གསར་འགོད་པས་ཟི་ལིང་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ནས་རྒྱུས་ལོན་པ་ལྟར་ན། ཕན་འབྲས་ཡོད་པའི་སྒོ་ནས་འོད་ཤུགས་དང་ལིས་གློག་ཐོན་ལས་སོགས་ཀྱི་ལས་རིགས་ཀྱི་འཁོར་ཡུན་འགྱུར་ལྡོག་ལ་ཁ་གཏད་དེ། ཁེ་ལས་ཀྱི་དཀའ་ཁག་སེལ་རོགས་བྱེད་པར་གསར་སྤེལ་ཁུལ་གྱིས《འོད་ཤུགས་དང་ལིས་གློག་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་བྱ་ཐབས》འགྲེམ་སྤེལ་བྱས་ཏེ། འོད་ཤུགས་དང་ལིས་གློག་ཐོན་ལས་ཀྱིས་དཀའ་ངལ་དང་འགྲན་སློང་ལ་ཁ་གཏད་གཅོག་པར་རོགས་རམ་བྱས་ནས་ཐོན་ལས་སྦྲེལ་ཐག་བརྟན་བརླིང་ངང་འཕེལ་རྒྱས་འགྲོ་བར་འགན་ལེན་བྱས།
《བྱ་ཐབས》ལས་གཉེར་སྐྱོང་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་པ་དང་། དངུལ་རྩའི་སྲིད་ཇུས་ཀྱི་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ། ཧུར་ཐག་སྒོས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ། ཁེ་ལས་ཀྱི་ཞབས་ཞུའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་ཕྱོགས་བཞིའི་ཐད་ནས་དམ་འཛིན་བྱས་ཏེ་ཞིབ་ཕྲའི་བྱ་ཐབས11ཞིབ་ཕྲ་བཟོས་ཡོད། གསར་སྤེལ་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་འོད་ཤུགས་དང་ལིས་གློག་ཁེ་ལས་ཀྱི་གློག་སྤྱོད་དགོས་མཁོ་འགན་ལེན་བྱས་ཏེ། སྟབས་བསྟུན་གྱི་ཐབས་ཇུས་སྤྱད་དེ་གློག་ཤུགས་མ་གནས་ཀྱི་གནོན་ཤུགས་ཆུང་དུ་གཏོང་དགོས་པ་དང་། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་དངུལ་ཁང་ལ་མཐུན་སྦྱོར་བྱས་ནས་མ་དངུལ་དང་སྐྱེད་ཀའི་རྒྱབ་སྐྱོར་དུས་ཐོག་ཏུ་དོན་འཁྱོལ་བྱས་ཏེ། ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་མ་གནས་ཆུང་དུ་གཏོང་བ་དང་། ཁེ་ལས་ཀྱིས་དངུལ་བུན་ཆུང་གྲས་དང་ཁག་ཐེག་སོགས་ཞབས་ཞུའི་སྒྲིག་གཞི་དང་འབྲེལ་མཐུད་བྱེད་རོགས་བྱས་ཏེ་ཚོང་ར་ཅན་དུ་འགྱུར་བའི་དངུལ་རྩའི་ལེ་ལག་ཚང་བའི་ཞབས་ཞུ་སྤེལ་བ་བཅས་བྱེད་པ། སྔར་ལས་ལྷག་པར་གཞི་ཁྱོན་ཆེ་བའི་སྒྲིག་ཆས་གསར་བརྗེས་ཀྱི་སྲིད་ཇུས་སོ་སོ་དོན་འཁྱོལ་བྱས་ཏེ། འོད་ཤུགས་དང་ལིས་གློག་ཁེ་ལས་ཀྱིས་ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་དང་ཡུན་རིང་ལས་བརྒལ་བའི་དམིགས་བསལ་རྒྱལ་བུན་སོགས་མ་དངུལ་རྒྱབ་སྐྱོར་རྣམ་གྲངས་ཀྱི་ཁྱབ་ཁོངས་ནང་འཇུག་རྒྱུའི་སྙན་ཞུ་སྔོན་ལ་འོས་སྦྱོར་བྱེད་དགོས་ལ། མ་བཅོས་རྒྱུ་ཆ་མཁོ་སྤྲོད་དང་ཐོན་སྐྱེད་རྒྱུ་རྐྱེན་གཙོ་བོ་འགན་ལེན། སྟོད་སྨད་སྦྲེལ་མཐུད་སོགས་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུ་འགན་སྲུང་ལས་དོན་མུ་མཐུད་དུ་ལེགས་པར་བསྒྲུབ་དགོས་པ་དང་། “ཁེ་ལས་གཅིག་ལ་ཐབས་ཇུས་གཅིག”གི་བྱ་བའི་་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། ཁེ་ལས་ཀྱི་ལས་མི་བཀོལ་སྤྱོད་འགན་སྲུང་བྱེད་པ་དང་ངལ་ལས་མཛུབ་སྟོན་སོགས་ཀྱི་བྱ་བ་ལེགས་པར་སྒྲུབ་པ། འོད་ཤུགས་དང་ལིས་གློག་ཁེ་ལས་འགྲེམ་ཚོགས་སྣ་ཚོགས་དང་གླེང་སྟེགས་སོགས་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་གནད་བྱེད་སྒོར་ཞུགས་རྒྱུར་རྒྱབ་སྐྱོར་བྱས་པ་བརྒྱུད། ཉེར་སྤྱོད་རྣམ་པ་དང་ལག་རྩལ་ཞིབ་སྤེལ། མཁོ་སྤྲོད་ཆ་འཕྲིན་སོགས་ཐོན་ཁུངས་ཐོབ་པའི་ཐབས་ལམ་རྒྱ་ཆེར་གཏོང་དགོས་པར་བསྟན། །
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།