ཟི་ལིང་རླངས་འཁོར་ས་ཚིགས་ཀྱི་ལམ་ཐིག་ཚང་མ་གནས་སྐབས་སྐྱེལ་འདྲེན་བྱེད་མཚམས་བཞག་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཡུལ་སྐོར་བ་རྣམས་ལ། ཟི་ལིང་གྲོང་ཁྱེར་རང་བྱུང་ཐོན་ཁུངས་འཆར་འགོད་ཅུའུ་དང་ཟི་ལིང་གྲོང་ཁྱེར་གནམ་གཤིས་རྟོག་དཔྱོད་ཅུའུ་གཉིས་ཀྱིས་མཉམ་འབྲེལ་ཐོག་ས་གཤིས་གནོད་འཚེའི་གནམ་གཤིས་འབྱུང་བའི་ཉེན་བརྡ་ཁྱབ་སྒྲོག་བྱས་པར་གཞིགས་ན། མཁར་བྱང་དང་། མཁར་ནུབ། མཁར་ཤར། མཁར་དབུས། རྟ་ཐང་རྫོང་། ཧོང་ཀྲུང་རྫོང་། སྟོང་སྐོར་རྫོང་བཅས་ཀྱི་ས་གཤིས་གནོད་འཚེའི་གནམ་གཤིས་འབྱུང་བའི་ཉེན་བརྡ་དེ་ཉེན་བརྡ་རིམ་པ་དང་པོ་ཡིན་ལ། གནམ་གཤིས་གནོད་འཚེའི་ཉེན་ཁ་ཧ་ཅང་ཆེ་བ་རེད། རྒྱ་ཆེའི་ཡུལ་སྐོར་བ་རྣམས་ཀྱི་འགྲོ་སྐྱོད་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཟླ9པའི་ཚེས4ཉིན། ཟི་ལིང་རླངས་འཁོར་ས་ཚིགས་ཀྱི་ཁོངས་གཏོགས་ས་ཚིགས་གསུམ་གྱི་ལམ་ཐིག་ཚང་མ་གནས་སྐབས་སྐྱེལ་འདྲེན་བྱེད་མཚམས་བཞག་པས། ཡུལ་སྐོར་བ་རྣམས་ཀྱིས་འགྲོ་སྐྱོད་ཀྱི་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱ་དགོས། པ་སེ་ཉོས་ཟིན་པའི་འགྲུལ་པས་དེ་སྔའི་པ་སེ་ཉོ་ས་བརྒྱུད་ནས་དངུལ་ཕྱིར་སློག་གི་རེ་ཞུ་བྱེད་རོགས། དེ་ལས་ཁྱེད་ལ་འོ་བརྒྱལ་བྱས་སོང་བས་དགོངས་དག་ཞུ། རླངས་འཁོར་ས་ཚིགས་ཀྱིས་གནམ་གཤིས་གནས་ཚུལ་ལ་གཞིགས་ནས་འཁོར་གཏོང་གནས་ཚུལ་གསར་ཤོས་དུས་ཐོག་ཏུ་ཡོངས་བསྒྲགས་བྱ་རྒྱུ་ཡིན་པས། “མཚོ་སྔོན་ཞིང་ཆེན་ཟི་ལིང་རླངས་འཁོར་ས་ཚུགས་ཚད་ཡོད་འགན་འཁྲི་ཀུང་སིའི”སྐད་འཕྲིན་སྤྱི་རྟགས་དང་འཁྱུག་དབྱངས་སོགས་ལ་མུ་མཐུད་དུ་དོ་ཁུར་གནང་རོགས།

བློ་འདྲི་ཁ་པར།

ཟི་ལིང་རླངས་འཁོར་འགྲུལ་སྐྱེལ་ལྟེ་གནས་ས་ཚིགས། 6333006、6333008

ཞིན་ཉིང་ལམ་འགྲུལ་སྐྱེལ་ས་ཚིགས། 6155795དང་6255835

ནན་ཁྲོན་ནུབ་ལམ་འགྲུལ་སྐྱེལ་ས་ཚིགས། 6242241དང་6251443

མཚོ་སྔོན་ཞིང་ཆེན་ཟི་ལིང་རླངས་འཁོར་ས་ཚིགས་ཚད་ཡོད་འགན་འཁྲི་ཀུང་སི།

2024ལོའི་ཟླ9པའི་ཚེས4ཉིན།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།