གུང་གསེང་རིང་བྱིས་པའི་མིག་སྲུང་སྐྱོབ་བྱ་ཐབས་འདི་དག་ཤེས་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

ཁྱེད་རང་གི་གམ་དུ་བྱིས་པ་མིག་ཤེལ་ཅན་ཇེ་མང་དུ་འགྲོ་གི་འདུག་གམ། བྱས་ན། ཁྱེད་རང་གིས་རྒྱང་སྒྲིབ་ཀྱི་གནོད་འཚེ་རྟོགས་སམ། རྒྱང་སྒྲིབ་ཡིན་མིན་ལ་ཅི་ལྟར་བརྟག་དགོས། ང་ཚོས་གང་འདྲ་བྱས་ན་ད་གཟོད་རྒྱང་སྒྲིབ་སྔོན་འགོག་ཐུབ་ཅིང་མིག་སྤྱོད་པའི་གོམས་གཤིས་ཡག་པོ་ཞིག་ཆགས་ཐུབ་བམ།  སློབ་གྲྭ་དང་ཁྱིམ་བདག་གིས་ཇི་ལྟར་བྱེད་དགོས་སམ་ཞེ་ན།

དེ་རིང་ང་ཚོས་མཉམ་དུ་རྒྱུན་ལྡན་གྱི་འཚོ་བ་དང་གུང་གསེང་གི་སྐབས་སུ་བྱིས་པས་ཇི་ལྟར་བྱེད་དགོས་པར་རྒྱུས་ལོན་ཞིག་བྱེད།

 

ང་ཚོས་དཔེ་ཀློག་སློབ་སྦྱོང་བྱེད་སྐབས། སྡོད་སྟངས་ཡག་པོ་ཞིག་བྱུང་ན་རྒྱང་སྒྲིབ་སྔོན་འགོག་བྱེད་ཐུབ། སློབ་སྦྱོང་བྱེད་ཞོར་དུ་མིག་སྲུང་སྦྱོང་བརྡར་དང་རྒྱང་ལྟ་བྱས་པས་ཀྱང་མིག་གི་ཤ་གནད་ལྷོད་དུ་གཏོང་ཐུབ་པ་དང་། མིག་གི་མདོ་ཐག་སྙོམས་སྒྲིག་བྱེད་ཐུབ་པས། དེ་ཡང་ཧ་ཅང་ནུས་ལྡན་གྱི་སྲུང་སྐྱོབ་བྱེད་ཐབས་ཤིག་ཡིན།

ཁ་པར་དང་བརྙན་འཕྲིན་སོགས་གློག་རྡུལ་ཐོན་རྫས་རེ་ཞིག་བཞག་ནས། ཕྱི་རོལ་དུ་རྩེད་མོ་རྩེ་བ་དང་རི་ལ་འཛེགས་པ་སོགས་ཕྱི་རོལ་གྱི་བྱ་འགུལ་ལ་མང་ཙམ་ཞུགས་པ་ནི་ཧ་ཅང་བཟང་བའི་བྱེད་ཐབས་ཤིག་ཡིན་ཏེ། རང་བྱུང་གི་འོད་ཀྱིས་མིག་གི་མདོ་ཐག་སྙོམས་སྒྲིག་བྱེད་ཐུབ། དེ་དང་དུས་མཚུངས་འོས་འཚམ་གྱི་དཔེ་ཀློག་དང་རྩེད་མོ་རྩེ་བས་ཀྱང་མིག་གི་བདེ་ཐང་ལ་ཕན་ཐོགས་ཡོད།

སྤྲོ་སྣང་ལྡན་པའི་གུང་གསེང་གི་འཚོ་བའི་ཁྲོད། ང་ཚོས་མིག་གི་བདེ་ཐང་སྲུང་སྐྱོང་བྱ་རྒྱུར་སྣང་ཆེན་བྱེད་དགོས། 

ལྷོད་ལྷོད་ངང་ངལ་གསོ་རྒྱག་པ་དང་ཆབས་ཅིག  སྤོ་ལོའི་རིགས་ཀྱི་ལུས་རྩལ་ནང་མང་ཙམ་ཞུགས་པ་དང་། ད་དུང་ལག་ཤེས་བཟོ་རྩལ་རིགས་ཀྱི་བྱེད་སྒོ་སྟེ། དཔེར་ན་རི་མོ་འབྲི་བ་དང་འཇིམ་གཟུགས་བཟོ་བ་སོགས་བྱས་ན། གུང་གསེང་རིང་རང་ཉིད་ཀྱི་དགའ་ཕྱོགས་གསོ་སྐྱོང་བྱེད་ཐུབ་པ་མ་ཟད་མིག་ལ་ངལ་གསོ་ཡོང་ཐུབ་པས་མིག་ཤེད་སླར་གསོ་བྱ་རྒྱུར་ཡང་ཕན་ཐོགས་ཡོད། 

གློག་རྡུལ་ཐོན་རྫས་ནི་འཚོ་བའི་ཁྲོད་མེད་དུ་མི་རུང་བ་ཞིག་ཡིན་མོད། འོན་ཀྱང་ལུགས་མཐུན་ངང་གློག་རྡུལ་ཐོན་རྫས་བཀོལ་སྤྱོད་བྱ་རྒྱུ་དེ་མིག་གི་བདེ་ཐང་ལ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན།

གློག་རྡུལ་ཐོན་རྫས་བེད་སྤྱོད་བྱེད་སྐབས་སྡོད་སྟངས་ཡང་དག་པ་དང་བར་ཐག་ཚད་དང་རན་པ་རྒྱུན་འཁྱོངས་བྱེད་པ་དང་། མིག་འོས་འཚམ་ངང་བེད་སྤྱོད་བྱེད་པ་ལས། དུས་ཡུན་རིང་པོ་བསྟུད་མར་མིག་བེད་སྤྱོད་བྱེད་མི་རུང་། གཞན་ཡང་ད་དུང་མིག་སྲུང་སྦྱོང་བརྡར་རམ་ཡང་ན་ཆེད་སྤྱོད་མིག་སྲུང་མཉེན་ཆས་བཀོལ་ནས་མིག་གི་ཁུར་པོ་ཇེ་ཡང་དུ་གཏོང་ཆོག

མི་ཚང་མས་མིག་ལ་བདག་གཅེས་བྱས་ཏེ་གསལ་ཞིང་དག་པའི་མཛེས་སྡུག་གི་འཚོ་བ་ཞིག་རོལ་ཐུབ་པར་སྨོན། 

ཡོང་ཁུངས། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།