ཞིང་ཆེན་ཨུ་ལྷན་གྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་དོན་གྲོས་ཚོགས་འདུ་བསྡུས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས2ཉིན ཞིང་ཆེན་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གིས་དོན་གྲོས་ཚོགས་འདུ་བསྡུས་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་དམིགས་ནས་བརྟག་ཞིབ་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་། སློབ་སྦྱོང་དང་བསམ་གཞིགས་གཏིང་ཟབ་བྱས་ནས། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་རྒྱལ་ཁའི་ངང་འཚོགས་པ་དང་། བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་བསམ་བློ་དང་རིགས་པའི་གཞུང་ལུགས་ཐདརྨང་གཞི་བརྟན་པོ་བཏིངས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་གིས་ཚོགས་འདུར་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་། ཝུའུ་ཞའོ་ཅུན་དང་། མགོན་པོ་བཀྲ་ཤིས། ལིའུ་མེ་ཕེན། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ལིན་ཧུའུ། པད་ཁོ། ལིའུ་ཐའོ། ལིའུ་ཁྲའོ། ཧི་ལུའུ་ཁྲུན། ཝང་ཧའེ་ཧུང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་པ་དང་། ལྟེ་གནས་ཚན་ཆུང་གི་བློ་མཐུན་གཞན་དག་གིས་ཡིག་ཐོག་གི་གཏམ་བཤད་རྒྱུ་ཆ་སྤྲད།

ཁྲིན་ཀང་གིས་བསྟན་དོན། ཐེངས་འདིའི་དོན་གྲོས་ཚོགས་དུ་ཡིས་ཞིང་ཆེན་ཡོངས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་གནད་འགག་དང་ཞན་ཆར་དམིགས་ཏེ། དཀའ་གནད་སེལ་བའི་བྱེད་ཐབས་དངོས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཤིང་། ཚོགས་ཞུགས་བློ་མཐུན་གྱིས་རང་འཁྲིའི་བྱ་བར་བསམ་བློ་གཏོང་བ་དང་འགན་འཁྲི་འཁུར་ཕོད་པ་མཚོན་ཡོད་ལ། མཚོ་སྔོན་གྱི་ལས་དོན་ལེགས་པོར་སྒྲུབ་པའི་འགན་འཁྲི་འཁུར་ཕོད་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་ཞིང་། འདི་ནི་བསམ་ཕྱོགས་ལེགས་སྒྲིག་དང་། བློ་གྲོས་སྐུལ་སྤེལ། འཕེལ་རྒྱས་ཇུས་འགོད། བདེན་འཚོལ་དོན་གཉེར་བཅས་ཀྱི་ཚོགས་འདུ་ཞིག་རེད་ཟེར།

ཁྲིན་ཀང་གིས་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་སྲུང་སྐྱོབ་ཆེན་པོའི་སྔོན་འགྲོའི་ཆ་རྐྱེན་འོག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཤིག་ཡིན་པས། གནད་ཆེ་བ་དམ་འཛིན་དང་གནད་མི་ཆེ་བ་ཟུར་འཇོག་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ཏེ། འཆར་འགོད་སྔོན་ལ་ལག་བསྟར་དང་སྤྱི་འདོམས་ལ་སྐུལ་འདེད་གཏོང་བ་དང་།  ཁྱད་སྟོབས་འདོན་སྤེལ་གང་ལེགས།  སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས།   སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་སྔར་ལས་ཆེ་རུ་གཏོང་དགོས། ཐོན་ལས་ཀྱི“ གནས་བཞི”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་རང་འགུལ་ངང་མཉམ་འདྲེས་དང་ཞབས་འདེགས་ཞུ་བ་བཅས་ཀྱི་ཐོག་ནས་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་ལ་སྐུལ་འདེད་དང་། གོང་འོག་མཉམ་འགུལ་དང་མཐུན་སྦྱོར་ནུས་ཆེའི་འཕེལ་རྒྱས་ཀྱི་མཉམ་ཤུགས་གཅིག་ཏུ་བསྒྲིལ་དགོས། རྩེ་རིམ་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཐོན་ལས་ཕྱོགས་སྒྱུར་གྱི་ལམ་དུ་ཡག་པོར་སྐྱོད་དེ། ས་མཐོའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་འདེགས ཆ་འཕྲིན་ལག་རྩལ་གྱི་ཕན་འབྲས་དང་ཐོན་ལས་རིམ་སྤོར་གྱི་གོམ་སྟབས་ཇེ་མགྱོགས། སྐྱེ་ཁམས་ཀྱི་ཚད་མཐའ་བརྟན་སྲུང་དང་། ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་བཅས་གཏོང་དགོས། ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་གྲུབ་ཚུལ་ལེགས་སྒྲིག་བྱེད་པའི་ཁ་ཕྱོགས་གལ་ཆེན་དུ་བརྩི་ཏེ།  འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་རྨང་གཞིབཟུང་ཐོག ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཕྱོགས་སུ་བསྐྱོད་ནསཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།  གཞི་གྲངས་ཅན་གྱི་བཅོས་སྒྱུར་ཁྲོད་ཕྱོགས་ཡོངས་ཀྱི་དགེ་མཚན་འཕེལ་བ་དང་། ལྗང་མདོག་རྩིས་ནུས་ཁྲིད་སྟོན་དུ་བྱེད་པའི་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་ཏང་སྟེ  གཞི་གྲངས་ཅན་དང་ཐོན་ལས་ཅན་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་འཕེལ་རྒྱས་དང་། སྐྱེ་ཁམས་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ། དམངས་ཚིས་ལེགས་བཅོས་བཅས་ལ་སྔར་ལས་ཞབས་ཞུ་ལེགས་པོ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་དང་སྐུལ་འདེད་དང་། མི་གཙོ་བོར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་བ་ཟུང་འབྲེལ་དམ་པོ་བྱས་ཏེ།  གྲོང་ཁྱེར་གྱིས་གྲོང་གསེབ་ལ་སྐུལ་ཁྲིད་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་བའི་ལམ་དུ་བསྐྱོད་དགོས། ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་སྒོ་འབྱེད་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་དང་ཤར་ནུབ་རྒྱུད་ཀྱི་རོགས་ལས་ལམ་སྲོལ་བེད་སྤྱོད་ཡག་པོ ནང་ཁུལ་གྱི་སྒོ་འབྱེད་ཆུ་ཚད་མཐོ་རུ་གཏོང་བ། ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བསྐྲུན་དགོས། སློབ་གསོ་ཚན་རྩལ་གྱི་ཤེས་ལྡན་་གཞི་གཅིག་ཅན་གྱི་བཅོས་སྒྱུར་རྒྱུན་འཁྱོངས་དང་། གསར་སྐྲུན་གྱིས་ཁྱད་ལྡན་ཐོན་ལས་དང་ལྷག་པར་དུ“གནས་བཞི”འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་པའི་ནུས་པ་ཆེ་རུ་བཏང་ནས། གསར་སྐྲུན་དེ་མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“འཕར་ཚད་ཆེ་ཤོས”སུ་འགྱུར་བར་བྱེད་དགོས། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དེ་བཅོས་སྒྱུར་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བའི་འགན་ལེན་བརྟན་པོ་ཞིག་ཏུ་བརྩིས་ཏེ། གྱོད་གཞིར་བརྟེན་ནས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་ཆེད་དོན་སློབ་གསོའི་བཅོས་སྒྲིག་དང་སྤྱོད་ཚུལ་ཐད་ཀྱི་འབུར་ཐོན་གནད་དོན་ལ་ཆེད་དོན་བཅོས་སྒྲིག་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་ནས། “ལས་བྱེད་པས་ལས་ལ་འབད་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་དམ་དགོས”པའི་རྣམ་པ་སྔར་ལས་ཇེ་ཟབ་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན།

ཞིང་ཆེན་ཏང་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་དང་། ཞིང་ཆེན་སྲིད་གཞུང་དང་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་སུ་ཞུགས།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།