ཟླ7པའི་ཚེས30ཉིན། སྐབས་དྲུག་པའི“ཀྲུང་གོའི་ཁྲོང་དབྱིའི”ལས་སྐྲུན་གསར་སྐྲུན་འགྲན་བསྡུར་ཆེན་མོའི་མཚོ་སྔོན་འགྲན་ཁུལ་གྱི་ཞིང་ཆེན་རིམ་པའི་འགྲན་བསྡུར་དང་། “འཛུགས་སྐྲུན་དངུལ་ཁང་རྟགས་མའི”མཚོ་སྔོན་ཞིང་ཆེན་ལས་སྐྲུན་གསར་སྐྲུན་འགྲན་བསྡུར་ཆེན་མོ་ཟི་ལིང་དུ་བསྡུས།
སྐབས་འདིའི་འགྲན་བསྡུར་གྱིས“དུས་རབས་གསར་བའི་གསར་སྐྲུན་གླུ་རུ་གྱེར་ནས། ཀྲུང་གོའི་ཕུགས་འདུན་འགྲུབ”ཅེས་པ་བརྗོད་དོན་དུ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཀྲུང་གོའི་འཛུགས་སྐྲུན་ཁང་དངུལ་མ་རྐང་ཚད་ཡོད་ཀུང་སི་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་གཙོ་སྒྲུབ་བྱས་པ་དང་། དམིགས་ཡུལ་ནི་གསར་སྐྲུན་སྐུལ་ཤུགས་འཕེལ་རྒྱས་འཐབ་ཇུས་ལག་བསྟར་གཏིང་ཟབ་སྒོས། ལས་ཞུགས་འཐབ་ཇུས་སྔོན་ལ་བྱེད་པ་དང་། འཇོན་མིའི་སྟོབས་ལྡན་རྒྱལ་ཁབ་འཐབ་ཇུས་ལག་བསྟར་བྱས་ཏེ། རེང་བདག་གསར་སྐྲུན་ལ་སྐུལ་མ་དང་། སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱས་ཏེ། སྤུས་ཚད་མཐོ་བའི་ལས་སྐྲུན་གྱིས་སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྣེ་ཁྲིད་བྱེད་པ་ཡིན། འགྲན་བསྡུར་དེ་ད་ལོའི་ཟླ4བ་ནས་མགོ་བརྩམས་པའི་རིང་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་མི་དོན་སྡེ་ཁག་གི་རྩ་འཛུགས་འོག ཁྱོན་ལས་གཞིའི་མིང་ཐོ་འགོད་པའི་འགྲན་ཞུགས་པ319ནང་འགུག་བྱས་པ་དང་། དཔྱད་འདེམས་བྱས་པ་བརྒྱུད། ཁྱོན་ཕུལ་བྱུང་ལས་གཞི20ཞིང་ཆེན་རིམ་པའི་དཔྱད་འདེམས་འགྲན་བསྡུར་ཁྲོད་ཚུད། ཛ་དྲག་གི་འགྲན་བསྡུར་བརྒྱུད། གསར་སྐྲུན་རང་བཞིན་དང་ཚོང་རའི་སྒུལ་ཤུགས་ཡོད་པའི་ལས་གཞི་སྐོར་ཞིག་བྱུང་ནས། མཐར“མཚོ་སྔོན་ཁུ་ནུའི་མི་ཐབས་རིག་ནུས་རྩིས་ནུས་ལྟེ་གནས”དང“ཚན་རྩལ་གྱིས་ཞིང་ལས་ལ་སྒུལ་ཤུགས་བསྩོལ་བ‘སོགས་ལས་གཞི10ལ་བྱ་དགའ་ཨང་དང་པོ་དང་གཉིས་པ། གསུམ་པ་བཅས་ཐོབ།
“ཀྲུང་གོའི་ཁྲོང་དབྱིའི”ལས་སྐྲུན་གསར་སྐྲུན་འགྲན་བསྡུར་ཆེན་མོ་སྤེལ་བའི་རིང་ལ། ཟོང་རྟགས་ཕན་ནུས་དང་སྤྱི་ཚོགས་ཤན་ཤུགས་ནུས་པ་རིམ་བཞིན་མཐོར་འདེགས་སུ་སོང་བ་དང་། རྒྱ་ཆེའི་ལས་སྐྲུན་པ་དང་སྤྱི་ཚོགས་ལས་རིགས་ཁག་གིས་ངེས་ལེན་ཐོབ། ད་ལོའི་འགྲན་བསྡུར་གྱི་བརྗོད་དོན་སྔར་ལས་རྒྱུ་མང་ཅན་ཡིན་པ་དང་། དེར་ལོ་ཆུང་སློབ་མ་དང་། ཕ་ཡུལ་དུ་ལོགས་པའི་ཞིང་བ། ཕྱིར་འགྲིམ་སློབ་མ་རྒྱལ་ནང་དུ་ལོགས་པའི་མི་སྣ། དམག་ཁོངས་ནས་ཕྱིར་བུད་པའི་དམག་མི་སོགས་ཚོགས་པ་འདུ་བ་དང་། འགྲན་ཞུགས་ལས་རྣམ་དང་རྣམ་པ་ཡང་སྔར་ལས་ཕུན་སུམ་ཚོགས་ལ། སྔོན་ཐོན་ལས་སྣོན་དང་། དེང་རབས་ཞབས་ཞུ། གྲོང་གསེབ་དར་སྤེལ། ལྗང་མདོག་དཔལ་འབྱོར། དངུལ་ཁང་དཔལ་འབྱོར་བཅས་ཁྱབ་ཁོངས5དང་འབྲེལ་ཞིང་། སྒོས་སུ་ལྗང་མདོག་རྩིས་ནུས་ཐོན་ལས་དང་། སྐྱེ་ཁམས་ཡུལ་སྐོར་ཐོན་ལས་སོགས་མཚོ་སྔོན་གྱི་ཐོན་ལས་ཀྱི་ཆེས་གསར་བའི་འཕེལ་རྒྱས་ཁ་ཕྱོགས་དང་འཐབ་ཇུས་ལས་གཞི་འདུ་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཁབ་གསར་སྐྲུན་སྒུལ་ཤུགས་འཕེལ་རྒྱས་འཐབ་ཇུས་ལག་བསྟར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་མཐོ་ས་དང་། ཐོན་ལས“གནས་བཞི”འཛུགས་སྐྲུན་ནང་དོན་དང་མཐུན་པ་རེད། འགྲན་བསྡུར་གྱིས་འགྲན་ཞུགས་ལས་གཞིར་ལས་གཞི་འགྲེམ་སྟོན་དང་། ཆེད་ལས་མཛུབ་སྟོན། བརྗེ་རེས་དང་ཐོན་ཁུངས་སྦྲེལ་མཐུད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཞབས་ཞུ་སྟེགས་བུ་འདུ་བ་དང་། སྔར་ལས་ལྷག་པའི་སྒོ་ནས་ལས་སྐྲུན་གསོན་ཤུགས་དང་གསར་སྐྲུན་སྙིང་སྟོབས་སྐུལ་སྤེལ་བྱེད་པ། ཚན་རྩལ་གྲུབ་འབྲས་བསྒྱུར་བཅོས་བེད་སྤྱོད་ལ་སྐུལ་འདེད་བཏང་ནས། ལས་སྐྲུན་གསར་སྐྲུན་གྱི་སྐྱེ་ཁམས་གསོན་ཤུགས་འཛུགས་སྒྲུབ་བྱས་ཏེ། སྤུས་ཚད་གསར་བའི་ཐོན་སྐྱེད་ནུས་ཤུགས་སྔོག་འདོན་དང་གསོ་སྐྱོང་བྱེད་པར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། །
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།