“ལྕགས་ཀྱི་ཚན་རིག་ལག་རྩལ”གྱིས“རྒྱལ་སྟོན་འཁོར་སྐྱོད”ལ་གསོན་ཤུགས་བསྩལ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  “བཅུ་བའི་ཚེས་གཅིག”གི་རྒྱལ་སྟོན་དུས་ཆེན་འཆར་ལ་ཉེ་བའི་སྐབས་འདིར།  ཀྲུང་གོའི་ལྕགས་ལམ་གྱིས“ལྕགས་ཀྱི་རྔ་མོང་རུ་ཁག”གི་རང་ཆོས་ལ་བརྟེན་ནས་ཡང་བསྐྱར་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་ཁྲོད་ནུས་པ་གལ་ཆེན་བཏོན།  ལྕགས་ལམ་དབོར་འདྲེན་གྱིས་སྐུ་མགྲོན་དུང་ཕྱུར་ཁྲི་ཕྲག་ཕ་ཡུལ་དུ་བསྐྱལ་བའི་འདུན་པ་ཁུར་དུ་ཐེག་ཡོད་ལ། དེ་ནི་དཔལ་འབྱོར་གོང་སྤེལ་གྱི་སྒུལ་ཤུགས་གལ་ཆེན་ཡང་རེད། དམིགས་བསལ་གྱི་དུས་སྐབས་འདིར་ལྕགས་ལམ་སྡེ་ཚན་གྱིས་ཕན་འབྲས་ཆེ་བའི་འཁོར་སྐྱོད་དང་ཞབས་ཞུ་གསར་གཏོད་ལ་བརྟེན་ནས་རྒྱལ་སྟོན་རིང་གི་དཔལ་འབྱོར་གོང་སྤེལ་ལ་མེད་དུ་མི་རུང་བའི་སྟོབས་ཤུགས་ཆེན་པོ་འདོན་འཆར་ཡོད།

ལྕགས་ཀྱི་སྒུལ་ཤུགས་ཏེ“སྟོབས་ཤུགས་ཡོངས་སུ་བཏོན”ཏེ། དཔལ་འབྱོར་གོང་སྤེལ་གྱི་རྨང་རྡོ་བརྟན་པོ་ཇེ་བརྟན་དུ་གཏང་བ།

ལྕགས་ལམ་དབོར་འདྲེན་ནི་རྒྱལ་ཁབ་གྱི་རྨང་གཞི་སྒྲིག་ཆས་གལ་ཆེན་ཡིན་པའི་ཆ་ནས་ད་ལྟའི་བར་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་སྒུལ་ཤུགས་མེད་དུ་མི་རུང་བ་ཡིན།   ཀྲུང་གོའི་ལྕགས་ལམ་སྐུ་མགྲོན་ཞབས་ཞུ་མ་ལག(12306)གི་གཞི་གྲངས་ལས་མངོན་པ་ལྟར་ན། མེ་འཁོར་གྱི་འཁོར་སྐྱོད་རིས་ཁྲ་གསར་བས་ཉིན་རེར་མེ་འཁོར11149བཀོད་གཏོང་བྱ་རྒྱུ་ཡིན་ཞིང་། དེ་ནི་ད་ཡོད་ཀྱི་འཁོར་སྐྱོད་རིས་ཁྲ་དང་བསྡུར་ན་མེ་འཁོར233ཁ་སྣོན་བརྒྱབ་ཡོད།  ཉིན་རེར་ཟོང་འདྲེན་མེ་འཁོར22264བཀོད་གཏོང་བྱ་འཆར་ཡོད་པ་དང་། དེ་ད་ཡོད་ཀྱི་འཁོར་སྐྱོད་རིས་ཁྲ་དང་བསྡུར་ན་མེ་འཁོར40ཁ་སྣོན་བརྒྱབ་ཡོད། འགྱུར་ལྡོག་དེས་ལྕགས་ལམ་སྡེ་ཚན་གྱིས་ཁྲོམ་རའི་དགོས་མཁོའི་མིག་རྒྱང་རང་བཞིན་དང་སྟབས་བསྟུན་ནུས་པ་མཚོན་པས། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ཀྱི་འགྲུལ་སྐྱེལ་དབོར་འདྲེན་ལ་སྔར་ལས་སྟབས་བདེ་ཞིང་ཕན་འབྲས་ཆེ་བའི་བགྲོད་ལམ་མཁོ་འདོན་བྱས་ཡོད།  ལྕགས་ལམ་དབོར་འདྲེན་གྱི་ཕན་ཕྱོད་ཆེན་པོས་རྒྱལ་སྟོན་དུས་ཆེན་རིང་གི་དཔལ་འབྱོར་བྱེད་སྒོའི་ཟོང་འདྲེན་ལ་འགན་སྲུང་སྲ་བརྟན་འདོན་རྒྱུ་མ་ཟད། ཡུལ་སྐོར་དང་ཚོང་དོན་སོགས་ཁྱབ་ཁོངས་ཀྱི་དར་སྤེལ་ལ་སྐུལ་འདེད་བཏང་ནས་དཔལ་འབྱོར་འཕར་སྣོན་ལ་གསོན་ཤུགས་གསར་པ་བསྩལ།

ལྕགས་ཀྱི་སྐུལ་ཤུགས་ཀྱི་ཚན་རྩལ་གསར་གཏོད་བྱས་ཏེ་རྒྱལ་སྟོན་གྱི་དབོར་འདྲེན་ལ་འགན་སྲུང་བྱས། 

ཚན་རྩལ་གསར་གཏོད་ཀྱི་ཕྱོགས་ནས་ཀྲུང་གོའི་ལྕགས་ལམ་གྱི་འགག་སྒོ་རེ་རེ་གཏོར་ཏེ།  ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་རབ་དང་རིམ་པ་ཐོབ།   2023ལོའི་ཟླ7ཚེས1ཉིན། མཚོ་བོད་ལྕགས་ལམ་གློག་སྒུལ་དུས་རབས་སུ་བསླེབས། བསྐྱར་དར་རྟགས་ཅན་གྱི་གློག་སྒུལ་མེ་འཁོར་མཚོ་བོད་མཐོ་སྒང་གི་འཛིན་མའི་གཞི་རུ་ཤར་མར་བསྐྱོད།  དུས་ཚོད་ཀྱི་མྱུར་ཚད་ལེ་དབར60ཅན་གྱི་ཆེས་མྱུར་བའི་ཁབ་ལེན་ཤུགས་ཀྱི་ལྗིད་འདེགས་མ་ལག་གི་ལས་གཞི་བཏོན་ནས་རང་རྒྱལ་གྱི“ཆེས་མྱུར་བའི་ལྕགས་ལམ”གསར་གཏོད་ལ་ཁྲིད་སྟོན་བྱས་པ་མ་ཟད།  དྲོད་དམའ་སྦུག་སྟོང(ཕུག)གི་མྱུར་བགྲོད་མེ་འཁོར་ཞིབ་འཇུག་གསར་གཏོད་བྱས།  གྲུབ་འབྲས་གལ་ཆེན་རབ་དང་རིམ་པས་ཀྲུང་གོའི་ལྕགས་ལམ་ཚན་རྩལ་གསར་གཏོད་ཀྱི་དངོས་ཤུགས་མངོན།  གསར་གཏོད་དེ་དག་གིས་ལྕགས་ལམ་དབོར་འདྲེན་གྱི་ཕན་ཕྱོད་དང་བདེ་འཇགས་རང་བཞིན་ཇེ་མཐོར་ཕྱིན་ནས་ཚན་རྩལ་སྟོབས་ཆེན་གྱི་རྒྱལ་ཁབ་སྐྱོང་བའི་འཐབ་ཇུས་ཀྱི་འདེགས་སྐྱོར་གལ་ཆེན་དུ་གྱུར།  ལྕགས་ལམ་སྡེ་ཚན་གྱིས་རིག་ནུས་ཕྱོགས་བསྡུས་སྙོམས་སྒྲིག་དང་། སྨྱན་བྱེད་སྣ་མང་གི་བརྡ་འཕྲིན།   འཕྲལ་བསྟུན་མཁོ་སྒྲུབ་བཀོད་འདོམས་ལག་རྩལ་གྱི་གསར་གཏོད་བརྒྱུད་དེ།  གློ་བུར་བའི་དོན་རྐྱེན་དང་གནོད་ཐེབས་ཀྱི་འཕྲལ་བསྟུན་ཐག་གཅོད་ནུས་པ་ཇེ་མཐོར་ཕྱིན་ནས་རྒྱལ་སྟོན་རིང་གི་ལྕགས་ལམ་དབོར་འདྲེན་གྱི་བདེ་འཇགས་དང་བརྟན་འཇགས་ལ་འགན་ལེན་བྱས།

ལྕགས་ཀྱི་སྒུལ་ཤུགས་ཀྱི་ཞབས་ཞུ་རིམ་སྤར་བྱས་ནས་རྒྱལ་སྟོན་རིང་གི་འགྲོ་འོང་མྱོང་རོལ་མཐོར་འདེགས་སུ་བཏང་། 

ལྕགས་ལམ་སྡེ་ཚན་གྱིས་ཞབས་ཞུའི་སྤུས་ཚད་མཐོར་འདེགས་ཕྱོགས་ལ་འབད་འབུངས་ཆེན་པོ་བྱས།   གློག་རྡུལ་པ་སེ་དང་། ངོ་བཤེར་དཔྱད་ཞིབ།  དྲ་ཐོག་རྐུབ་འདེམས་ལ་སོགས་རིག་ནུས་ཅན་གྱི་ཞབས་ཞུ་བཏོན་ཏེ།  ཡུལ་སྐོར་བ་ཕྱིར་བསྐྱོད་ལ་སྟབས་བདེ་ཆེན་པོ་བསྐྲུན།  དེ་དང་ཆས་ཅིག   ལྕགས་ལམ་སྡེ་ཚན་གྱིས་པ་སེ་གསར་གྲས་བཟོ་བའི་ཞབས་ཞུ་རྣམ་པ་ཁྱབ་གདལ་བཏང་། དཔེར་ན་འདུག་ཐེངས་པ་སེ(计次票)དང་དུས་ཐེངས་པ་སེ(定期票)ཞེས་རིགས་གཉིས་བཀོལ་སྤྱོད་དང་།  ཡུལ་སྐོར་བསྡེབས་འཛིན(套票)ཁྱབ་གདལ་བཏང་ནས་ཡུལ་སྐོར་བར་སྣ་མང་ཅན་གྱི་པ་སེ་ཉོ་སྒྲུབ་འདོན་སྤྲོད་བྱས།  ཞབས་ཞུ་དེ་དག་གི་གསར་གཏོད་ཀྱིས་ཡུལ་སྐོར་སྐུ་མགྲོན་གྱི་འགྲོ་སྐྱོད་མྱོང་རོལ་སྔར་ལས་བློ་བདེ་ཞིང་སྟབས་བདེ་བས། “མི་དམངས་ལྕགས་ལམ་མི་དམངས་ཀྱི་ཆེད་ཡིན”པའི་ཞབས་ཞུའི་དམིགས་འབེན་མངོན་ཡོད་པ་དང་ཆབས་ཅིག  ལྕགས་ལམ་རྒྱུད་ཀྱི་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་བསྣན།  

ཐེངས་འདིའི་རྒྱལ་སྟོན་དུས་ཆེན་རིང་། ལྕགས་ལམ་དབོར་འདྲེན་གྱིས་མུ་མཐུད་དུ་དབོར་འདྲེན་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་ལག་རྩལ་གསར་གཏོད། ཞབས་ཞུ་སྤུས་ལེགས་བཏོན་ཏེ། ཀྲུང་གོའི་དཔལ་འབྱོར་དར་རྒྱས་གོང་སྤེལ་གྱི་རོལ་མོ་གསར་པ་ཞིག་དཀྲོལ་རྒྱུ་རེད་ལ།  རི་ཆུའི་མགོ་ཁུངས་ཏེ་རབ་མཛེས་མཚོ་སྔོན”གྱིས་ཀྱང་རྒྱལ་སྟོན་གྱི་ཡུལ་སྐོར་གོ་སྐབས་དམ་འཛིན་བྱས་ཏེ།  མཚོ་བོད་ལྕགས་ལམ་དང་ལག་གདང་སྦྲེལ་ནས“ལྕགས་ལམ+ཡུལ་སྐོར”གྱི་འཕེལ་སྟངས་བཟང་བོར་སྐུལ་འདེད་ཧུར་ཐག་དང་  མཉམ་ལས་སྔར་ལས་ཟབ་མོ་བཅས་བྱས་ཏེ་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་ཐོག་མིག་ལམ་དུ་ངོམ་རྒྱུ་ཡོད་པ་ཞིག་བྱ་རྒྱུ་མ་ཟད། ཡུལ་སྐོར་བ་སྔར་ལས་མང་པོ་ཚུར་བཀུག་ནས་མཚོ་སྔོན་ལ་དོ་སྣང་དང་། མཚོ་སྔོན་ལ་ཡོང་བ།  མཚོ་སྔོན་ལ་དགའ་བོ་བྱེད་དུ་བཅུག་ནས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་ས་མགྱོགས་པོར་གསར་གཏོད་ལ་ནུས་ཤུགས་འདོན་རྒྱུ་ཡིན། དེ་བཞིན་དུ་ལྕགས་ལམ་སྡེ་ཚན་གྱིས་ཀྱང་མུ་མཐུད་དུ་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་ནུས་པ་གལ་ཆེན་བཏོན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ལ་སྟོབས་ཤུགས་དེ་ལས་མང་པོ་འདོན་པར་རེ་སྒུག་བཅིངས་ཡོད་དོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།