཚོ་གཞོན་སྐྱེས་སློབ་ཆེན་སློབ་མ་ཚང་མས་ཕུགས་བསམ་དང་དད་སེམས་བརྟན་པོ་བཅིངས་ཏེ།  མེས་རྒྱལ་གྱི་ས་གཞི་ཆེ་མོར་གཞི་ཚུགས་ནས་མི་སྒེར་གྱི་ཕུགས་འདུན་དང་ཀྲུང་གོའི་ཕུགས་འདུན་གཉིས་གཅིག་ཏུ་སྦྲེལ་ན། གཞི་ནས་དུས་རབས་ཀྱིས་དཀྲིས་པའི་འགན་འཁྲི་ཕྲག་ཏུ་འཁུར་ཐུབ། དམག་སྒར་ནས་ཕྱིར་བུད་དེ་སློབ་གྲྭར་སློབ་གཉེར་བྱེད་བཞིན་པའི་སློབ་གྲྭ་ཆེ་མོ་བ་ཞིག་ཡིན་པའི་ངོས་ནས།  ངས་མུ་མཐུད་དུ་གསར་བརྗེའི་སྙིང་སྟོབས་དར་སྤེལ་དང་དཀའ་ངལ་ལ་མི་སྐྲག་པའི་དཔུང་སྡེའི་སྙིང་སྟོབས་དར་སྤེལ་བཏང་སྟེ། དམག་མིའི་སྤྱོད་ཚུལ་སྔར་བཞིན་རྒྱུན་འཁྱོངས་དང་དཀའ་སྤྱད་སློབ་སྦྱོང་དང་འབད་འཐབ་ཧུར་ཐག་བྱས་ཏེ། ཀྲུང་གོའི་དམག་དཔུང་གི་སྲོལ་རྒྱུན་བཟང་པོ་དང་ཀྲུང་གོའི་དམག་མིའི་སྤྱོད་ཚུལ་བཟང་པོ་སློབ་གྲྭར་བརྒྱུད་སྤྲོད་བྱས་ནས་མེས་རྒྱལ་འཛུགས་སྐྲུན་ཆེད་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན་ཞེས་བརྗོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།