མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། མཚོ་སྔོན་འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱིས་བདེ་འཇགས་དང་། སྟབས་བདེ། ནུས་ཆེ། ལྗང་མདོག དཔལ་འབྱོར། བསྟུན་མཁས། མཉེན་གཤིས་བཅས་ཀྱི་དེང་རབས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་ཁྱོན་ཡོངས་ནས་བསྐྲུན་ཏེ། ཕྱུག་འགྱུར་ལམ་བུ་དང་། བདེ་སྐྱིད་ལམ་བུ། སེམས་སྦྲེལ་ལམ་བུ། དར་རྒྱས་ལམ་བུ་བཅས་རེ་རེ་བཞིན་བསྐྲུན་ནས་འགྲིམ་འགྲུལ་སྐྱེལ་འདྲེན་ཐད“འགག་སྒོའི་ཚོད་འཛིན”ནས“གཞི་རྩའི་འཚམ་པ”“འགན་ལེན་སྣེ་ཁྲིད”བར་དུ་འགྱུར་བ་ཆེན་པོ་བྱུང་ཡོད། 2023ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་ཀྱི་གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་8.94ཟིན་ནས་ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་གི་ལྡབ189ཟིན་པ་དང་། གཞུང་ལམ་དྲ་བའི་སྟུག་ཚད་སྤྱི་ལེ་ངོས་སྙིམས་གྲུ་བཞི་མ་བརྒྱ་རེ་ནང་སྤྱི་ལེ12.40ཟིན་ཡོད་པ་རེད། ཟི་ལིང་དང་གོར་མོ་ལྟེ་བར་བྱས་པའི་མྱུར་བགྲོད་གཞུང་ལམ་གྱི་སྒྲོམ་གཞི་གཙོ་བོ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་གྱིས་གཞུང་རྐང་དང་། རྒྱལ་ཁབ་ཞིང་ཆེན་གྱི་ཡན་ལག་གཞུང་ལམ་གྱིས་ཡན་ལག ། གྲོང་གསེབ་ཀྱི་གཞུང་ལམ་གྱིས་ཡལ་འདབ་ལྟ་བུའི་་གཞུང་ལམ་དྲ་བ་གཞི་རྩའི་ཆ་ནས་ཆགས།
གསར་འགོད་པས་མཚོ་སྔོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་ལྟར་ན། 2023ལོའི་ལོ་མཇུག་བར་ཞིང་ཆེན་ཡོངས་ཀྱི་མྱུར་བགྲོད (རིམ་པ་དང་པོ་འདུ་པ) གཞུང་ལམ་སྤྱི་ལེ5062ཟིན་པ་དང་། ལོ་གཉིས་ཀྱི་སྔུན་ལ་མྱུར་བགྲོད་གཞུང་ལམ་སྤྱི་ལེ5000གི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་མངོན་འགྱུར་བྱུང་བ་དང་། ཞིང་ཆེན་ཡོངས་ཀྱི་རྫོང34ལ་མྱུར་བགྲོད་གཞུང་ལམ་ཤར་གཏོང་བྱས། རྫོང་སོ་སོར་གཞུང་ལམ་ཤར་གཏོང་གི་བསྡུར་ཚད76%ཟིན། ཞིང་ཆེན་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་འཚོལ་ཞིབ་ནས་འགོ་བཙུགས་པ་དང་ཤར་རྒྱུད་མཉམ་སྒུལ་ནས“འཐབ་ཇུས་ནུབ་སྤོར། ཚད་བརྒལ་མཆོང་སྐྱོད”ནས“ཁྱོན་ཡོངས་ལ་སྐུལ་འདེད་དང་། རྒྱུན་མཐུད་མགྱོགས་མྱུར”གྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་མངོན་འགྱུར་བྱུང་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་དུ། མཚོ་སྔོན་གྱིས་རིམ་རྩིས་བྱས་ན་འགྲིམ་འགྲུལ་ཐད་གཏན་འཇགས་རྒྱུ་ནོར་སྒོར་དུང་ཕྱུར3114བཏང་བ་ལེགས་པར་གྲུབ་པ་དང་། ལོའི་ཆ་སྙོམས་མ་འཇོག་བྱེད་ཚད་ཀྱིས་ཞིང་ཆེན་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་མ་འཇོག་བྱེད་ཚད་ཀྱི10%ཙམ་ཟིན། ཡུལ་ཚོ་དང་གྲོང་རྡལ78.4%ལ་རིམ་པ་གསུམ་པ་དང་དེ་ཡན་གྱི་གཞུང་ལམ་ཤར་གཏོང་བྱས་པ་དང་། སྒྲིག་གཞི་ཚང་བའི་གྲོང་ཚོ100%ལ་ཨར་ལམ་བཏིངས། རྫོང་གྲོང་ཚང་མར་རིམ་པ་གཉིས་པ་ཡན་ནམ་ཡང་ན་དགོས་མཁོ་དང་འཚམ་པའི་རིམ་པ་གསུམ་པའི་འགྲུལ་སྐྱེལ་ས་ཚིགས་བཙུགས་ནས་སྒྲིག་གཞི་ཚང་བའི་གྲོང་ཚོ99.7%ལ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་བྱས་པ་དང་། ལོ་རེར་སྤྱི་ཚོགས་ཡོངས་ཀྱི་ཆ་སྙོམས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད47.1%དང་། དངོས་ཟོག་སྐྱེལ་འདྲེན་བྱེད་ཚད79.7%ཟིན་ཡོད་པ་རེད། ཞིང་ཆེན་ཡོངས་ཀྱི་རིམ་པ་ཡན་གྱི་རླངས་འཁོར་འགྲུལ་སྐྱེལ་ས་ཚིགས51དང་། སྟབས་བདེའི་ས་ཚིགས253། འབོད་བརྡའི་ས་ཚིགས1148བཅས་ཡོད། འགྲུལ་སྐྱེལ་ལམ་ཐིག44དང་གྲོང་གསེབ་ཀྱི་འགྲུལ་ཟོང་སྦྲགས་གསུམ་མཉམ་འདྲེས་ལམ་ཐིག30བཅས་ཤར་གཏོང་བྱས། ཡུལ་ཚོ་དང་གྲོང་རྡལ་གྱི་སྐྱེལ་འདྲེན་ཞབས་ཞུ་ས་ཚིགས275དང་གྲོང་ཚོ་རིམ་པའི་སྦྲགས་སྐྱེལ་ཞབས་ཞུ་ས་ཚིགས2275བཅས་བསྐྲུན་ནས“མྱུར་སྐྱེལ་གྲོང་ཚོར་ཁྱབ་པའི”ཁྱབ་ཚད86%ཟིན། ཞིང་ཆེན་ཡོངས་ཀྱི་ནུས་རྒྱུ་གསར་པ་དང་ནུས་རྒྱུ་གཙང་མའི་སྤྱི་སྤྱོད་རླངས་འཁོར་དང་བོགས་གཏོང་རླངས་འཁོར་གྱིས་བཟུང་བའི་བསྡུར་ཚད་སོ་སོ་ནས98.6%དང་86.3%་ཟིན་ཡོད་པ་རེད།