ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་སྔ་རྗེས་སུ་ཟི་ལིང་གྲོང་ཁྱེར་དང་མཚོ་ནུབ་ཁུལ། མཚོ་ཤར་གྲོང་ཁྱེར་བཅས་སུ་སོང་ནས། དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་ལ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་སྟོན་བྱས། ཁོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་ལྟར་དུ། “ལས་བྱེད་པས་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་དགོས་པ”བཅས་ཀྱི་བླང་བྱ་ལག་བསྟར་བྱེད་པ་དང་། “རེའུ་མིག་གཅིག་དང་གསལ་ཐོ་གཅིག དཔེ་རིས་གཅིག ལམ་སྲོལ་གཅིག”བཅས་དོན་འཁྱོལ་བྱས་ནས། ཡིད་ཆེས་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་དམིགས་འབེན་ཕྱོགས་སུ་ཤུགས་འདོན་པ། གནད་ཁེལ་སྲིད་ཇུས་ལག་བསྟར་བྱེད་པ། དམིགས་འབེན་གཏན་འཁེལ་བྱེད་པར་གཡོ་འགུལ་མི་གཏོང་བ། མཁྲེགས་གཏོར་དཀའ་སེལ་བྱས་ནས་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། ལོ་ཧྲིལ་པོའི་རྒྱལ་ཁ་ནུས་ཤུགས་ཡོད་རྒུས་བརྩོན་ལེན་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་བློ་བརྟན་འགྱུར་མེད་ངང་མངོན་འགྱུར་ཡོང་བར་རྩེ་གཅིག་ཏུ་འབད་དགོས་ཞེས་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་གྱིས་ཕྱོགས་སོ་སོའི་འགན་འཁྲི་སྔར་ལས་ཇེ་དམ་དུ་བཏང་ནས། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་གི་ཕན་ནུས་རང་བཞིན་དང་གནད་ཁེལ་རང་བཞིན་མངོན་སུམ་ཆེ་རུ་གཏོང་བ་དང་། བྱ་བའི་རང་འགུལ་དམག་འཐབ་དང་སྲིད་ཇུས་སྡེབ་སྒྲིག་ཡག་པོ་བྱས་ཏེ། ཁེ་ལས་ཀྱི་དཀའ་ཁག་སེལ་བ་དང་ཡིད་ཆེས་ཆེ་རུ་གཏོང་བ། གོམ་སྟབས་མགྱོགས་ལ་ལས་ཆོད་ཆེ་བའི་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་ཁེ་བསྐྲུན་པ། ཉེན་ཁ་སྔོན་འགོག་བྱེད་པ་བཅས་ཀྱི་མཉམ་ཤུགས་ཆེན་པོ་ཞིག་གྲུབ་པར་བྱས་ཏེ། ཁག་ཁུར་གྱི་འདུ་ཤེས་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་ཀྱི་སྟེང་ནས་མངོན་གང་ཐུབ་བྱེད་དགོས་ཞེས་ནན་གྱིས་བསྟན།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།