《ལྕགས་ལམ་གྱི་འགྲུལ་པ་སྐྱེལ་འདྲེན་གྱི་སྒྲིག་སྲོལ》པར་གཞི་གསར་ཤོས་ཁྱབ་བསྒྲགས་བྱས་ཡོད་དེ། 2023ལོའི་པར་གཞིའི《རྒྱལ་ཁབ་ལྕགས་ལམ་ཚོགས་པའི་འགྲུལ་པ་སྐྱེལ་འདྲེན་སྒྲིག་སྲོལ》ལ་བཟོ་བཅོས་ཁག་24བརྒྱབ་ཡོད།
དང་པོ། མེ་འཁོར་སྤ་སེ་བརྗེ་སྒྱུར་བྱེད་པའི་ཁྱབ་ཁོངས་ཆེ་རུ་བཏང་ཡོད། མེ་འཁོར་མ་བཏང་གོང་དང་མེ་འཁོར་བཏང་རྗེས་ཀྱི་ཉིན་དེ་རང་གང་ཡིན་རུང་། སྔོན་འཚོང་དུས་ཡུན་ནང་གི་མེ་འཁོར་སྤ་སེ་བརྗེ་སྒྱུར་བྱེད་ཐུབ། དེ་སྔའི་སྤ་སེ་བརྗེ་སྒྱུར་གྱི་ཁྱབ་ཁོངས་ནང་སྤ་སེ་བརྗེ་སྒྱུར་བྱེད་པར་གྲོན་དངུལ་མི་བསྡུ་ཞིང་། བརྗེ་སྒྱུར་བྱས་རྗེས་ཀྱི་སྤ་སེའི་དུས་ཚོད་ཡང་བསྐྱར་བརྗེ་སྒྱུར་བྱས་ཚེ། གཉེར་སྒྲུབ་དུས་ཚོད་ལ་གཞིགས་ནས་སྤ་སེ་བརྗེ་སྒྱུར་གྱི་གྲོན་དངུལ་བསྡུ་རྒྱུ་རེད། ཞིབ་ཕྲ་གཤམ་གསལ་ལྟར།
མེ་འཁོར་མ་བཏང་གོང་གི་ཆུ་ཚོད་24ཡན་དང་ཆུ་ཚོད་48ནང་ཚུན་དུ་སྤ་སེ་བརྗེ་སྒྱུར་བྱས་ཚེ། སྒྱུར་དངུལ་བརྒྱ་ཆ་5བསྡུ་རྒྱུ།
མེ་འཁོར་མ་བཏང་གོང་གི་ཆུ་ཚོད་24ནང་ཚུན་དུ་སྤ་སེ་བརྗེ་སྒྱུར་བྱས་ཚེ། སྒྱུར་དངུལ་བརྒྱ་ཆ་15བསྡུ་རྒྱུ།
མེ་འཁོར་བཏང་རྗེས་སྤ་སེ་བརྗེ་སྒྱུར་བྱས་ཚེ། སྒྱུར་དངུལ་བརྒྱ་ཆ་40བསྡུ་རྒྱུ།
བྱ་ཐབས་དེ་ད་ལོའི་ཟླ་1ཚེས་15ཉིན་ནས་འགོ་ཚུགས་ཏེ་ལག་བསྟར་བྱས་ཟིན།
གཉིས་པ། སློབ་མའི་གཟིགས་སྐྱོང་སྤ་སེའི་ལམ་ཐག་བར་མཚམས་དེ་སྔོན་ཆད་ལྟར་ལམ་ཐག་ཐུང་ཤོས་དེ་མ་ཡིན་པར། ད་ཆ་བལྟོས་བཅས་ཀྱིས་ལམ་ཐུང་ཤོས་སམ་ཡང་ན་ལུགས་མཐུན་གྱི་ལམ་ཐུང་ཤོས་ཡིན་ན་ཆོག
གསུམ་པ། དམག་དཔོན་གྱི་ལག་ཁྱེར་དང་ཉེན་རྟོག་པའི་ལག་ཁྱེར་ཡང་མིང་ངོ་མའི་ལམ་ལུགས་ཀྱི་སྤ་སེ་ཉོ་བའི་གོ་ཆོད་པའི་ཐོབ་ཐང་ལག་ཁྱེར་གྱི་རིགས་སུ་བཅུག་པ་དང་། རང་འགུལ་སྤ་སེ་འཚོང་ཆས་སྤྱད་དེ་སྤ་སེ་ཉོ་ཆོག་པའི་གོ་ཆོད་ཐོབ་ཐང་ལག་ཁྱེར་ནང་དུའང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལམ་ཡིག་དང་། ཤང་ཀང་དང་ཨའོ་མོན་གྱི་ཡུལ་མི་སྐམ་ས་ཆེ་མོར་འགྲོ་འོང་བྱེད་པའི་ལམ་ཡིག ཐའེ་ཝན་གྱི་ཡུལ་མི་སྐམ་ས་ཆེ་མོར་འགྲོ་འོང་བྱེད་པའི་ལམ་ཡིག་བཅས་མང་དུ་བཏང་ཡོད།
རྩོམ་སྒྲིག་པ། ཁོན་ཐར་འཚོ།