ཞིང་པ་ལོ་ཏོག་བསྡུ་ལ་བྲེལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཟླ9ཚེས25ཉིན།  གསར་འགོད་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་ཁམས་ར་གྲོང་རྡལ་མགུར་འོག་མ་སྡེ་བར་བསྐྱོད་དེ། མཚོ་སྔོན་སྐྱེ་ཁམས་ཞིང་ལས་འདེབས་འཛུགས་ཚད་ཡོད་ཀུང་སིའི་སིལ་ཏོག་གྲོ་ལོ་ས་འཛིན་འདེབས་འཛུགས་རྟེན་ཞིར་བཅར་བ་ན།  འབྲས་བུ་ཁུར་དུ་དུད་པའི་གྲོ་ལོ་ས་འཛིན་ནི་ཉི་འོད་ཁྲོད་ན་སེར་ལམ་མེར་ཡིད་དུ་འོང་།  སྡེ་མི་ཚོས་འབྲས་བཟང་འཐོག་ཞིང་བཞིན་ལ་དགའ་བའི་འཛུམ་གྱིས་ཁེངས་ནས་འདུག །  དེ་ནི་ལོ་ལེགས་སྨིན་པའི་དགའ་སྟོན་ཐེངས་ཤིག་ཡིན་པ་མ་ཟད།   དཀའ་སྤྱད་ལས་བརྩོན་གྱི་སྡེ་མི་རྣམས་ཀྱི་ཁས་ལེན་ཐེངས་ཤིག་ཡང་ཡིན། གསོན་ཤུགས་ཀྱི་དཔལ་འབར་བའི་འཛིན་མའི་གཞི་དེ་ན།   མི་རྣམས་ཀྱིས་རྔུལ་ཁྲག་ལ་བརྟེན་ནས་བདེ་སྐྱིད་ཀྱི་འབྲས་བཟང་གཏོར་ནས་མཉམ་དུ་སྐྱེ་ཁམས་ཞིང་ལས་འཕེལ་རྒྱས་ཀྱི་དཔང་དུ་བྱས་ཡོད།  

རྩོམ་སྒྲིག་པ། : ཁོན་ཐར་འཚོ།