ཟི་ལིང་གྲོང་ཁྱེར་གསའ་གཟུགས་བརྙན་མཚོན་རྟགས(LOGO)
“གསའ་གྲོང་ཁྱེར”གྱིIPགཟུགས་བརྙན——ཉིང་མེང་།
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9ཚེས2ཉིན། ཟི་ལིང་གྲོང་ཁྱེར“གསའ་གྲོང་ཁྱེར”གྱི་གཟུགས་བརྙན་མཚོན་རྟགས(LOGO)དང་“གསའ་གྲོང་ཁྱེར”གྱིIPགཟུགས་བརྙན་དངོས་སུ་ཁྱབ་སྒྲོག་བྱས།
ཟླ6ཚེས12ཉིན་ནས་བཟུང་། ཟི་ལིང་རིག་གནས་ཡུལ་སྐོར་ཀུང་སིས“གསའ་གྲོང་ཁྱེར”གྱི་གཟུགས་བརྙན ་མཚོན་རྟགས(LOGO)160ལྷག་བསྡུས་ཤིང་། མཐར་གཏན་འཁེལ་བྱས་པའི“གསའ་གྲོང་ཁྱེར”གྱི་གཟུགས་བརྙན་མཚོན་རྟགས(LOGO)ནི། ཟི་ལིང་གི་དབྱིན་ཡིག་མིང་གི་ཐོག་མའི་ཡི་གེ“X”དང་རྒྱ་ཡིག་གི་མིང་གི་ཐོག་མའི་ཡི་གེ“西”རྨང་གཞི་བྱས་ཏེ་ཇུས་འགོད་བྱས་བ་དང་། གསའ་དང་མཚོ་བོད་མཐོ་སྒང་། སྐྱེ་ཁམས་འཆམ་མཐུན། ཆུ་གསུམ་འགོ་ཁུངས་ལ་སོགས་གྲུབ་ཆ་བསྲེས་ནས་ཇུས་འགོད་བྱས་ཡོད་པ་ཞིག་རེད་ལ། “གསའ་གྲོང་ཁྱེར”ཞེས་ཟི་ལིང་གི་སྤུས་རྟགས་ཀྱི་གཞི་རྩའི་ནང་དོན་དང་། དཔེ་མཚོན་ཁྱད་ཆོས། རིག་གནས་ཉིང་བཅུད་བཅས་གང་ལེགས་མངོན་ཡོད། “གསའ་གྲོང་ཁྱེར”ཞེས་ཟི་ལིང་གིIPགཟུགས་བརྙན་ཇུས་འགོད་ཀྱི་ཐོག་མའི་འཆར་སྣང་ནི་གསའ་ཡི་གཟུགས་བྱད་དང་གཤིས་རྒྱུད་ལས་བྱུང་བ་ཡིན་ཞིང་། ཇུས་འགོད་ཀྱི་རྣམ་པའི་སྟེང་ནས་ལག་པ་གཅིག་ཡན་གྱི་ཡར་བཀྱགས་ཏེ་རྒྱལ་ཡོངས་ཀྱི་ས་གནས་ཁག་གི་གྲོགས་པོ་རྣམས་ལ་མགྲོན་འབོད་བྱེད་བཞིན་པ་དང་མཚུངས། དེས་ཟི་ལིང་གི་སྒོ་འབྱེད་དང་དཀྱེལ་ཡངས་མཚོན་པ་མ་ཟད། ཟི་ལིང་མི་དམངས་ཡར་བརྩོན་ལ་དགའ་ཞིང་བདེ་སྐྱིད་ཀྱི་འཚོ་བར་སྙེག་པའི་རྣམ་པ་ལེགས་པོ་མཚོན་ནོ། །
རྩོམ་སྒྲིག་པ། ཁོན་ཐར་འཚོ།