2023ལོའི་མཚོ་སྔོན་ཞིང་ཆེན་གྱི་ཆུའི་ཐོན་ཁུངས་སྐོར་གྱི་སྤྱི་བསྒྲགས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

      མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཆུ་བེད་ཐིང་ནས་ཤེས་གསལ་ལྟར་ན། ཉེ་ལམ་རང་ཞིང་གིས《2023ལོའི་མཚོ་སྔོན་ཞིང་ཆེན་གྱི་ཆུའི་ཐོན་ཁུངས་ཀྱི་སྤྱི་བསྒྲགས》དངོས་སུ་སྤེལ་ཞིང་། སྤྱི་བསྒྲགས་ནང་2023ལོར་ཞིང་ཆེན་ཡོངས་ཀྱི་ཆར་ཆུ་འབབ་ཚད་དང་ཆུའི་ཐོན་ཁུངས།  ས་ཁོངས་ཕྱིར་འབབ་པའི་ཆུ་འབོར་བཅས་ལོ་དུ་མའི་ཆ་སྙོམས་ཆུ་ཚད་ལས་མང་བ་རེད། དེ་ལས་ཆུ་མཛོད་ཆེ་འབྲིང་དང་། མཚོ་སྐྱ་རེངས་དང་སྔོ་རེངས་ཀྱི་ཆུའི་བསགས་འབོར་ཇེ་མང་དུ་ཕྱིན་ཡོད་པ་དང་། མཚོ་སྔོན་པོའི་ཆུའི་བསགས་འབོར་བལྟས་འཇོག་གིས་བརྟན་པོ་ཡིན་པ།  ཞིང་ཆེན་ཡོངས་ཀྱི་ཆུ་འདོན་སྤྱོད་ཀྱི་གྲུབ་སྟངས་སྔར་ལས་ཇེ་ལེགས་སུ་ཕྱིན་ནས་ཞིང་ཆུ་འདྲེན་པའི་ཕན་འབྲས་ཇེ་ལེགས་སུ་ཕྱིན་ཡོད་པ་བསྟན།

2023ལོར་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཀྱི་ཆར་ཆུ་འབབ་ཚད་ཧའོ་སྨི370.5ཡིན་ཞིང་། དེ་ཆུ་འབོར་ལ་བཅག་ན་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2581.2ཡིན་པ་དང་། ལོ་དུ་མའི་ཆ་སྙོམས་གྲངས་ཐང་ལས17.1%མང་བས།  ཆར་ཆུ་ཅུང་རྒྱས་པའི་ལོ་ཞིག་རེད།  ཞིང་ཆེན་ཡོངས་ཀྱི་ཆུའི་ཐོན་ཁུངས་ཀྱི་སྤྱི་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར855.38ཡིན་པ་དང་། དེ་ནི་ལོ་དུ་མའི་ཆ་སྙོམས་གྲངས་ཐང་ལས32.9%འཕེལ། དེ་ལས་ས་ངོས་ཆུའི་ཐོན་ཁུངས་ཀྱི་ཆུ་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར837.94ལ་བསླེབས་ཡོད་པ་དང་། ས་འོག་ཆུའི་ཐོན་ཁུངས་ཀྱི་ཆུ་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར361.65ཟིན།  ས་འོག་ཆུ་དང་ས་ངོས་ཆུའི་ཐོན་ཁུངས་གཉིས་ཀ་མ་ཡིན་པའི་ཆུའི་བསགས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར17.44རེད།   ཞིང་ཆེན་ཡོངས་ཀྱི་ས་ངོས་ཆུ་རང་ཞིང་གི་ཁུངས་སུ་འབབ་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར75.42ཡིན་པ་དང་། དེ་ནི་ལོའི་ཆ་སྙོམས་ལས12.6%ཉུང་དུ་ཕྱིན་ཡོད། ས་ཁོངས་ཕྱིར་འབབ་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར732.40ལ་བསླེབས་པ་དང་། དེ་ནི་ལོ་དུ་མའི་ཆ་སྙོམས་ལས21.9%འཕེལ་ཡོད་དོ། །

ཞིང་ཆེན་ཡོངས་ཀྱི་ཆུ་མཛོད་ཆེ་འབྲིང་གི་ཆུ་བསགས་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར281.40ལ་བསླེབས་ཡོད་ཅིང་། དེ་ནི་ལོ་མགོ་དང་བསྡུར་ན་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར34.50ཡར་རྒྱས།  2023ལོར་མཚོ་སྐྱ་རེངས་ཀྱི་ལོའི་ཆ་སྙོམས་ཀྱི་ཆུ་གནས་སྨི4294.98ན་ཡོད་ཅིང་། དེ་ནི་ལོ་སྔོན་མའི་ལོའི་ཆ་སྙོམས་ཀྱི་ཆུ་གནས་དང་བསྡུར་ན་སྨི0.29ཡར་རྒྱས་ཡོད་པ་དང་།  ལོ་མཇུག་གི་ཆུའི་བསགས་ཚད་ལོ་མགོ་དང་བསྡུར་ན་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར1.74ཡར་རྒྱས་ཡོད་པ་རེད། 2023ལོར་མཚོ་སྔོ་རེངས་ཀྱི་ལོའི་ཆ་སྙོམས་ཀྱི་ཆུ་གནས་སྨི་རྒྱ་དཔངས་གྲུ་བཞི་མ4270.36ན་ཡོད་ཅིང་།  དེ་ནི་ལོ་སྔོན་མའི་ཆ་སྙོམས་ཆུ་གནས་དང་བསྡུར་ན་སྨི0.39ཡར་རྒྱས་ཡོད། ལོ་མཇུག་གི་ཆུ་བསགས་ཚད་དེ་ལོ་མགོ་དང་བསྡུར་ན་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར1.80ཡར་རྒྱས་ཡོད། 

2023ལོར་མཚོ་སྔོན་པོའི་ལོའི་ཆ་སྙོམས་ཀྱི་ཆུ་གནས་སྨི3196.60ན་ཡོད་ཅིང་། དེ་ནི་ལོ་སྔོན་དང་བསྡུར་ན་སྨི0.03ཡར་རྒྱས་འདུག  ལོའི་ཆ་སྙོམས་ཀྱི་ཆུ་གནས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4533.6ཡོད་ཅིང་། དེ་ནི་ལོ་སྔོན་མའི་ཆ་སྙོམས་ཆུ་གནས་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1.8བསྐྱེད་ཡོད་དོ། ། 

རྩོམ་སྒྲིག་པ། ཁོན་ཐར་འཚོ།