ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་ཚེས30ཉིན་གྱི་དགོང་མོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སྣེ་ལེན་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་ཚེས30ཉིན་གྱི་དགོང་མོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་འཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་སྣེ་ལེན་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བའི་རིང་ལ་རང་རེའི་ཏང་གིས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འཐབ་ལྷོད་མེད་བྱས་ཏེ་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་ཆེན་པོ་གཉིས་བཏོད་པ་དང་། ཀྲུང་གོར་འགྱུར་ལྡོག་ཆེན་པོ་བྱུང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དེ་ལྡོག་ཐབས་བྲལ་བའི་ལོ་རྒྱུས་ཀྱི་འཕེལ་རིམ་དུ་སླེབས་ཡོད། དུས་རབས་གསར་པའི་སྐྱོད་ལམ་གསར་པར་ཀྲུང་གོ་མི་དམངས་ཀྱིས་འོད་སྟོང་ལྡན་པའི་གྲུབ་འབྲས་གསར་པ་སྔར་ལས་ཆེན་པོ་ལེན་ངེས་པ་དང་། མིའི་རིགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་ན་མེད་པའི་བྱ་གཞག་ཆེད་དུ་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་འཇོག་ངེས་ཞེས་ནན་གྱིས་གསུངས།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུ་ཚེས30ཉིན་གྱི་དགོང་མོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་འཚོགས། ཞི་ཅིན་ཕིང་དང་ལིས་ཆང་། ཀྲའོ་ལི་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞུའེ་ཞང་། ལིས་ཞི། ཧན་ཀྲིན་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་རྒྱལ་ཁབ་ཕྱི་ནང་གི་མི་སྣ3000ཙམ་དང་མཉམ་དུ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས།
ལིས་ཆང་གིས་སྣེ་ལེན་ཚོགས་འདུར་འགོ་འཛིན་གནང་བ་དང་། ཀྲའོ་ལི་ཅི་དང་། ཝང་ཧུའུ་ཉིང་། ཚའེ་ཆི། ཏེན་ཞའེ་ཞང་། ལིས་ཞི། ཧན་ཀྲིན་བཅས་སྣེ་ལེན་ཚོགས་འདུར་ཞུགས། ཀྲུང་གོ་དང་ཕྱི་རྒྱལ་གྱི་མི་སྣ་སུམ་སྟོང་ཙམ་མཉམ་དུ་འཛོམས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ75འཁོར་བའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུས།
མི་དམངས་ཚོགས་ཁང་ཆེན་མོའི་གསོལ་སྟོན་ཁང་དུ་གློག་སྒྲོན་ཆེམ་ཆེམ་འཕྲོ་བ་དང་རྟེན་འབྲེལ་དང་སྤྲོ་སེམས་འཁོལ་བའི་དུས་ཆེན་གྱི་རྣམ་པས་ཁེངས་ཡོད། ཀྲུའུ་ཞིའི་སྟེགས་བུའི་སྟེང་དུ་བརྗིད་ཉམས་ལྡན་པའི་རྒྱལ་རྟགས་མཐོན་པོར་བཀལ་ཡོད་པ་དང་། “1949-2024”ཞེས་པའི་ཡིག་འབྲུ་ཆེན་པོའི་ལོ་རྟགས་དེ་དར་དམར་གྱི་བཀྲག་མདངས་འོག་ཏུ་སྔར་ལས་མངོན་གསལ་དོད་པོ་ཞིག་ཏུ་མཐོང་།
ཆུ་ཚོད17དང་སྐར་མ30ཙམ་ལ་དགའ་སྤྲོའི《མགྲོན་བསུའི་རོལ་དབྱངས》ཁྲོད་ཞི་ཅིན་ཕིང་སོགས་གསོལ་སྟོན་ཁང་དུ་ཕེབས་ནས་ཚང་མར་ཕྱག་གཡུག་གནང་སྟེ་གུས་འདུད་ཞུས་པས་ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲས་ཁེངས།
སྣེ་ལེན་ཚོགས་འདུ་འགོ་བརྩམས་པ་ན། ཚོགས་ར་ཡོངས་ཀྱི་མི་རྣམས་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་པ་དང་། རྔམ་བརྗིད་ལྡན་པའི《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》ཚོམས་ཆེན་ནང་ལྷང་ལྷང་དུ་གྲགས།
དུང་བརྡ་ལྷང་ལྷང་གི་ཁྲོད་དུ་ཞི་ཅིན་ཕིང་ཀྲུའུ་ཞིའི་སྟེགས་བུའི་སྟེང་ཕེབས་ནས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཐོག་མར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་མཛད་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམངས་གཙོའི་ཏང་ཁག་སོ་སོ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ་དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྤུན་ཟླ། ཐའེ་ཝན་སྤུན་ཟླ་དང་ཕྱིར་སྡོད་སྤུན་ཟླ་བཅས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པར་མ་ཟད། ཀྲུང་གོ་གསར་པའི་འཛུགས་སྐྲུན་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་མཛའ་མཐུན་རྒྱལ་ཁབ་དང་རྒྱལ་སྤྱིའི་མཛའ་མཐུན་མི་སྣར་ཐུགས་རྗེ་ཆེ་ཞུས།
ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བ་དང་མི་རིགས་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ཡིན། སྤྱི་མཐུན་རྒྱལ་ཁབ་ཀྱི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བའི་བྱ་སྤྱོད་ཡག་ཤོས་ནི་སྔར་བྱུང་མྱོང་མེད་པའི་རླབས་ཆེན་གྱི་བྱ་གཞག་དེ་ཟམ་མི་ཆད་པར་གོང་ནས་གོང་དུ་སྤེལ་རྒྱུ་དེ་རེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར། ངེས་པར་དུ་ཏང་གིས་ཁྱོན་ཡོངས་ལ་གཅིག་འདོམས་དང་ཕྱོགས་སོ་སོར་མཐུན་སྦྱོར་བྱེད་པའི་འགོ་ཁྲིད་སྲོག་ཤིང་གི་ནུས་པ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་གཏོང་བ། ཏང་གི་རང་ངོས་གསར་བརྗེས་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ལ་ཁྲིད་སྟོན་ཧུར་ཐག་བཅས་བྱེད་དགོས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་། སྒོ་འབྱེད་རྒྱ་སྐྱེད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། རྒྱལ་ཁབ་དར་རྒྱས་གོང་འཕེལ་གྱི་ལས་དབང་དེ་ཀྲུང་གོའི་མི་དམངས་ཀྱི་ལག་ཏུ་དམ་པོར་འཛིན་གང་ཐུབ་བྱེད་དགོས། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པ་དང་། ཐམས་ཅད་མི་དམངས་ཀྱི་ཆེད་དུ་ཡིན་པ། ཐམས་ཅད་མི་དམངས་ལ་བརྟེན་པ་བཅས་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། མི་དམངས་ཡོངས་ཀྱིས་མཉམ་དུ་འབད་འཐབ་བྱེད་པའི་ཁྲོད་བཅོས་སྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་དུ་ལོངས་སྤྱོད་བྱ་གང་ཐུབ་བྱེད་དགོས། ངེས་པར་དུ་ཞི་བདེའི་འཕེལ་རྒྱས་བགྲོད་ལམ་དུ་བསྐྱོད་རྒྱུ་ཐོག་མཐའ་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་ནས་འཛམ་གླིང་ཞི་བདེ་ལྷིང་འཇགས་དང་མིའི་རིགས་མཉམ་དུ་ཡར་ཐོན་ཡོང་བར་སྐུལ་སྤེལ་བྱེད་དགོས།
ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱ་རྒྱུ་ནི་ཞང་ཀང་སྤུན་ཟླ་དང་། ཨོ་མིན་སྤུན་ཟླ། ཐའེ་ཝན་སྤུན་ཟླ་དང་བཅས་པའི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡིན། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང་། “ཞང་ཀང་པས་ཞང་ཀང་སྐྱོང་བ།” “ཨོ་མིན་པས་ཨོ་མིན་སྐྱོང་བ།” ཚད་མཐོའི་རང་སྐྱོང་བཅས་ཀྱི་བྱེད་ཕྱོགས་ཆ་ཚང་ཞིང་ཡང་དག་ལ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་བྱས་ཏེ། ཞང་ཀང་དང་ཨོ་མིན་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ཡོང་བར་བློ་བརྟན་འགྱུར་མེད་ཀྱིས་སྲུང་སྐྱོབ་དང་ཡར་སྐུལ་བྱེད་དགོས་ཞེས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས་ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་བསྙོན་མེད་ཅིག་ཡིན་ལ། འགྲམ་ངོགས་གཉིས་ཀྱི་མི་དམངས་རྣམས་ཤ་རུས་འདྲེས་པ་དང་ཤ་ཁྲག་གཅིག་ཏུ་འདྲེས་ཡོད་པས། ཀྲུང་གོ་གཅིག་གི་རྩ་དོན་དང“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”རྒྱུན་འཁྱོངས་བྱས་ཏེ་འགྲམ་ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། འགྲམ་ངོགས་གཉིས་ཀྱི་སྤུན་ཟླའི་སེམས་པ་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་བ། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། མེས་རྒྱལ་ཕྱོགས་ཡོངས་ནས་གཅིག་གྱུར་ཡོང་བར་བྱ་རྒྱུ་ནི་དུས་ཀྱི་འཁོར་ཕྱོགས་དང་། བདེན་དོན་གནས་ས། དམངས་སེམས་ཀྱི་གཏད་ཕྱོགས་བཅས་ཡིན་པས། ལོ་རྒྱུས་ཀྱི་འཕེལ་ཕྱོགས་དེ་སུས་ཀྱང་འགོག་མི་ཐུབ་ཅེས་བསྟན།
ཞི་ཅིན་ཕིང་གིས་མིའི་རིགས་མཉམ་དུ་སའི་གོ་ལ་གཅིག་གི་སྟེང་གནས་པ་དང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ལས་དབང་གཅིག་ཏུ་འབྲེལ་ཡོད། མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་དར་སྤེལ་གཏོང་བ་དང་། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་དཀྱེལ་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་དུ་དར་སྤེལ་བཏང་སྟེ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་བཅས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཞི་ཅིན་ཕིང་གིས་ལོ་ངོ75རིང་གི་དཀའ་སྤྱད་འབད་བརྩོན་འོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་བརྗིད་ཉམས་ཆེ་བའི་དཔེ་རིས་བཀྲམས་ཤིང་འོད་སྟོང་རབ་ཏུ་འཕྲོ་བའི་མདུན་ལྗོངས་འགྲན་ཟླ་བྲལ་བ་ཞིག་མངོན་ཡོད། དེ་དང་མཉམ་དུ་མདུན་སྐྱོད་ཀྱི་བགྲོད་ལམ་ནི་བདེ་ཞིང་ཡངས་པོ་ཞིག་ཡོང་ཐབས་མེད་པར་དཀའ་ངལ་དང་ཉེན་ཁར་འཕྲད་ངེས་པས། ང་ཚོས་བདེ་སྡོད་ཉེན་བསམ་དང་ཆུ་མ་ཡོང་གོང་ནས་རགས་རྒྱག་པའི་དཔེ་ལྟར་ངེས་གཏན་མེད་པ་དང་ཚོད་དཔག་དཀའ་བའི་ཉེན་ཁ་དང་འགྲན་སློང་མཐའ་དག་ལས་རྣམ་པར་རྒྱལ་ཐུབ་པ་བྱ་དགོས། དཀའ་ངལ་གང་ཞིག་གིས་ཀྱང་ཀྲུང་གོའི་མི་དམངས་མདུན་དུ་སྐྱོད་པའི་གོམ་སྟབས་འགོག་ཐབས་མེད་ཅེས་བསྟན།
སྤྲོ་སྣང་ལྡན་པའི་རོལ་དབྱངས་ཁྲོད་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་ཚོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བར་མཉམ་དུ་རྟེན་འབྲེལ་ཞུས་པ་དང་། ཀྲུང་གོ་དར་རྒྱས་གོང་འཕེལ་དང་། མི་དམངས་བདེ་སྐྱིད་ཁམས་བཟང་། ཀྲུང་གོ་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་མཛའ་བརྩེ་ཡུན་ནས་ཡུན་དུ་གནས་པའི་སྨོན་འདུན་ཞུས།
སྣེ་ལེན་ཚོགས་འདུར་ཞུགས་མཁན་གྱི་གྲས་སུ་ད་དུང་ཝང་དབྱི་དང་། དབྱིན་ལིས། ཧྲི་ཐའེ་ཧྥུན། ལིའུ་གོ་ཀྲུང་། ལིས་ཀན་ཅེ། ལིས་ཧྲུའུ་ལེ། ལིས་ཧུང་ཀྲུང་། ཧི་ཝེ་ཏུང་། ཧི་ལིས་ཧྥུན། ཀྲང་ཡིའུ་ཞ། ཀྲང་གོ་ཆིན། ཁྲིན་ཝུན་ཆིན། ལིས་རུའེ་ཧོན། ཝུན་ཅ་པའོ། ཅ་ཆིན་ལིན། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། ལིས་ཀྲན་ཧྲུའུ། ཝང་དབྱང་། ལིས་ལན་ཆིན། ཙིན་ཆིན་ཧུང་། ཝུའུ་ཀོན་ཀྲིན། ལིས་ཁྲང་ཁྲུན། ཧི་གོ་ཆང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལིས། ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུ་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་འགོ་ཁྲིད་ཀྱི་ལས་གནས་ནས་དགོངས་ཞུ་བྱས་པའི་བློ་མཐུན་བཅས་ཡོད།
ཀྲུང་དབྱང་གི་ཏང་སྲིད་དམག་དམངས་ཀྱི་སྡེ་ཁག་སོ་སོ་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་པ་གཙོ་བོ། དམངས་གཙོའི་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་པ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ལས་རིགས་སོ་སོའི་མི་སྣ་གྲགས་ཅན་གྱི་འཐུས་མི། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་ཁ་ཤས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས། དམག་དཔོན་རྒན་གྲས་དང་ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི། པེ་ཅིང་དུ་ཡོད་པའི་ཚེ་ལས་འདས་པའི་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་བཟའ་ཟླ། “སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”དང་། “མཛའ་མཐུན་གཟེངས་རྟགས” “བདུན་གཅིག་གཟེངས་རྟགས།”“བརྒྱད་གཅིག་གཟེངས་རྟགས།”རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་བཅས་ཐོབ་མཁན་གྱི་འཐུས་མི། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་མི་སྣ་དང་སྔོན་ཐོན་མི་སྣའི་འཐུས་མི། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་དང་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པའི་འཐུས་མི། དམག་བཀུར་དཔེ་བཟང་དང་། སྔོན་གཤེགས་དཔའ་བོའིཁྱིམ་མི། གསར་བརྗེའི་དབང་པོ་སྐྱོན་ཅན་དམག་མི། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་འཐུས་མི། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་གྱི་འཐུས་མི་ཁ་ཤས་དང་གྲངས་ཉུང་མི་རིགས་ཀྱི་འཐུས་མི། པེ་ཅིང་དུ་ཡོད་པའི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་མི་སྣ་ཁ་ཤས་དང་། ཨོ་མིན་དམིགས་བསལ་སྲིད་འཛིན་ཁུལ་གྱི་མི་སྣ། ཐའེ་ཝན་སྤུན་ཟླ་དང་། ཕྱིར་སྡོད་རང་མི། ཕྱི་ཁོངས་ཀྲུང་གོ་པའི་འཐུས་མི། ཀྲུང་གོར་སྡོད་པའི་རྒྱལ་ཁབ་ཁག་གི་གཞུང་ཚབ་པ། རྒྱལ་སྤྱིའི་རྩ་འཛུགས་ཁག་གི་ཀྲུང་གོར་སྡོད་པའི་འཐུས་མི། ཕྱི་རྒྱལ་གྱི་ཆེད་མཁས་པ་ཁ་ཤས་དང་ཕྱི་རྒྱལ་གྱི་གྲོགས་པོ་ཁ་ཤས་སོགས་ཀྱང་སྣེ་ལེན་ཚོགས་འདུར་ཞུགས།