བླ་མེད་ཀྱི་གཟི་བརྗིད། དཔེ་སྟོན་གྱི་སྟོབས་ཤུགས།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན།

ཚེས29ཉིན་གྱི་སྔ་དྲོར། བརྗིད་ཉམས་ལྡན་ལ་སྤྲོ་སེམས་འཁོལ་བའི་རྣམ་པའི་ཁྲོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ལ་གཟེངས་རྟགས་གནང་བ་དེས། གཟེངས་བསྟོད་ཐོབ་པའི་དཔེ་བཟང་མི་སྣ་དང་རྒྱལ་སྤྱིའི་གྲོགས་པོ་ཚོར་སྤོབས་སེམས་ཆེན་པོ་བསྩལ་བ་དང་སྐུལ་ལྕག་ཆེན་པོ་གནང་།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་གནང་པའི་བྱས་རྗེས་གཟེངས་རྟགས་བླངས་པ་དང་། རྒྱལ་ཡོངས་གོང་འོག་ཚང་མའི་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་དང་བླ་ན་མེད་པའི་གུས་འདུད་ཐོབ་པས།  དཔའ་བོ་དཔེ་བཟང་ཚང་མར་སྤོབས་སེམས་ཆེན་པོ་སྐྱེས་ཤིང་།  ཚང་མས་ལོ་ངོ75ཡི་རིང་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་བྱས་རྗེས་ངོ་མཚར་ཅན་བསྐྲུན་པ་དང་། མེས་རྒྱལ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས། མི་ཚང་མར་རང་ཉིད་ཁོ་ན་མི་བསམ་པར་དོན་དག་ཆེན་པོའི་ནང་ཞུགས་ཐུབ་པ་དང་། མི་ཚེའི་ཉམས་འགྱུར་མངོན་པའི་གར་སྟེགས་ཆེན་པོ་ཞིག་འདོན་སྤྲོད་བྱས་ཡོད་ཅེས་བསྟན།

སྤྱི་མཐུན་རྒྱལ་ཁབ་ཀྱི་གཟེངས་རྟགས་ཐོབ་མཁན་ཧོང་ཙུང་ཏི་ཡིས་བཤད་རྒྱུར། རྒྱལ་ཁབ་དང་མི་དམངས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་དགོས་ནའང་རིན་ཐང་ཆེན་པོ་ལྡན། ཏང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅིའི་ཞི་ཅིན་ཕིང་གི་རྗེས་སུ་དམ་པོར་འབྲངས་ཏེ། རྒྱལ་ཁབ་འཛུགས་སྐྲུན་བཟང་པོ་བྱེད་དགོས་ལ། རྒྱལ་ཁབ་དར་རྒྱས་གོང་འཕེལ་བྱུང་ན་སུས་ཀྱང་ང་ཚོར་བརྙས་བཅོས་བྱེད་མི་ཕོད་ཟེར། 

མི་དམངས་སྲུང་དམག་གི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་པ་དབྱི་ཁཱ་ཁའེ་ལིས་ཏིས་པེ་ཁི་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅིས་སྐུ་དངོས་སུ་མཇལ་འཕྲད་གནང་བ་དང་། ཁོང་གིས་ཁྱོད་ཚོ་ནི་དཔའ་བོ་ཡིན་ལ། ང་ཚོས་སློབ་སྦྱོང་བྱེད་སའི་མིག་དཔེ་ཡིན་ཞེས་གསུངས་པ་དེས་ང་རང་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་སོང་། ང་རང་ཀྲུང་ཧྭ་མི་རིགས་ཁྲོད་ཀྱི་འབྲོག་པ་ཞིག་ཡིན་ལ། འབྲོག་པར་ཡང་མཐའ་མཚམས་ལ་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཡོད། འགན་འཁྲི་དེ་ངའི་ཕྲག་ཏུ་ཡོད་ལ། འགན་འཁྲི་དེ་ངའི་བུ་རབས་ཚ་རྒྱུད་ཀྱི་ཕྲག་ཏུ་ཡང་ཡོད་ཟེར། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱིས་ཀྲུང་གོ་འཕེལ་རྒྱས་གཏོང་བ་དང་།   ཀྲུང་གོ་མི་དམངས་དང་རྒྱལ་ཁབ་སོ་སོའི་མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་ཆེད་དུ་བྱས་རྗེས་གཟེངས་སུ་ཐོན་པ་བཞག་པའི་རྒྱལ་སྤྱིའི་གྲོགས་པོ་རྣམས་དུས་ནམ་ཡང་བརྗེད་མི་སྲིད།    ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་བཏང་སྟེ། མིའི་རིགས་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་འདོད་ཡོད་ཅེས་གསུངས།   “མཛའ་བརྩེའི་གཟེངས་རྟགས”ཐོབ་པའི་ལྕམ་མོ་ཏིས་ཨར་མ·ལུའོ་སའེ་ཧྥུའུ་ཡིས་བཤད་རྒྱུར། མཛའ་བརྩེའི་གཟེངས་རྟགས་ཐོབ་པར་ང་རང་དགའ་སྤྲོས་རབ་ཏུ་ཁེངས་ཡོད། ངས་བལྟས་ན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པ་དེ་ནི་རྒྱལ་སྤྱིའི་མཉམ་ལས་ལ་ཡར་སྐུལ་བྱེད་པའི་གྲོས་གཞི་ཞིག་ཡིན་ལ། ཆེས་བླ་ན་མེད་པའི་གྲོས་གཞི་ཞིག་ཡིན་པར་འདོད་ཡོད། མཛའ་བརྩེའི་གཟེངས་རྟགས་ཐོབ་པ་ནི་པ་ཞི་དང་ཀྲུང་གོའི་མཉམ་ལས་ཀྱི་འབད་བརྩོན་ཡོད་ཚད་ཁས་བླངས་པ་ཞིག་ཀྱང་ཡིན། ངས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྤྱིའི་འགོ་ཁྲིད་པའི་མཛད་རྗེས་ལ་ཡིད་སྨོན་བྱེད་བཞིན་ཡོད་པ་དང་། ངས་ཀྲུའུ་ཞི་ཞི་ཅིན་ཕིང་ནི་དེང་སྐབས་ཆེས་རླབས་ཆེ་བའི་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞིག་པར་འདོད་ཡོད་ཟེར། 

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་རྒྱ་ཆེན་པོས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་བློ་སྤོབས་དང་།  རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་རྩལ་ནུས་སྦྱོང་བརྡར།  རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་མཛད་རྗེས་བཅས་ལ་བརྟེན་ནས་དཔའ་བོ་དཔེ་བཟང་གི་བསམ་བློའི་སྙིང་སྟོབས་དང་།    སྤྱི་ཚོགས་ཡོངས་ཀྱིས་དཔའ་བོར་བརྩི་བཀུར་དང་དཔའ་བོར་སློབ་སྦྱོང་།   དཔའ་བོ་བརྩོན་ལེན་བཅས་བྱེད་པར་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་བླང་བྱ་རྒྱས་བཤད་གཏིང་ཟབ་གནང་ཡོད།    གཟེངས་བསྟོད་ཐོབ་པའི་དཔའ་བོ་དཔེ་བཟང་རྣམས་ཀྱིས་རྒྱལ་ཡོངས་མི་དམངས་དང་ལྷག་པར་དུ་ན་གཞོན་མི་རབས་ཚོ་དང་མཉམ་དུ་འབད་འབུངས་ཡར་བརྩོན་བྱས་ནས། མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མཛེས་སྡུག་ལྡན་པའི་ལེའུ་གསར་པ་ཞིག་རྩོམ་རྒྱུ་ཡིན་ཞེས་བསྟན།

མི་དམངས་ཀྱི་སྒྱུ་རྩལ་པའི་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་ཐེན་ཧྭ་ཡིས་བཤད་རྒྱུར། ངའི་མིག་ལ་སེམས་འགུལ་གྱི་མིག་ཆུ་འཁོར་བྱུང་བ་དང་། ངས་རང་ཉིད་བསོད་ནམས་ཧ་ཅང་ཆེ་སོང་སྙམ་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་འགོ་ཁྲིད་འོག་ཏུ། ང་ཚོའི་མེས་རྒྱལ་སྔར་ལས་སྟོབས་འབྱོར་ལྡན་པ་དང་སྔར་ལས་རླབས་ཆེན་དུ་འགྱུར་ངེས་ལ། མི་དམངས་ཀྱི་འཚོ་བ་ཡང་སྔར་ལས་བདེ་སྐྱིད་ལྡན་ངེས། ངས་དུས་གཏན་དུ་ཏང་གི་གསུང་ལ་ཉན་པ་དང་མི་དམངས་ཀྱི་ཆེད་དུ་རང་གི་མི་ཚེ་ཧྲིལ་བོ་སྐྱེས་སུ་འབུལ་རྒྱུ་ཡིན་ཟེར། 

རྩོམ་སྒྲིག་པ། : ཁོན་ཐར་འཚོ།