ཟི་ལིང་ནས་ཤང་ཀང་བར་གྱི་གནམ་གྲུས་འགྲུལ་སྐྱེལ་གྲངས་འབོར་ཆ་ནས་མཐོ་ཚད་གསར་བ་བཏོད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

 ཟླ9ཚེས17ཉིན།  ཤང་ཀང་དུ་གནམ་གྲུ་ཤར་གཏོང་བྱས་པ་དང་བསྟུན། ཤང་ཀང་ནས་མཚོ་སྔོན་དུ་ཡུལ་སྐོར་ལ་ཕེབས་མཁན་ཇེ་མང་དུ་ཕྱིན།   མཚོ་འགྲམ་གྱི་འགག་སྒོའི་ཞིབ་བཤེར་བྱེད་སར་མཚོ་སྔོན་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཀྱིས་ཉེན་རྟོག་ནུས་ཤུགས་ཅི་ཡོད་བཏོན་ཞིང་།  ཞིབ་བཤེར་བྱེད་ལམ་ཡངས་པོར་ཕྱེས་ནས་སྒུག་བཤེར་ཁུལ་གྱི་ཡུལ་སྐོར་བར་སྣེ་ཁྲིད་ལ་ཤུགས་བསྣན་པ་དང་།  ཚད་ཆེ་ཤོས་ནས་སྒུག་བཤེར་དུས་ཚོད་ཇེ་ཐུང་དུ་བཏང་ནས་འགག་སྒོའི་འགྲོ་འོང་གོ་རིམ་འཆོལ་བར་བདེ་བླག་ཡོང་བར་འགན་ལེན་བྱས།   ཟི་ལིང་ནས་ཤང་ཀང་བར་དུ་གནམ་གྲུ་ཤར་གཏོང་བྱས་ནས་བཟུང་། མཐའ་མཚམས་འགྲོ་འོང་གི་མགྲོན་པོ་ཇེ་མང་དུ་ཕྱིན་ནས་མཐོ་ཚད་གསར་པ་བཏོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།