ཀྲུའུ་ཞི་ཞི་ཅིན་ཕིང་གི་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་སྤེལ་ནས་ལོ70འཁོར་བའི་དྲན་གསོའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་ལ་ཚུར་སྣང་ཆེན་པོ་བྱུང་།

ཡོང་ཁུངས། རྒྱང་སྒྲོག་བརྙན་འཕྲིན་ཁང་།

ཟླ6པའི་ཚེས28ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་སྤེལ་ནས་ལོ70འཁོར་བའི་དྲན་གསོའི་ཚོགས་ཆེན་ལ་ཞུགས་པར་མ་ཟད། 《ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་དར་སྤེལ་གཏོང་བ་དང་ལག་རྡང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་དགོས》ཞེས་པ་བརྗོད་དོན་དུ་བཟུང་ནས་གསུང་བཤད་གལ་ཆེན་གནང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་དགོངས་དོན་གྱི་ནང་དོན་དང་དུས་རབས་ཀྱི་རིན་ཐང་ཕྱོགས་ཡོངས་ནས་འགྲེལ་བཤད་བརྒྱབ་པ་དང་། འཛམ་གླིང་གི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་ཁྲོད་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་མདུན་སྐྱོད་ཁ་ཕྱོགས་གསལ་སྟོན་གནང་ལ། “གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ”ཀྱིས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་གཏོད་བྱེད་པའི་དུས་རབས་ཀྱི་འབོད་སྐད་བསྒྲགས།  ཚོགས་འདུར་ཞུགས་མཁན་རྒྱལ་ཁབ་ཕྱི་ནང་གི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་ལོ་རྒྱུས་ལ་བསམ་གཞིག་གཏིང་ཟབ་དང་། དོན་དངོས་ལ་དབྱེ་ཞིབ་གཏིང་ཟབ་བྱེད་པ། མ་འོངས་པར་ཡུན་རིང་འཆར་འགོད་བཅས་བྱས་ཡོད་པས། རྒྱལ་ཁབ་ཁག་གིས་སེམས་ཤུགས་གཅིག་སྒྲིལ་བྱས་ནས་སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་རྒྱུར་སྐུལ་འདེད་གཏོང་བར་ཤུགས་རྐྱེན་གལ་ཆེན་དང་གཏིང་ཟབ་ཐེབས་ངེས་རེད་ཟེར། 

ཀྲུའུ་ཞི་ཞི་ཅིན་ཕིང་གིས་བསྟན་དོན། ལོ70ཡི་རིང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ནི་དུས་དང་བར་སྟོང་ལས་བརྒལ་བ་དང་། འགལ་རྐྱེན་ལས་བརྒལ་བ། དུས་ཡུན་རིང་པོར་སྔར་ལས་བབ་བསྟུན་དང་ཡུན་རིང་བོར་མི་འདང་ཁ་གསབ་བྱས་པ་དང་། སྒོ་འབྱེད་དཀྱེལ་ཡངས་དང་ཡོངས་ཁྱབ་ཏུ་སྤྱོད་གོ་ཆོད་པའི་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་གཞི་རྩའི་རྩ་དོན་དུ་གྱུར་ནས་མིའི་རིགས་ཡར་ཐོན་བྱ་གཞག་ལ་བསུབ་ཐབས་མེད་པའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ཕུལ་ཡོད།

ཚོགས་ཞུགས་མི་སྣས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེས་འཛམ་གླིང་རྒྱལ་ཁབ་ཁག་གིས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་ལོ་རྒྱུས་ཀྱི་བློ་གྲོས་བསྡུ་ལེན་བྱེད་པ་དང་། དེང་སྐབས་འཛམ་གླིང་གི་དཀའ་གནད་དང་འགྲན་སློང་ཐག་གཅོད་བྱེད་པའི་ཐུན་མོང་གི་ངོས་འཛིན་དང་མཉམ་ཤུགས་གཅིག་སྡུད་བྱ་རྒྱུར་གལ་འགངས་ཤིན་ཏུ་ཆེ་བ་དང་གཏིང་ཟབ་པའི་དོན་སྙིང་ལྡན་ཡོད།

ལོ་རྒྱུས་ཀྱི་བརྒྱུད་སྤྲོད་གཅིག་རྗེས་གཉིས་མཐུད་ཀྱིས་མདུན་ཕྱོགས་སུ་རྒྱུག་བཞིན་ཡོད། དེང་གི་ལོ་རྒྱུས་ཀྱི་ཁ་ཕྱོགས་དཀྱོགས་མཚམས་ཀྱི་གནད་འགག་གི་དུས་འདིར“འཛམ་གླིང་གང་འདྲ་ཞིག་འཛུགས་སྐྲུན་བྱེད་པ་དང་འཛམ་གླིང་འདི་ཇི་ལྟར་འཛུགས་སྐྲུན་བྱེད་དགོས”ཞེས་པའི་དུས་རབས་ཀྱི་དྲི་བ་ལ་འཕྲད་དུས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཨ་ལན་བྱིན་པ་སྟེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་དང་འབྲེལ་ནས་བསྟན་དོན། བདག་དབང་འདྲ་མཉམ་གྱི་རྩ་དོན་རྒྱུན་འཁྱོངས་བྱ་དགོས། ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ཞི་བདེ་བདེ་འཇགས་ཀྱི་འདུན་པ་མངོན་འགྱུར་བྱ་དགོས། མཉམ་དུ་དར་རྒྱས་ཡོང་བའི་སྒུལ་ཤུགས་གཅིག་སྡུད་བྱ་དགོས། འདྲ་མཉམ་དྲང་བདེན་གྱི་འདུ་ཤེས་འཛིན་དགོས། སྒོ་འབྱེད་དཀྱེལ་ཡངས་ཀྱི་བློ་རྒྱ་མངོན་དགོས་ཞེས་གསུངས།

ཚོགས་ཞུགས་སྐུ་མགྲོན་གྱིས་བལྟས་ན་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་ལས་དབང་མཉམ་འདྲེས་དང་སྐྱིད་སྡུག་མཉམ་མྱོང་གི་ཕྱི་རོལ་ཡུལ་གྱི་དོན་དངོས་ལ་གཞི་ཚུགས་ནས་ཀྲུང་གོའི་འདོད་ཚུལ་རབ་དང་རིམ་པ་བཏོན་པ་དེའི་སྟེང་ནས་མིའི་རིགས་ཀྱི་མདུན་ལམ་དང་ལས་དབང་ལ་བསམ་གཞིག་གཏིང་ཟབ་བྱས་པ་མཚོན་ཡོད། དེ་ནི་གནས་བབ་གསར་པའི་འོག་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་འཕེལ་རྒྱས་དང་། གསར་གཏོད། མཐོར་འདེགས་བྱས་པ་ཞིག་ཡིན་པར་འདོད།

འཛམ་གླིང་ཧྲིལ་པོའི་འཕེལ་རྒྱས་ལ་གཞི་ཚུགས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་ནང“གོ་ལ་ཧྲིལ་པོའི་ལྷོ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ”སྔར་ལས་སྒོ་འབྱེད་དཀྱེད་ཡངས་ཀྱི་རྣམ་པར་བརྟེན་ནས་ལག་གདང་སྦྲེལ་ཏེ་མཉམ་དུ་མདུན་སྐྱོད་བྱ་རྒྱུའི་གྲོས་འགོ་བཏོན་པ་དང་། ཀྲུང་གོ་ཕྱོགས་ཀྱིས“གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ”ཀྱི་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པའི་བྱེད་ཐབས་བརྒྱད་ཁྱབ་བསྒྲགས་བྱས་པ་དེ་ཤེས་ལྡན་མི་སྣ་གསོ་སྦྱོང་དང་། ན་གཞོན་བརྗེ་རེས། དཔལ་འབྱོར་འཕེལ་རྒྱས་སོགས་ཁྱབ་ཁོངས་མང་པོ་དང་འབྲེལ་བ་ཡོད་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཚང་མ་དང་སྐྱིད་སྡུག་མཉམ་མྱོང་བྱེད་པ་དང་། “གོ་ལ་ཧྲིལ་པོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ”འཕེལ་རྒྱས་དང་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འདིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བ་དང་། སྔར་ལས་དོ་སྙོམས་ཀྱི་སྣེ་མང་འཛམ་གླིང་ཞིག་འཛུགས་པར་ཕན་ཐོགས་ཡོད་པར་འདོད།

ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དར་སྤེལ་གཏོང་བ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པ་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ། གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་འགོ་དོན་འཁྱོལ་བྱེད་པའི་བར་ཀྲུང་གོས་བྱ་སྤྱོད་དངོས་ལ་བརྟེན་ནས་རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ཏེ་གོ་ལ་ཧྲིལ་པོའི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་བ་དང་། མིའི་རིགས་སྤྱི་ཚོགས་ཀྱི་སྔར་ལས་མཛེས་སྡུག་ལྡན་པའི་མ་འོངས་པ་མཉམ་དུ་གཏོད་བཞིན་ཡོད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།