ནེ་པ་ལའི་སྨྱན་སྦྱོར་ཚོགས་པ་ཡུལ་ཤུལ་དུ་བརྗེ་སྤེལ་ལ་ཡོང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཚེས18ཉིན། ཀྲུང་གོའི་གསར་འགྱུར་དྲ་བས་ཡུལ་ཤུལ་ནས་སྤེལ་བའི་འཕྲིན། ནེ་པ་ལའི་སྨྱན་སྦྱོར་རྟོག་ཞིབ་ཚོགས་པ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ཡོང་ནས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་དང་བཞུགས་མོལ་བརྗེ་སྤེལ་གནང་།

ཟླ9ཚེས10ཉིན་ནས་ཚེས18ཉིན་བར་ནེ་པ་ལའི་སྨྱན་སྦྱོར་རྟོག་ཞིབ་ཚོགས་པ་མཚོ་སྔོན་ཞིང་ཆེན་དུ་རྟོག་ཞིབ་བཅར་འདྲི་ལ་ཡོང་།  ཐེངས་འདིའི་རྟོག་ཞིབ་ནི་མཐའ་མཇུག་གི་ས་ཚིགས་ཡིན་ཞིང་།  སྨྱན་སྦྱོར་ཚོགས་པའི་ཚོགས་མི་ལྷན་རྒྱས་ཡུལ་ཤུལ་ཁུལ་ཡུལ་ཤུལ་གྲོང་ཁྱེར་དུ་བསྐྱོད་དེ།  ཡུལ་དེའི་ལོ་རྒྱུས་རིག་གནས་སྲུང་སྐྱོབ་དང་གྲོང་ཁྱེར་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་རྟོག་ཞིབ་བཅར་འདྲི་གནང་བ་མ་ཟད། ཡུལ་ཤུལ་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་ཅུས་དང་སློབ་གསོ་ཅུས།  བཟོ་ལས་ཆ་འཕྲིན་ཅུས། བཟོ་ཚོང་མཉམ་འབྲེལ་བཅས་དང་བཞུགས་མོལ་གནང་།

བཞུགས་མོལ་ཚོགས་འདུའི་སྟེང་ཉེ་བའི་ལོ་རིང་གི་ནེ་པ་ལ་དང་ཡུལ་ཤུལ་ཁུལ་གཉིས་ཀྱི་ཉོ་ཚོང་འགྲོ་འོང་དང་རིག་གནས་བརྗེ་སྤེལ་ཕྱོགས་ཀྱི་གནས་ཚུལ་མཚམས་སྦྱོར་གནང་། 

2015ལོར་ཡུལ་ཤུལ་ཁུལ་སྲིད་གཞུང་དང་ནེ་པ་ལའི་པོ་ཁཱ་ལ་གྲོང་ཁྱེར་བར་མཛའ་མཐའ་གྲོང་ཁྱེར་གྱི་འབྲེལ་བ་འཛིན་པའི་འདོད་མོས་ཡི་གེར་མིང་རྟགས་ཡོད། 2019ལོར་ཁུལ་སྲིད་གཞུང་གིས་ཀ་ཏི་མན་རྡུར་རོགས་སྐྲུན་མཛད་པའི་སི་རེ་ཅ་ན་ཀལེ་ཡ(Shree Janakalyan)མཐོ་རིམ་སློབ་འབྲིང་ལེགས་འགྲུབ་བྱུང་།

ན་ནིང་གི་ཟླ10བ་ནས་ད་ལོའི་ཟླ8པའི་བར། ཡུལ་ཤུལ་ཁུལ་འཐུས་ཚབ་ཚོགས་པས་སྔ་གཞུག་ཏུ་ནེ་པ་ལར་མཚམས་འདྲིར་བསྐྱོད་དེ།  ས་གནས་གཉིས་ཀྱི་ཁེ་ལས་ཚོང་ཚོགས་འགྲེམ་ཚོང་མཉམ་ལས་དང་ཐོན་རྫས་མཉམ་སྤེལ་ལ་ཤུགས་བསྣན།

ལོ་དུ་མའི་རིང་ལ། ཡུལ་ཤུལ་ཁུལ་གྱིས“ཆུང་ཡང་ཡིད་དུ་འོང”བའི་དམངས་ཁྲོད་བརྗེ་སྤེལ་ལས་གཞི་ལག་བསྟར་ཧུར་ཐག་བྱས་ཏེ།  རོགས་བསྐྲུན་བྱས་པའི་སློབ་གྲྭའི་སློབ་མའི་གྲངས་འབོར་དེ་སློབ་གྲྭ་བཙུགས་མ་ཐག་གི་སློབ་མ200ཡོད་པ་ནས་ད་ལྟའི1960ལ་འཕར་ཡོད་པ་རེད། སླད་ཕྱིན་མུ་མཐུད་དུ་དབྱར་སྒར་ལ་སོགས་མཐོང་རྒྱུ་མྱོང་རྒྱུ་ཡོད་པའི་གཞོན་ནུ་ལོ་ཆུང་གི་བརྗེ་སྤེལ་བྱེད་སྒོ་སྤེལ་ཏེ།  ཁྱད་ཆོས་མངོན་པར་གསལ་ལ། མང་ཚོགས་ལ་ཕན་ཁེ་ཐོབ་པའི་རིག་གནས་ཡུལ་སྐོར་གྱི་ཐོན་རྫས་རབ་དང་རིམ་པ་རྒྱུན་མ་ཆད་པའི་གསར་བཟོ་བྱ་འཆར་ཡོད། 

ནེ་པ་ལ་དང་ཀྲུང་གོའི་སྨྱན་སྦྱོར་གླེང་སྟེགས་ཀྱི་ཀྲུའུ་ཞི། འཛམ་གླིང་གསར་འགྱུར་ལས་འཛིན་ལྷན་ཚོགས་ཀྱི་དྲུང་ཡིག་ཆེ་མོ་ཁེ་སེར·ཧྲེ་ལེ་སི་ཐ་ཡིས་སྤེལ་རེས་བྱེད་དུས་འདི་སྐད།  ཕྱོགས་གཉིས་ཀྱིས་རིག་གནས་བརྗེ་སྤེལ་གཏིང་ཟབ་དང་། “དཔེར་ན་ལས་རིགས་མཐུན་ཚོགས་དང་། ཐེབས་རྩ་ཚོགས་པ།  རིག་མཛོད་བཅས་ཐད་ནས་མཉམ་ལས་བྱས་ཏེ།  ཐུན་མོང་གི་རིག་གནས་གྲུབ་ཆ་སྔོག་འདོན་ཞིབ་འཇུག་དང་ཡང་ན། ནེ་པ་ལའི་ཕྱོགས་ཀྱི་གསར་འགོད་པས་ཡུལ་ཤུལ་གྲོང་ཁྱེར་གྱི་ཡོམ་རྗེས་བསྐྱར་བསྐྲུན་ཕྱོགས་ལ་བཅར་འདྲི་གཏིང་ཟབ་བྱས་ནས་ཉམས་མྱོང་དང་གྲུབ་འབྲས་ལེགས་སྒྲིག་བྱེད་པ་སོགས་ས་ཡོམ་ཆེན་པོས་གནོད་འཚེ་ཐེབས་མྱོང་བའི་ང་ཚོས་ཕན་ཚུན་ལ་སློབ་སྦྱོང་དང་མཉམ་བརྗེ་བྱ་རྒྱུ་རེ་བ་ཡིན་ཞེས་བརྗོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།