མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7ཚེས31ཉིན་ནི་འཛམ་གླིང་གི་སྐོར་ཞིབ་པའི་ཉིན་མོ་ཨང17པ་རེད། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས། འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས(WWF)སུའེ་ཙེར་པེ་ཅིང་འཐུས་ཚབ་ཁང་། ཧྲན་ཀྲེན་གྲོང་ཁྱེར་གོ་ལ་གཅིག་རང་བྱུང་ཐེབས་རྩ་ཚོགས་པ་བཅས་ཀྱིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན་གཞི་རིམ་སྲུང་སྐྱོབ་དོ་དམ་སྡེ་ཚན་གྱི་ནུས་པ་སྐྱེད་སྲིང་དང་སྐྱེ་ཁམས་ལྟ་སྲུང་བའི་རྩལ་ནུས་འགྲན་སྡུར་དེ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྒྱ་མདོ་ཧུའེ་རིགས་རང་སྐྱོང་རྫོང་ཞིན་སྨི་ནགས་ར་ཆི་ཧན་ལུང་བར་སྤེལ། གཙོ་བོ་སྐྱེ་ཁམས་ལྟ་སྲུང་བའི་ལས་ཁུར་གྱི་ནུས་པ་དང་ཕྱོགས་བསྡུས་བྱང་ཚད་མཐོར་འདེགས་སུ་བཏང་སྟེ། མཚོ་སྔོན་གྱི་ནགས་རྩྭའི་ཐོན་ཁུངས་ལ་ཆུ་ཚད་མཐོ་བའི་སྲུང་སྐྱོབ་དང་ནགས་རྩའི་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་གོང་དུ་སྤེལ་བར་རམ་འདེགས་བྱ་ཆེད་སྤེལ་བ་ཞིག་རེད།
ཉིན་དེའི་སྔ་དྲོར། ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང(མཚོ་སྔོན)དོ་དམ་ཅུས་སོགས་འཐས་ཚབ་རུ་ཁག11གི་སྐྱེ་ཁམས་སྐོར་ཞིབ་པ66གིས་ཆི་ཧན་ལུང་པ་དང་། ཞའོ་ཉིན་ཁྲན་ཁུའོ་བཅས་སུ་མེ་གསོད་སྒྲིག་ཆས་བེད་སྤྱད་གཏང་ཐབས་དང་བཀོལ་སྟངས། རི་ཀླུང་དུ་སྲོག་སྐྱོབ། མི་མེད་གནམ་གྲུ་སྤྱོད་སྟངས། རི་ཀླུང་ཐང་སྟོང་དུ་སྐོར་ཞིབ། ནགས་ཚལ་མ་དཔེ་ལྟ་ཞིབ་ཚད་ལེན་ལ་སོགས་འགྲན་སྡུར་རྣམ་གྲངས5ཡི་ཕྱོགས་ནས་རྩལ་ནུས་འགྲན་སྡུར་བྱས།འདི་ནི་སྐྱེ་ཁམས་སྐོར་སྲུང་བའི་རྩལ་ནུས་སྦྱོང་བརྡར་ཆེན་པོ་དང་། རྩལ་ནུས་འགྲན་སྡུར་ཆེན་པོ་ཞིག་ཡིན་པར་མ་ཟད། སྐྱེ་ཁམས་སྐོར་ཞིབ་པར་སོ་སོའི་རྩལ་ནུས་ངོམ་སོ་བྱེད་ས་ཞིག་ཀྱང་རེད། རེ་བ་ནི་ཐེངས་འདིའི་འགྲན་སྡུར་བརྒྱུད་དེ་སྐོར་ཞིབ་པ་སོ་སོའི་རང་སྟེང་གི་བྱང་ཚད་མཐོར་འདེགས་སུ་བཏང་ནས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་སྟོབས་ཤུགས་འབུལ་ཐུབ་རྒྱུ་དེ་ཡིན་ཞེས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འཐུས་ཚབ་རུ་ཁག་གི་རུ་མི་ཀྲའོ་ཧན་ཀྲང་གིས་དེ་ལྟར་བརྗོད།
མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧན་ཆིང་གིས་འདི་སྐད། ཐེངས་འདིའི་རྩལ་ནུས་འགྲན་སྡུར་ནི་ནགས་རྩྭའི་ཐོན་ཁུངས་སྲུང་སྐྱོབ་ནུས་པ་ཇེ་དྲག་དང་། ཞིང་ཆེན་རིམ་པའི་སྤྱི་ཁྱབ་ནགས་དཔོན་དང་རྩྭ་དཔོན་གྲོས་ཚོགས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན། སྐྱེ་ཁམས་ལྟ་སྲུང་བའི་མཉམ་འབྲེལ་དོ་དམ་མ་ལག་བཀོལ་སྤྱོད་ཐད་ཀྱི་གནད་དོན་དང་། མེ་དང་གནོད་འབུ་སོགས་ཀྱི་གནོད་པ་དང་ནགས་རྩའི་ཐོན་ཁུངས་གཏོར་བརླག་ཐེབས་པ་ལ་སོགས་ཀྱི་གནས་ཚུལ་ལམ་སེང་སྙན་ཞུ་བྱེད་ཚད་དམའ་བ་ལ་སོགས་གནད་དོན་ཐག་གཅོད་ཀྱི་ཆེད་དུ་སྤེལ་བ་ཞིག་ཡིན། ཡང་སྙིང་གི་དམིགས་བྱ་ནི་རྩལ་ནུས་འགྲན་སྡུར་བརྒྱུད་དེ་སྐྱེ་ཁམས་ལྟ་སྲུང་བའི་ཕྱོགས་བསྡུས་ནུས་པ་དང་ཆུ་ཚད་མཐོར་འདེགས་བཏང་ནས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་འགན་སྲུང་བྱ་ཆེད་ཡིན་ཟེར།
རྩོམ་སྒྲིག་པ། ཁོན་ཐར་འཚོ།