མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ཟླ7ཚེས4ཉིན་གྱི་སྔ་དྲོར། ཟི་ལིང་གྲོང་ཁྱེར་གྲོང་དཀྱིལ་གྱི་ལྷོ་ཐང་ནུབ་ལམ་སྲང་ལམ་དོན་གཅོད་ཁང་ཤམ་བྷ་ལའི་སྡོད་ཁུལ་གྱི་བྱེད་སྒོ་ཁང་དུ་དགོད་སྒྲ་གྲགས་འོང་། དེར་སྡོད་ཁུལ་གྱི་མི་རིགས་སྐད་ཡིག་བརྗེ་སྤེལ་འཛིན་གྲྭ་གཉེར་མགོ་ཚུགས་ཡོད་ཅིང་། སྡོད་ཁུལ་གྱི་ཏང་ཀྲི་པུའུ་ཧྲུའུ་ཅི་ཨང་བརྒྱད་པ་ལི་ཁྲང་མེང་གིས་ཚང་མར་སློབ་ཁྲིད་བྱེད་ཀྱིན་འདུག སློབ་ཁྲིད་ཀྱི་ནང་དོན་ནི་ཉིན་རྒྱུན་གྱི་འབྲེལ་འདྲིས་ཁྲོད་ཀྱི་བོད་རྒྱ་སྐད་གཉིས་ཀྱི་ཐ་སྙད་རེད།
“སྔོན་ཆེད་ངས་རྒྱ་ཡིག་མི་ཤེས་ལ། རྒྱ་སྐད་ཀྱང་བཤད་མི་ཤེས་པས། གཞན་ལ་ཁ་བརྡ་བྱེད་དུས་ཧ་ཅང་སྟབས་མི་བདེ། ད་ནི་དགེ་རྒན་གྱི་སློབ་སྟོན་ཟབ་མོས་འོག རྒྱ་སྐད་ཀྱིས་ཕན་ཚུན་ལ་ཁ་བརྡ་བྱེད་ཐུབ་ཟེར། ”
ཤམ་བྷ་ལའི་སྡོད་ཁུལ་གྱི་སྡོད་དམངས་མི་ཉུང་བ་ཞིག་དེ་སྔ་ཁུལ་དང་རྫོང་ཐོག་ཏུ་བྱ་བ་གཉེར་མཁན་ཡིན། ལས་འཁྱུར་ངལ་གསོ་བྱས་རྗེས་ཕ་མ་འཁྲིད་དེ་ཟི་ལིང་དུ་གཏན་སྡོད་བྱས་ཡོད། དེ་ལས་རྒན་པོ་མང་པོ་ཞིག་གིས་རྒྱ་སྐད་བཤད་མི་ཤེས་པས་འཚོ་བར་དཀའ་ཁག་སྤྲད་ཡོང་གི་འདུག
ད་ལོར་ལོ71ལ་སོན་པའི་ལི་ཁྲང་མིང་ནི་ཁྲའོ་ཞིན་མི་རིགས་ཡིན་ཞིང་། ཁོས་མི་རིགས་ལྔའི་སྐད་བཤད་ཤེས། ཉིན་དེའི་མི་རིགས་སྐད་ཡིག་གི་འབྲེལ་འདྲིས་འཛིན་གྲྭའི་སྟེང་། ཁོས་དོན་དངོས་ལ་སྦྱར་ནས་ཉིན་རྒྱུན་ཕན་ཚུན་བར་གྱི་མཚམས་འདྲི་དང་རྨང་གཞིའི་སྐད་ཆ་ལ་སོགས་ཁ་སྐད་ཀྱི་ལམ་ནས་སློབ་ཁྲིད་ནས་མགོ་བརྩམས་ཏེ། དེར་ཡོད་པའི་མི་རིགས་གྲངས་ཉུང་གི་མང་ཚོགས་རྣམས་ཀྱིས་རྒྱལ་ཁབ་ཀྱི་སྤྱི་སྐད“ཉིན་ཤེས་པ་དང་། བཤད་ཤེས་པ། ཀློག་ཤེས་པ། འབྲི་ཤེས་པའི”ནུས་པ་མུ་མཐུད་ནས་ཇེ་ཆེར་བཏང་། “འདི་ལྟ་བུའི་སྐད་རིགས་བར་གྱི་འབྲེལ་འདྲིས་སློབ་ཁྲིད་ཧ་ཅང་མཁོ། ང་ཚོས་ད་དུང་ལྭ་བ་དང་། བཟའ་བཏུང་། དུས་ཆེན་ལ་སོགས་ཀྱི་ངོས་ནས་མི་རིགས་སོ་སོའི་རིག་གནས་སྲོལ་རྒྱུན་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་རྒྱུས་ལོན་དང་། ཕན་ཚུན་ལ་བརྩི་འཇོག ཕན་ཚུན་བཟོད་སྒོམ་བྱེད་ཐུབ་ཀྱི་ཡོད་པས། སེ་འབྲས་བཞིན་དུ་གཅིག་ཏུ་འཐམས་ཡོད”ཅེས་ཤམ་བྷ་ལའི་སྡོད་ཁུལ་གྱི་ཏང་ཀྲི་པུའུ་བརྒྱད་པའི་ཁོངས་མི་ཨན་ཀྲེན་ཧྭ་ཡིས་དེ་ལྟར་བཤད་བྱུང་།
ཤམ་བྷ་ལའི་སྡོད་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ཧ་ལམ་སྤྱི་ལེ་གྲུ་བཞི་མ2.4ཡོད་ཅིང་། སྤྱིའི་མི་འབོར9887དང་ཁྱིམ་ཚང24717ཡོད་པ་དང་། རྒྱ་རིགས་དང་བོད་རིགས། སོག་རིགས། ཧོར་རིགས། ས་ལར་རིགས་སོགས་མི་རིགས12འདྲེས་སྡོད་བྱས་ཡོད། ཉེ་བའི་ལོ་རིང་ལ། ཤམ་བྷ་ལའི་སྡོད་ཁུལ་ལ་མཚོ་སྔོན་ཞིང་ཆེན་གཞོན་ནུ་ལོ་ཆུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་དཔེ་སྟོན་གྱི་བྱེད་ས་དང་། མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སྡོད་ཁུལ། ཟི་ལིང་གྲོང་ཁྱེར་སྡོད་ཁུལ་སེ་འབྲུའི་ཁྱིམ་གཞིས། ཟི་ལིང་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་དར་སྤེལ་ཡར་ཐོན་དཔེ་སྟོན་ལས་ཁུངས། གྲོང་དཀྱིལ་གྱི་མི་རིགས་མཐུན་སྒྲིལ་སྔོན་ཐོན་ཐུན་མོང་ལ་སོགས་གཟི་བརྗིད་མཚན་སྙན24ཐོབ། མི་རིགས་ཁག་གི་མང་ཚོགས་རྣམས་གནས་འདིར་མཉམ་སྡོད་མཉམ་སློབ་དང་། མཉམ་བསྐྲུན་མཉམ་སྤྱོད། མཉམ་སྒྲུབ་མཉམ་སྤྲོ་ལ་སོགས་ཕན་ཚུན་རོགས་རེས་དང་འཆམ་མཐུན་གྱི་རྣམ་པ་ལེགས་པོ་ཞིག་རང་བཞིན་དུ་མངོན་ཡོད་པས། དེ་ནི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་མཉམ་རོལ་བྱེད་སྟངས་ཤིག་ཡིན་པ་མ་ཟད། མི་སེམས་གཅིག་བསྡུ་དང་བསམ་བློ་གཅིག་ཏུ་འབྲེལ་བའི་དོན་དངོས་ཀྱི་མཚོན་བྱ་ཡང་རེད།
“ང་ནི་ཧོར་རིགས་ཡིན། ང་ཚོ་མི་རིགས་སོ་སོ་ཁྱིམ་ཚང་གཅིག་ལྟར་བརྩེ། སྡོད་ཁུལ་ཏང་ཨུས‘ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་ཚུགས་པ’སྙིང་བོར་བཟུང་སྟེ་མི་རིགས་ཁག་གི་མང་ཚོགས་བར་གྱི་འབྲེལ་འདྲིས་དང་མཉམ་འདྲེས་ལ་སྐུལ་འདེད་བཏང་།”ཞེས་ཨན་ཀྲེན་ཧྭ་ཡིས་སེམས་འགུལ་ཆེན་པོས་དེ་ལྟར་བཤད་བྱུང་། སྡོད་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་རྣམས་དུས་རྒྱུན་མཉམ་གཅིག་ཏུ་འཛོམས་ནས་གཞས་གཅིག་མཉམ་ལེན་དང་། བྲོ་གཅིག་མཉམ་འཁྲབ་བྱེད་པ་དང་། ཁྱིམ་མཚེས་བར་འགྲིག་མཐུན་ཡོད་པས་མི་རིགས་སོ་སོའི་མང་ཚོགས་ཁྱིམ་ཚང་གཅིག་བཞིན་བརྩེ།
“ཁྱིམ་མཚེས་བར་གྱི་རོགས་རེས་གླེང་ཡོང་དུས་ང་རང་སེམས་འགུལ་ཐེབས་ཡོང་། ང་ཚོའི་ཐོག་ཁང7པའི་རྒན་པོ་ཞིག་ཉིན་རྒྱུན་ཞོགས་སྦྱོང་ལ་འགྲོ་བཞིན་ཡོད། ཐེངས་ཤིག་ལ་རྒན་པོ་དེ་ཞོགས་པར་སྒོའི་ཕྱིར་སྐྱོད་པ་ནས་དགོང་མོའི་ས་རུབ་པའི་བར་ལ་ཁྱིམ་དུ་ལོག་མ་བྱུང་། ཁོའི་བཟའ་ཟླས་ཁྱིམ་མཚེས་ཀྱི་ཚོགས་པར་ཁྱིམ་མཚེས་རྣམས་ཀྱིས་འཚོལ་རོགས་ཀྱི་རོགས་བརྡ་བརྒྱབ་པ་ན”ཚང་མས་ཚོགས་པའི་ནང་གི་གནས་ཚུལ་མཐོང་མ་ཐག་གཅིག་རྗེས་གཉིས་འཕྲོར་ཕྱིར་འཚོལ་རོགས་སུ་ཕྱིན་པ་དང་། མཐར་ནུབ་རི་ནས་རྒན་པོ་རྙེད། མ་གཞི་རྒན་པོ་ལམ་ནོར་ཐེབས་ནས་ཕྱིར་ལོག་མ་ཤེས་པ་མ་ཟད། ཁ་པར་ཡང་བཟུང་མེད་པས་མཐར་ཐང་ཆད་དེ་ནུབ་རིའི་རྩྭ་ཐང་དུ་གཉིད་ལ་ཤོར། ཁྱིམ་མཚེས་རྣམས་ཀྱིས་རྒན་པོ་རྙེད་རྗེས་ཕྱིར་ཁྱིམ་དུ་བསྐྱལ་བ་རེད་ཟེར།
“མི་རིགས་མཐུན་སྒྲིལ་གྱི་བྱ་བ་དེ་ང་ཚོས་བརྩེ་བ་ངོ་མ་ཞིག་འཁྱེར་ནས་མི་རིགས་ཁག་གི་མང་ཚོགས་བར་མཐུན་སྒྲིལ་ཟབ་མོ་བྱས་ཏེ། མི་རིགས་མང་པོའི་མང་ཚོགས་མཉམ་འདྲེས་ཀྱི་སྡོད་ཁུལ་བསྐྲུན་ནས་འཆམ་མཐུན་གྱི་ཁྱིམ་གཞིས་མཉམ་སྐྲུནབྱེད་དགོས”ཞེས་སོག་རིགས་ཀྱི་དྲ་མིག་པ་ཝུའུ་ལན་དབྱིན་ཀྲའོ་ཡིས་བལྟས་ཡོང་ན། སྡོད་ཁུལ་ནི་མི་རིགས་མང་པོའི་མང་ཚོགས་བར་གྱི“སྦྲེལ་ཟམ”ཡིན་ལ། མི་རིགས་ཁག་གིས་མང་ཚོགས་ཀྱིས་དོན་དག་སྣ་མང་སྒྲུབ་སའི“ཞབས་ཞུ་ས་ཚིགས”ཤིག་ཀྱང་ཡིན། རེ་བ་ནི་གནས་འདིར་འཚོ་བའི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཁྱིམ་ཚང་ཆེན་པོའི་དྲོད་ཁུལ་ཚོར་ཐུབ་པའི་ཞབས་ཞུ་ལེགས་པོ་ཞིག་བསྒྲུབ་དགོས་ཟེར།
ཉེ་ལམ་ཤམ་བྷ་ལའི་དུས་བཀག་གསུམ་པར་སྡོད་པའི་སོག་པོའི་བཟའ་ཟླ་གཉིས་ཀྱིས་སྡོད་ཁུལ་ལ་རོགས་སྐྱོར་རེ་ཞུ་ཞུས་བྱུང་། ཁོ་གཉིས་ཁུལ་དང་རྫོང་ཐོག་ཏུ་ལས་ཀ་སྒྲུབ་བཞིན་ཡོད། ཁྱིམ་དུ་ཆུ་སྦུག་ནས་ཆུ་འཛག་ཡོད་པ་མ་ཤེས་པས། ཐོག་སོ་འོག་མའི་ཁྱིམ་ཚང་གི་སྤྱོད་ཁང་སྦངས་ཏེ་རྩོད་གཞི་བྱུང་། ཝུའུ་ལན་དབྱིན་ཀྲའོ་ཁོ་ཚོའི་སར་བཅར་ནས་འདུམ་འགྲིག་བྱས། ཚང་མ་སོག་པོ་ཡིན་སྟབས་སོག་སྐད་ནས་ཕན་ཚུན་ལ་བར་འདུམ་བྱས་ནས་སྡོད་དམངས་ཀྱི་བར་ཐག་ཇེ་ཉེར་བཏང་ལ། མཐར་པོའི་བར་འདུམ་ལ་བརྟེན་ནས་ཁྱིམ་ཚང་གཉིས་ཀ་འགྲིག་པོ་བྱུང་།
དེ་ལྟ་བུའི་གཏམ་རྒྱུད་ཤམ་བྷ་ལའི་སྡོད་ཁུལ་དུ་བགྲང་གིས་མི་ལང་བ་ཞིག་ཡོད། “མི་རིགས་མཐུན་སྒྲིལ་ཡར་ཐོན་དར་སྤེལ་གྱི་ལམ་དུ། མི་རེ་རེ་ནི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྩ་ཆེ་བའི‘སེ་འབྲུའི་འབྲུ་རྡོག’དེ་ཡིན། འབྱུང་འགྱུར་སྡོད་ཁུལ་གྱིས་མུ་མཐུད་དུ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་ཚུགས་པར་གཙོ་ཐིག་ཏུ་བཟུང་སྟེ། ནུས་ཤུགས་ཡོད་རྒུས་སྡོད་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ལ་ཞབས་ཞུ་བསྒྲུབ་རྒྱུ་དེ་འགན་ཁུར་དུ་བླངས་ནས་མི་རིགས་སོ་སོའི་བར་གྱི་འབྲེལ་འདྲིས་དང་བརྗེ་སྤེལ། མཉམ་འདྲེས་ལ་སྐུལ་འདེད་བཏང་ནས་སྡོད་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་རྣམས་ཕན་ཚུན་བར་རོགས་རེས་མཛའ་བརྩེ་ཟབ་ལ མཐུན་སྒྲིལ་འབུད་འབུངས་ལ་དགའ་བ། ཁྱིམ་ཚང་གཅིག་ལྟར་བརྩེ་བའི་གཏམ་རྒྱུན་དེ་མི་རབས་ནས་མི་རབས་སུ་རྒྱུད་འཛིན་ལེགས་པོ་བྱས་ནས་ཡུན་རིང་དུ་བརྟན་པ་ཞིག་བྱ་རྒྱུ”ཞེས་ཤམ་བྷ་ལའི་སྡོད་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲའོ་ལི་ཡིས་དེ་སྐད་ཟེར།
རྩོམ་སྒྲིག་པ། ཁོན་ཐར་འཚོ།