[ང་ཚོའི་དུས་རབས་ལ་གུས་འདེད་ཞུས་ཏེ། རྒྱལ་ཁབ་སྟོབས་ཆེན་གྱི་ལམ་དུ་འབད་པས་བསྐྱོད་ཅིང་། གོམ་ཞེང་ཆེན་མོས་རྒྱང་ལམ་གསར་བར་འདོང་།]མཚོ་བོད་ལྕགས་ལམ་འཛུགས་སྐྲུན་ལ་གཡུར་ཟའི་འབྲས་བུ་སྨིན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་བོད་ལྕགས་ལམ་ཤར་གཏོང་བྱས་ནས་ལོ་ངོ18ཀྱི་རིང་ལ། ཀྭུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཤོག་ཚད་ཡོད་ཀུང་སིས་སྔ་གཞུག་ཏུ་འགྲུལ་བ་དུང་ཕྱུར2.92དང་དངོས་ཟོང་ཏུན་དུང་ཕྱུར8.77བཅས་སྐྱེལ་ཡོད་པ་རེད། 

  2023ལོར་འགྲུལ་སྐྱེལ་འདྲེན་ཀྱི་གྲངས་འབོར་དང་། དངོས་ཟོང་སྐྱེལ་འདྲེན་གྲངས་འབོར།  ཡུལ་སྐོར་འགྲོ་འོང་དང་དངོས་ཟོང་སྐྱེལ་འདྲེན་བཅས2007ལོ་དང་བསྡུར་ན་སོ་སོ་ནས་153.5%དང་། 250.2%  655.6% 78.3%བཅས་འཕར་ཡོད། 

   ལན་གྲུ་ནས་ཤིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་བྱས་རྗེས།  མཐོ་སྒང་གི་ལྕགས་ལམ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཐེམ་སྐས་གསར་པར་སྙེག   2014ལོ་ནས་བཟུང་མཚོ་བོད་སྡེ་ཤོག་ཀུང་སིས་སྔ་རྗེས་སུ་ལན་གྲུ་དང་། ཞི་ཨན།  ཁྲེང་ཏུའུ།   ཁྲུང་ཆིང་། དབྱིན་ཁྲུན། པེ་ཅིང་།  ཧྲང་ཧའེ། ཝུའུ་ཧན་སོགས་གྲོང་ཁྱེར་གཙོ་ཆེར་ཐད་ཀར་ཤར་བསྐྱོད་ཐུབ་པའི་གློག་སྒུལ་མེ་འཁོར་ཤར་གཏོང་བྱས།   ད་སྔ་ཟི་ལིང་མེ་འཁོར་འབབ་ཚིགས་སུ་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་ཐད་ཀར་བསྐྱོད་ཐུབ་པའི་ཞིང་ཆེན་དང་ལྟེ་བའི་གྲོང་ཁྱེར(ཐད་གཏོགས་གྲོང་ཁྱེར་དང་། སྲིད་དོན་ལྟེ་གནས།)27ཡོད་ཅིང་། ཤར་བསྐྱོད་ཐུབ་ཚད90.3%ལ་བསླེབས་ཡོད་པས།  གངས་ལྗོངས་མཐོ་སྒང་ནས་མེས་རྒྱལ་ནང་ལོགས་བར་དུས་དང་བར་སྟོང་གཉིས་ཀ་ནས་ཇེ་ཉེ་རུ་ཕྱིན་ཡོད་པ་རེད།

  ད་ལོ་ནི་མཚོ་བོད་ལྕགས་ལམ(ཟི་ལིང་ནས་ན་གོར་མོའི་བར)ཤར་གཏོང་བྱས་ནས་ལོ་ངོ40འཁོར་བའི་ལོ་ཡིན། 2024ལོའི་ཟླ4བའི་ཟླ་མཇུག་ཏུ། མཚོ་བོད་ལྕགས་ལམ་ལས་ཟི་ལིང་ནས་ན་གོར་མོའི་མཚམས་སུ་སྔ་རྗེས་སུ་འགྲུལ་བ་མི་ཐེངས་དུང་ཕྱུར1.1སྐྱེལ་འདྲེན་དང་།  དངོས་ཟོང་ཏུན་དུང་ཕྱུར4.8བསྐྱལ་ཡོད་པ་རེད། དེ་ལྟར་མཐོ་སྒང་གི་ལྕགས་ལམ་དེ་ལམ་གྱི་དྲ་སྣེ་ནས་བལྟས་འཇོག་གིས་ཆ་ཚང་བའི་མཐོ་སྒང་ལྕགས་ལམ་གྱི་དྲ་བ་ཆགས་པའི་བར་དང་།   ལམ་ཐིག་རྐྱང་པའི་འཁོར་སྐྱོད་ནས་ལྕགས་ལམ་ཉིས་གཤིབ་མ། གློག་ཤུགས་ཅན་གྱི་ལྕགས་ལམ་འཁོར་སྐྱོད་བར། “མེ་འཁོར་ལྗང་ཁུ”ནས“མེ་འཁོར་དམར་པོ”དང“བསྐྱར་དར་རྟགས་ཅན”གྱི་མེ་འཁོར་བར་རིམ་སྤོར་བཅས་བྱུང་ནས་གངས་ལྗོངས་མཐོ་སྒང་གི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཏན་འཇགས་རང་བཞིན་དང་། ཤར་སྐྱོད་རང་བཞིན་མཐོར་འདེགས་ཆེན་པོ་བྱུང་བ་དང་།  མིའི་འགྲོ་འོང་དང་དངོས་ཟོང་སྐྱེལ་འདྲེན། ཆ་འཕྲིན་དང་མ་དངུལ་འཁོར་རྒྱུག་བཅས་ཀྱི་མྱུར་ཚད་ཇེ་མགྱོགས་སུ་ཕྱིན་ནས་ལམ་རྒྱུད་དུ་ཡོད་པའི་ས་ཁོངས་འཕེལ་རྒྱས་ལ་སྒུལ་ནུས་གསར་པ་བཏོན་པར་མ་ཟད།   མི་དམངས་ཀྱི་འགྲོ་འོང་ལ་སྟབས་བདེ་བསྐྲུན་ཞིང་། ས་ཁོངས་འཕེལ་རྒྱས་ལ་ཡང་ཕྱུག་འགྱུར་ལམ་བུ་བསྐྲུན་ཡོད་དོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།