【ཟླ་ཆུ་དང་མེ་ཀོང་གཙང་པོའི་རྒྱལ་སྤྱིའི་བརྙན་གཟུགས་གཟའ་འཁོར】 མཚོ་སྔོན་ནང་ཆེན་དུ་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་གྱིས་ལོ་སྟོང་ཕྲག་གི་གནའ་བོའི་ཚྭ་རའི“འདས་དོན་དང་ད་ལྟའི་གནས་ཚུལ”ལ་རྒྱུས་ལོན་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གི་སྤྲེལ་ཚྭའི་ཚྭ་ར་ནི་རྫོང་དེའི་ཆེས་སྔ་བའི་ཚྭ་ར་གྲས་ཀྱི་གཅིག་ཡིན་ཞིང་། དེའི་ཚྭ་འདོན་དང་ཚྭ་བཟོ་ཡི་ལོ་རྒྱུས་ལོ་ངོ་སྟོང་ཕྲག་སྔོན་ལ་འདེད་ཀྱི་ཡོད། ཉེ་ལམ2024ལོའི་ཟླ་ཆུ་དང་མེ་ཀོང་གཙང་པོའི་རྒྱལ་སྤྱིའི་བརྙན་གཟུགས་གཟའ་འཁོར་སྟེང་ཞུགས་མཁན་རྒྱལ་ཕྱི་རྒྱལ་ནང་གི་སྐུ་མགྲོན་ཚོ་སྤྲེལ་ཚྭའི་ཚྭ་རར་བསྐྱོད།


སྤྲེལ་ཚྭའི་ཚྭ་ར། 
   ཤེས་གསལ་ལྟར་ན། སྤྲེལ་ཚྭའི་ཚྭ་ར་ནི་ནང་ཆེན་རྫོང་གི་ཤར་ལྷོའི་ཕྱོགས་ཀྱི་སྤྲེལ་ཚྭ་ཡུལ་ཚོ་སྤྲེལ་ཚྭ་སྡེ་བ་ན་ཡོད།  ཆ་སྙོམས་ཀྱི་ས་བབ་སྨི4200ཡན་ཡིན་ལ། ཁྱོན་བསྡོམས་ཚྭ་ཞིང1170ཡོད།   དེ་ལ་སྤྲེལ་ཚྭ་ཟེར་དོན་ནི་སྤྲེལ་གྱི་ཚྭ་ར་ཡིན་པས་དེ་ལྟར་བཏགས།  ངག་རྒྱུན་ལས།  གནའ་སྔ་མོ་ཞིག་ལ།   སྤྲེལ་ཚྭ་སྡེ་བའི་ཉེ་འཁོར་གྱི་ནགས་ཚལ་ཁྲོད་དུ་སྤྲེལ་མང་པོ་ནམ་རྒྱུན་གནས་གཅིག་ཏུ་འདུས་ཏེ་ས་ལྡག་བཞིན་ཡོད། དེ་ལྟར་ཡུན་རིང་འགོར་བའི་དུས་ཤིག་ལ།  ཡུལ་དེའི་མི་རྣམས་ཀྱིས་ས་དམར་ལ་ཚྭ་དྲི་དྲོ་བ་ཤེས་ཏེ་ཟས་ཀྱི་ནང་དུ་བཏབས་པས་དྲོ་བ་ཞིམ་པོ་བྱུང་། དུས་དེ་ནས་བཟུང་གནས་དེ་ན་ཚྭ་ཡོད་པ་ཤེས།

 ཚྭ་རའི་ལས་བྱེད་པས་འདི་སྐད།  སྤྲེལ་ཚྭའི་ཚྭ་ར་ཡི་ཚྭ་བཟོ་ལོ་རྒྱུས་དེ་རྒྱའི་རྒྱལ་རབས་སུའེ་ཐང་གི་དུས་ལ་འདེད་རྒྱུ་ཡོད་པས། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན།  ད་ལྟ་ཚྭ་ར་དེས་སྔར་བཞིན་གནའ་བོའི་ཚྭ་སྐམ་དང་ཚྭ་བཟོ་ཡི་ལུགས་མ་ཉམས་རྒྱུད་འཛིན་བྱས་ཡོད། དེ་ཡང་ཐོག་མར་ཚྭ་ཆུ་ལས་སྙལ་ཆུ་བླངས་རྗེས།  རླུང་སྐམ་དང་ཉི་སྐམ་བརྒྱུད་དེ་ཚྭ་ཞིང་ནང་གི་ཆུ་སྐམ་པར་གྱུར་ནས་ཚྭ་རྡོག་རང་བཞིན་གྱིས་གྲུབ་ཡོང་བ་དང་། ཚྭ་ལྡོག་དེ་ལས་ཐོན་སྐྱེད་བྱས་པའི་ཚྭ་ལ་ཚྭ་དཀར་དང་ཚྭ་དམར་སྣ་གཉིས་ཐོན་གྱི་ཡོད་ཟེར།

སྤྲེལ་ཚྭའི་ཚྭ་ར།

དེ་ལྟ་བུའི་སྲོལ་རྒྱུན་གྱི་ཚྭ་བཟོ་ལག་རྩལ་གྱིས་ཚྭ་ཡི་སྤུས་ཀ་རྒྱུན་བསྐྱངས་ནས་ཡུལ་དེའི་རིག་གནས་ཀྱི་ཆ་ཤས་སུ་གྱུར་ཡོད།  ཚྭ་རའི་ཐོན་སྐྱེད་བྱས་པའི་སྤུས་ལེགས་ཚྭ་དེ་ཁམས་པའི་ཡུལ་ཕྱོགས་སུ་སྙན་གྲགས་ཆེ། སྔོན་ཆད་བོད་ལྗོངས་དང་སི་ཁྲོན། དཀའ་མཛེས་ས་ཁུལ་དུ་བྲིན་རྒྱུག་ཆེ་བ་དང་།  དེ་ལ་བརྟེན་ནས་ཡུལ་དེ་ཡང་ཇ་རྟའི་གནའ་ལམ་སྟེང་གི་གལ་ཆེ་བའི་ཉོ་ཚོང་ལྟེ་གནས་གྲས་ཀྱི་གཅིག་ཏུ་གྱུར། ད་ཆ་ཚྭ་ར་དེར་སྔར་བཞིན་མི་རྣམས་ཀྱིས་དགའ་བསུ་ཐོབ་ཀྱི་ཡོད་ལ། ཁམས་ཁུལ་གྱི་ཚྭ་ཐོན་སྐྱེད་བྱ་ཡུལ་གཙོ་བོ་རེད།  ནང་ཆེན་རྫོང་ནི“གཙང་གསུམ་གྱི་གཏེར་ཁུལ”ན་ཆགས་པས་ཚྭ་ཡི་ཐོན་ཁུངས་ཕུན་སུམ་ཚོགས། དུས་ད་ལྟའི་བར་དུ། ཡུལ་དེའི་འབྲོག་པ་རྣམས་ཀྱིས་ཐོན་ཁུངས་དེ་དག་སྔར་སྲོལ་བཞིན་བེད་སྤྱོད་རྒྱུན་ཆད་མེད་པ་བྱས་ཏེ།  ས་འོག་གི་ཚྭ་ཆུ་དཔལ་འབྱོར་ཡོང་འབབ་འཕར་བྱེད་དུ་བསྒྱུར་བ་དང་།  དེ་ལས་ཚྭ་བཟོ་ནི་ཡུལ་དེས“སྐྱེ་ཁམས་སྔོན་སྤེལ་དང་ལྷད་མེད་འཕེལ་རྒྱས”ཀྱི་རྐང་འཛིན་རང་བཞིན་གྱི་ཐོན་ལས་སུ་གྱུར་རོ།། 

 

པར་ལེན་མཁན་གྱི་པར་ལེན་བཞིན་པ། 

ཕྱི་རྒྱལ་གྱི་པར་ལེན་པས་ཚྭ་ར་པར་ལེན་བཞིན་པ།

ཚྭ་དམར་རིག་གནས་མྱོང་རོལ་ཁང་གི་འགྲེལ་བརྗོད་པས་སྐུ་མགྲོན་རྣམས་ལ་འགྲེལ་བརྗོད་བྱེད་བཞིན་པ།  

ཚྭ་དམར་རིག་གནས་མྱོང་རོལ་ཁང་ནང་གི་ངལ་རྩོལ་མི་དམངས་ཀྱི་ཚྭ་བཟོ་ཚུལ་གྱི་དཔེ་གཟུགས།

རྩོམ་སྒྲིག་པ། ཁོན་ཐར་འཚོ།