མཚོ་སྔོན་ཧོང་ཀྲོང་གི་མཐོ་སྒང་སྔོ་ཚལ་རིགས་ཀོང་ཀྲོའུ་དང་ཧྲེན་ཀྲེན་སོགས་སུ་འདྲེན་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ7པ་ནས་བཟུང་། ཟི་ལིང་གྲོང་ཁྱེར་ཧོང་ཀྲོང་ཆུས་ཀྱི་སྔོ་ཚལ་སྔ་གཞུག་ཏུ་ལོ་ལེགས་བྱུང་ནས་འབུད་འཐོག    འདེམ་གསེས་དང་ཆ་བགོས། འཁྱགས་ཉར་སོགས་གོ་རིམ་བརྒྱུད་རྗེས་ཀུང་ཀྲོའུ་དང་། ཧྲང་ཧའེ།   ཧྲེན་ཀྲེན་སོགས་ས་ཁུལ་དུ་སྐྱེལ་བཞིན་ཡོད།  དེས་ཡུལ་དེའི་མང་ཚོགས་ཀྱི་སྒོར་ཁུག་སྦོ་སྦོ་རུ་ཆགས་པར་མ་ཟད། ཞིང་ཆེན་ཕྱིའི་འཛད་སྤྱོད་པའི་ཟས་སྣ་ཕུན་སུམ་ཚོགས་པར་བཟོས།

ཟླ7ཚེས5ཉིན། ཧོང་ཀྲོང་ཆུས་རུ་སེར་གྲོང་རྡལ་ཀྲུའུ་ཅ་སྡེ་བའི་ལུང་ཚའེ་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་རུ་མཉམ་ལས་ཁང་དེའི་འགན་འཁུར་བ་ཀྲུང་ཀོང་ཡན་གྱིས་སྔོ་ཚལ་བསྡུས་བར་ཞིབ་བཤེར་བྱེད་པ་དང་།  བཟོ་བ་རྣམས་ཚལ་ཞིང་དུ་བརྒལ་ནས་སྨིན་པའི་ཚོད་དཀར་འབུད་བཞིན་ཡོད་ལ། དེ་དག་ཆ་བགོས་ཏེ་འགྱིག་སྒམ་སོབ་སོབ་ཏུ་བཅུག་རྗེས་སོས་ཉར་མཛོད་ཁང་དུ་ཞག་གཅིག་ལ་འཁྱགས་ཉར་བྱས་མཐར།  འཁྱགས་འཁོར་སྐྱེལ་འདྲེན་བརྒྱུད་ཀོང་ཀྲོའུ་དང་ཧྲེན་ཀྲེན་ལ་འདྲེན་བཞིན་ཡོད།

ལོ་ནས་བཟུང་། ཧོང་ཀྲོང་ཆུས་ཀྱི་ལུང་ཚའེ་འདེབས་གསོ་ཆེད་ལས་མཉམ་ལས་ཁང་གིས་མཐོ་སྒང་གི་གནམ་གཤིས་ལ་འཚམ་པའི་སྔོ་ཚལ་རིགས་འདེབས་མགོ་བརྩམས། ད་སྔ་མཉམ་ལས་ཁང་དེས་གཙོ་བོ་ཚོད་དཀར་དང་། ཚོད་ནག་མངག་ཉོ་རྣམ་པས་ཕྱིར་འཚོང་བྱེད་བཞིན་ཡོད།  ཉིན་འདི་དག་ལ་ཚོད་དཀར་སྨིན་ནས་འབུད་བསྡུ་དུས་ལ་སླེབས་ཡོད། ཉིན་རེར་མི100ཡས་མས་ཀྱིས་རྒྱ་མ་ཁྲི2ནས3བསྡུ་ཐུབ་ཀྱི་ཡོད་ལ། སྔོ་ཚལ་དེ་དག་འབུད་མ་ཐག་ཏུ་འཁྱགས་ཁང་དུ་ཉར་རྗེས།  ཀོང་ཀྲོའུ་དང་ཧྲེན་ཀྲེན་དུ་བསྐུར་གྱི་ཡོད།  སྔོན་དཔག་བྱས་ན་ད་ལོར་ཧ་ལམ་སྒོར་ཁྲི60ཡས་མས་ཀྱི་ཁེ་བཟང་རག་ཐུབ་ཅེས་ཀྲུང་ཀོང་ཡན་གྱིས་བཤད།

ད་ལོར་ས་མུའུ40ལྷག་ལ་སྒོག་མྱུག་བཏབས་ཡོད། ཚང་མ་མངག་ཉོ་རྣམ་པས་ཕྱིར་འཚོང་བྱེད་བཞིན་ཡོད།  གཙོ་བོ་ཀན་སུའུ་ཞིང་ཆེན་ལ་བསྐྱལ་བ་ཡིན། ད་སྔ་སྒོག་མྱུག་བསྡུ་ཉོ་རིན་གོང་སྤྱི་རྒྱ་རེར་སྒོར2.6རེད། ས་མུའུ་རེ་ནས་སྤྱི་རྒྱ5000ཡས་མས་སྐྱེས་ཐུབ།  མ་རྩ་ཕུད་རྗེས་ས་མུའུ་རེ་ནས་སྒོར་ཁྲི་4000རེ་ཡི་ཡོང་སྒོ་ཡོད། ད་ལོར་མཉམ་ལས་ཁང་གིས་བཏབས་པའི་སྒོག་མྱུག་ལ་སྔོན་དཔག་བྱས་ན་ཁེ་བཟང་ཧ་ལམ་སྒོར་ཁྲི20ལོན་ཐུབ་ཅེས་ཧོང་ཀྲོང་ཆུས་ལུང་ཁུག་གྲོང་རྡལ་ཅིན་ཧུའུ་ཡན་སྡེ་བའི་ཧོང་ཀྲོང་ཝང་དབྱིན་དབྱི་ཚང་འདེབས་འཛུགས་གསོ་སྤེལ་ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་བ་ཁྲེན་ཧྲེང་ཚང་གིས་དེ་སྐད་ཟེར།

ཧོང་ཀྲོང་ཆུས་ཀྱིས་རྒྱལ་ཁབ་དེང་རབས་ཅན་ཞིང་ལས་ཐོན་ལས་གླིང་འཛུགས་སྐྲུན་གོ་སྐབས་སུ་བཟུང་སྟེ། སྔོ་ཚལ་འདེབས་འཛུགས་དེ་ཞིང་ལས་ཐོན་སྐྱེད་འཕར་སྣོན་དང་། ཞིང་བའི་ཡོང་འབབ་འཕར་སྣོན་གྱི་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་གོང་ཧོ་གྲོང་རྡལ་ཅིན་ཧྲན་གྱི་ས་མུའུ་ཁྲི་ཡི་ཞིང་སར་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་དང་། ཞི་ན་ཁྲུན་ཁྲུན་ཧྲུའེ་ཡི་ས་མུའུ་ཁྲི་ཡི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི་བཅས་བསྐྲུན།

ཧོང་ཀྲོང་ཆུས་སུ་ད་ལྟ་སྔོ་ཚལ་ས་མུའུ་ཁྲི་ཅན་གྱི་རྟེན་གཞི2དང་། ས་མུའུ་སྟོང་ཅན་གྱི་སྔོ་ཚལ་རྟེན་གཞི11། ས་མུའུ་བརྒྱ་ཅན་གྱི་སྔོ་ཚལ་ཐོན་སྐྱེད་རྟེན་གཞི60བསྐྲུན་ཡོད།  ད་ལོར་ཧོང་ཀྲོང་ཆུས་ཀྱི་མཐོ་སྒང་སྔོ་ཚལ་འདེབས་འཛུགས་ཀྱི་རྒྱ་ཁྱོན་ས་མུའུ་ཁྲི8གཏན་འཇགས་བྱས་པར་སྔོན་དཔག་བྱས་ན་ཏུན་ཁྲི18ཐོན་སྐྱེད་བྱ་ཐུབ་ལ།  ས་གནས་མང་ཚོགས་ཀྱི་སྔོ་ཚལ་གྱི་སླེ་བོ་ཕུན་སུམ་ཚོགས་པར་བཏང་བ་མ་ཟད། རྒྱལ་ཡོངས་ཀྱི་ས་གནས་ཁག་གི་སྔོ་ཚལ་ཁྲོམ་ར་རྒྱ་སྐྱེད་ཡོད་ཅེས་ཧོང་ཀྲོང་ཆུས་སྔོ་ཚལ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་པ་སན་ཅེ་ཡིས་དེ་ལྟར་ངོ་སྤྲོད་བྱས་བྱུང་། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།