མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས2ཉིན། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་གྲོས་ཚོགས་དང་རྒྱུན་ལས་གྲོས་ཚོགས་སྔ་རྗེས་སུ་བསྡུས་པར་མགོ་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུའི་བླང་བྱ་དོན་འཁྱོལ་དང་འབྲེལ་ཡོད་བྱ་བར་ཞིབ་འཇུག་བྱས།
གྲོས་ཚོགས་སྟེང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། སྲུང་སྐྱོབ་ཆེན་པོ་དང་། སྒོ་འབྱེད་ཆེན་པོ། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་དམིགས་ཏེ་རྒྱལ་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་ཀྱི་མཚོ་སྔོན་གྱི་འཐབ་ཇུས་ངེས་གནས་ཁོང་དུ་བརྟན་པོར་ཆུད་པ་དང་།《ནུབ་རྒྱུད་གསར་སྤེལ་ཆེན་པོར་རྣམ་པ་གསར་པ་ཆགས་པར་སྔར་ལས་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འགའ》དོན་འཁྱོལ་ཞིབ་ཚགས་དང་། མཛེས་སྡུག་ལྡན་པའི་ནུབ་རྒྱུད་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་ཀྱི“གནས་བཞི”ཧུར་ཐག་གིས་བསྐྲུན་པ། དམངས་ཚིས་འགན་ལེན་དང་ལེགས་བཅོས་ཏན་ཏིག ནུས་རྒྱུའི་ཐོན་ཁུངས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་འགན་ལེན་གྱི་ནུས་པ་ཆེ་རུ་བཏང་ནས། ནུབ་རྒྱུད་གསར་སྤེལ་ཆེན་པོའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་གིས་འབྲི་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་ཏིན་ཞའོ་ཕིང་སྐུ་འཁྲུངས་ནས་ལོ120འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། བློ་མཐུན་ཏིན་ཞའོ་ཕིང་གི་ལོ་རྒྱུས་ཀྱི་རླབས་ཆེན་མཛད་རྗེས་ནམ་ཡང་བློ་ལ་བརྟན་པོར་ངེས་པ། ཏིན་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ལ་མུ་མཐུད་དུ་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབདང་། བློ་མཐུན་ཏིན་ཞའོ་ཕིང་གི་བླ་ན་མེད་པའི་གསར་བརྗེའི་ཉམས་འགྱུར་ལ་སློབ་སྦྱོང་བྱས་ཏེ། བློ་མཐུན་ཏིན་ཞའོ་ཕིང་གིས་གསར་གཏོད་གནང་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་མུ་མཐུད་དུ་གོང་དུ་སྤེལ་དགོས་ཤིང་། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་ལས་འགན་གཙོ་བོ་དམ་འཛིན། མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་སྤེལ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་སྒོས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱེད་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཏང་ཀྲུང་དབྱང་གིས་བཅོས་སྒྱུར་ལ་གཅིག་སྡུད་གཅིག་གྱུར་གྱིས་འགོ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར། བཅོས་སྒྱུར་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་སྔར་ལས་ཟུང་འབྲེལ་དམ་ཟབ་བྱས་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། ཇུས་འགོད་གཏིང་ཟབ། དམ་འཛིན་ཏན་ཏིག ཞིབ་ཚགས་བཅས་ཀྱི་སྒོ་ནས་ཀྲུང་དབྱང་གི་དགོངས་དོན་དང་མཐུན་པ་དང་། མཚོ་སྔོན་གྱི་དོན་དངོས་དང་མཐུན་པ། ཁྱད་ཆོས་མངོན་གསལ་ལྡན་པ་བཅས་ཀྱི་བཅོས་སྒྱུར་བྱེད་ཐབས་ཁག་ཅིག་དོན་འཁྱོལ་ལ་སྐུལ་འདེད་དང་། བཅོས་སྒྱུར་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ། མཚོན་རྟགས་རང་བཞིན་གྱི་བཅོས་སྒྱུར་བྱེད་ཐབས་མགྱོགས་མྱུར་ངང་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
གྲོས་ཚོགས་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས33པའི་ཨོ་རྩལ་འགྲན་ཚོགས་ཀྱི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ལུས་རྩལ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་ལུས་རྩལ་བྱ་གཞག་མགྱོགས་མྱུར་ངང་འཕེལ་རྒྱས་སུ་གཏོང་བ་དང་། དམངས་ཡོངས་ཀྱི་ལུས་སྦྱོང་དང་དམངས་ཡོངས་ཀྱི་བདེ་ཐང་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། རྩལ་འགྲན་ལུས་རྩལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ལུས་རྩལ་ཐོན་ལས་འཕེལ་རྒྱས་ཆེན་པོ་གཏོང་བ། ལུས་རྩལ་གྱི་ཞིང་ཆེན་སྟོབས་ལྡན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཏེ། ལུས་རྩལ་གྱི་རྒྱལ་ཁབ་སྟོབས་ལྡན་དང་བདེ་ཐང་གི་ཀྲུང་གོའི་ཆེད་དུ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་སྟེང་ཟླ8པའི་ཚེས19ཉིན་དང་ཟླ8པའི་ཚེས30ཉིན་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་བླང་བྱར་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་གྱིས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་བསྣན་ནས“ རེའུ་མིག་གཅིག་དང་རྩིས་ཐོ་གཅིག དཔེ་རིས་གཅིག ལམ་སྲོལ་གཅིག་བཅས་དོན་འཁྱོལ་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་བློ་བརྟན་འགྱུར་མེད་ངང་ལེགས་སྒྲུབ་བྱེད་དགོས་པ། ཆུ་ལོག་འགོག་པ་དང་ཉེན་ཁ་མྱུར་སེལ། གནོད་འཚེ་ཆེན་པོ་འགོག་པ་བཅས་ཀྱི་རང་འགུལ་དམག་འཐབ་ནུས་ཤུགས་ཡོད་རྒུས་ཡག་པོར་བརྒྱབ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་སྟེང་།《མཚོ་སྔོན་ཞིང་ཆེན་གྱི་ཕྱི་ནང་ཕྱོགས་གཉིས་ཀྱི་ཉོ་ཚོང་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བྱེད་ཐབས་འགའ》ལ་གྲོས་ཞིབ་བྱས་པར་མ་ཟད་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་།
གྲོས་ཚོགས་སྟེང་། 《མཚོ་སྔོན་ཞིང་ཆེན་གྱི་འཕང་འབྲས་ཐོན་ལས་སྐུལ་སྤེལ་སྲོལ་ཡིག(འཆར་ཟིན)》ལ་གྲོས་བསྡུར་བྱས་པར་མ་ཟད་རྩ་དོན་སྟེང་ནས་གྲོས་འཆམ་བྱུང་བ་དང་། འཆར་ཟིན་དེ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་བྱེད་པར་འབུལ་རྒྱུ་ཐག་བཅད།
གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།